བསམ་བློའི་འགག་སྒོ་ཕྱེ་ནས་གྲོང་སྡེ་དར་རྒྱས་གཏང་རྒྱུའི་ཐོག་སེམས་ཤུགས་བསྒྲིམས།
རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 06-04
སློབ་སྦྱོང་བྱས་ནས་གྲོང་མིར་སྐུལ་ལྕག་ཐེབས་སུ་བཅུག
སྤྱི་ཟླ5པའི་ཟླ་དཀྱིལ་དུ་ལི་ཐང་རྫོང་འཇའ་བ་གྲོང་རྡལ་མཁའ་ཉམས་གྲོང་སྡེའི་ས་ཞིང་མུའུ300ལྷག་གི་ནང་ཞོག་ཁོག་བཏབ་ཡོད་པ་རེད།
མཁའ་ཉམས་གྲོང་སྡེ་ནི་ད་ལོར་དབུལ་ཐར་བྱས་པ་ཡིན་ཞིང་། སྤྱི་ཟླ3པའི་ཟླ་སྟོད་དུ་གྲོང་རྡལ་དེས་གྲོང་མི་སྒྲིག་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་ཕེབས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་མཐར། གྲོང་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་པ་དང་ཁྱད་པར་དུ་གྲོང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་པ་ཡིས་ཚང་མར་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་པ་རེད།
སློབ་སྦྱོང་མཇུག་སྒྲིལ་མ་ཐག་གྲོང་མི་ཚོས་ཅི་འདྲ་བྱས་ནས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་སྐོར་ལ་གྲོས་བསྡུར་བྱས་པ་རེད། མཐར་མཇུག་ཚང་མའི་བསམ་འཆར་འཚོལ་བསྡུ་བྱས་པར་བརྒྱུད་སྔོ་ཚལ་འདེབས་འཛུགས་འཕེལ་རྒྱས་གཏང་རྒྱུའི་ཐག་གཅོད་བྱས། གྲོང་མི་ཚོས་སྔ་རྗེས་སུ་ཉེ་འདབ་ཀྱི་མ་སྐྱེས་ཨ་མའི་ཞིང་གྲོང་ལྡུམ་ར་དང་ལྕགས་མདའ་གྲོང་སྡེར་སོང་ནས་སྔོ་ཚལ་འདེབས་འཛུགས་བྱེད་སྟངས་དང་ཕྱིར་ཚོང་བྱེད་སྟངས། གློག་རྡུལ་ཚོང་དོན་བྱེད་སྟངས་སྐོར་ལ་ལྟ་ཞིབ་བྱས་མཐར་སེམས་ནང་གི་འགག་སྒོ་ཕྱེ་ནས་རང་ཉིད་ལའང་ཐོན་ལས་འཕེལ་རྒྱས་བཏང་ནས་ཡོང་འབབ་འཕར་སྣོན་གཏང་རྒྱུའི་རེ་འདུན་འཆང་པ་རེད།
གྲོང་སྡེའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་བློས་སྔོན་ཆད་ང་ཚོས་ཐོན་ལས་འཕེལ་རྒྱས་གཏང་དགོས་བསམ་མྱོང་མོད། འོན་ཀྱང་གྲོང་མི་ཚོའི་བསམ་འཆར་མི་གཅིག་ནས་ཐོན་ལས་འཕེལ་རྒྱས་གཏང་རྒྱུ་གྲུབ་མ་སོང་། ད་ཐེངས་ང་ཚོས་སྙིང་དོན་སློབ་སྦྱོང་དང་གྲོས་བསྡུར་བྱས་པ་དང་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་བཅས་བྱས་མཐར་གྲོང་མིའི་ཧུར་བརྩོན་རང་བཞིན་མཐོ་རུ་བཏང་ཡོད་ལ་ལས་དོན་ཡང་བདེ་བླག་ངང་སྐུལ་འདེད་གཏོང་ཐུབ་སོང་ཞེས་བཤད་པ་རེད།
མཉམ་ལས་ཁང་བཙུགས་ནས་དཔུང་སྒྲིལ་ནུས་པ་མཐོ་རུ་བཏང་བ།
སི་ཁྲོན་དགེ་འོས་སློབ་ཆེན་གྱིས་ཁ་གཏད་རོགས་སྐྱོར་འོག་མཉམ་ལས་ཁང་གིས་ས་ཞིང་མུའུ་རེར་བོགས་གླ་སྒོར600རེ་བྱས་ཏེ་ཞིང་མུའུ186གི་ནང་སི་ཁྲོན་དགེ་འོས་སློབ་ཆེན་གྱིས་སྐྱེ་ཁམས་ཞིང་ར་བཙུགས་པར་མ་ཟད། སི་ཁྲོན་དགེ་འོས་སློབ་ཆེན་གྱིས་ཚད་ལྡན་ཅན་གྱི་ལྕགས་དྲ་སྨི2800བསྐོར་ཡོད་པ་དང་ཆབས་ཅིག ལྕགས་དྲའི་གྲོན་དངུལ་ནི་སི་ཁྲོན་དགེ་འོས་སློབ་ཆེན་གྱིས་དུས་རིམ3དུ་བགོས་ནས་ཕྱིར་བསྡུ་རྒྱུ་ཡིན་པ་རེད། ཐོན་སྐྱེད་བྱས་པའི་ཞིང་ལས་ཐོན་རྫས་ནི་སི་ཁྲོན་དགེ་འོས་སློབ་ཆེན་གྱིས་ཚོང་རའི་རིན་གོང་ལས་འོས་འཚམ་མཐོན་པོ་བྱས་ཏེ་ཉོ་སྒྲུག་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག དབུལ་ཕོངས་མང་ཚོགས་ཞིང་རའི་ནང་ཞུགས་པར་སྐུལ་མ་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་གཏོང་རོགས་བྱས་པ་རེད།
ཚོད་རྩིས་བྱས་པར་གཞིགས་ན། མཉམ་ལས་ཁང་བཙུགས་རྗེས་མཁའ་ཉམས་གྲོང་སྡེའི་མང་ཚོགས་མི་རེར་ཡོང་འབབ་སྒོར300ཡས་མས་འཕར་ཐུབ་པས་གྲོང་སྡེ་ཡོངས་ཀྱི་གྲོང་མི577ལ་ཕན་ཐོགས་པ་རེད།
དབུལ་ཐར་འབྱོར་འབྲིང་དུ་བསྐྱོད་རྒྱུ་ནི་ཆུ་ནང་གི་ཟླ་བ་ལྟ་བུ་མིན།
ཐུན་མོང་དཔལ་འབྱོར་ཐད་ལ་བསམ་གཞིག་ཡག་པོ་བྱས་ཏེ་གྲོང་མི་ཚོའི་ཐུན་མོང་དཔལ་འབྱོར་དར་སྤེལ་བཏང་བ་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོང་ཅིང་། སྤྱི་གཉེར་ཁང་དང་མཉམ་ལས་ཁང་། ཏང་ཀྲི་པུའུ། ཞིང་དུད་བཅས་སྦྲེལ་བའི་བྱེད་ཐབས་སྤྱད་དེ་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཡོད། ནུས་ཤུགས་གང་ཡོད་ཀྱིས་དེང་རབས་ཞིང་ལས་ཐོན་སྐྱེད་ཀྱི་རྟེན་གཞི་བཙུགས་ནས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་གྲོང་མིའི་ལས་ཞུགས་ཐག་གཅོད་བྱས་པ། གྲོང་སྡེའི་ཐུན་མོང་ཡོང་འབབ་འཕར་སྣོན་བཅས་བཏང་ནས་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་གསར་པ་ཞིག་ཆགས་ཐུབ་ཡོད་པ་རེད།
དམངས་འཚོའི་ལས་གྲྭའི་ཐད་ལ་ཤུགས་བརྒྱབ་ནས་གྲོང་སྡེའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་པ་དང་གྲོང་སྡེའི་ཆ་ཚང་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་རྒྱུན་ཆད་མེད་པར་མིའི་འཚོ་གནས་ཁོར་ཡུག་ལེགས་བཅོས་བྱས་ཡོད་ཅིང་། དམངས་ཡོངས་འགན་བཅོལ་ནང་ཞུགས་པར་དམ་འཛིན་ཏན་ཏིག་བྱས་ནས་མ་མཐའི་འཚོ་བའི་འགན་ལེན་དང་འགན་ལེན་ལྔ། སྨན་བཅོས་རོགས་སྐྱོར། དབང་པོ་སྐྱོན་ཅན་གྱི་རོགས་སྐྱོར་སོགས་དམངས་ཕན་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱས་པ་རེད།
དབུལ་ཐར་འགག་སྒྲོལ་གྱི་ལས་དོན་ཡག་པོར་བསྒྲུབས་ཡོད་ཅིང་། ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་དུད་ཚང་གི་ཆ་འཕྲིན་འཚོལ་བསྡུ་དང་རིམ་བྱུང་གནས་ཚུལ་ལེགས་སྒྲིག་བྱས་ནས་ལས་བགོས་སྐུལ་སྤེལ་དང་དབུལ་སྐྱོར་གནད་སྨིན། ཐོན་ལས་དབུལ་སྐྱོར། ལས་ཞུགས་དབུལ་སྐྱོར། རིག་སྟོབས་དབུལ་སྐྱོར།རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་དབུལ་སྐྱོར་སོགས་ལས་གྲྭ་ཆེན་པོ་བཅུའི་དབུལ་སྐྱོར་སྲིད་ཇུས་ལག་བསྟར་བྱས་ཡོད་པ་རེད།།