༄༅།། ནད་བྱུང་བ་དེ་ཡུལ་སྐོར་ཐེངས་ཤིག་གི་ཚད་དུ་འཇོག་དགོས།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 06-04
འབྲས་སྐྲན་བྱུང་བའི་ནད་པ་ཞིག་སྨན་ཁང་དུ་བསྐྱར་ཞིབ་བྱེད་དུ་སོང་བ་ན།སྨན་པས་ཁོ་ལ“ནད་པ་གང་དུ་ཡོད”ཅེས་དྲིས།ཁོས་དགོད་ཞོར“ང་ཡིན”ཞེས་བཤད་པ་ན།སྨན་པ་ཡ་མཚར་བའི་སྒོ་ནས“ཅི་ལ་སྲིད།ཁྱོད་ལ་བལྟས་ན་ནད་པ་ཞིག་དང་མི་འདྲ”ཟེར། ཁོ་ནི་བཟོ་འགོད་ཨར་ལས་ཀྱི་འགན་ལེན་ལས་དཔོན་ཞིག་ཡིན་ལ།འབྲས་སྐྲན་བྱུང་ཡོད་པ་ཤེས་རྗེས་སྨན་ཁང་ནས་གཟའ་འཁོར་གཅིག་ལ་སྨན་བཅོས་བྱས་རྗེས།ལས་གྲོགས་རྣམས་ཁྲིད་དེ་ལས་ཡུལ་དུ་སོང་བ་དང་།ཡར་རྒྱུགས་མར་རྒྱུགས་བྱས་ཏེ་འཚུབ་མ་འཁོར་འཁོར་བྱེད་ཀྱིན་འདུག ལས་གྲོགས་ཚོས་ཁོར་ལུས་པོར་བདག་སྐྱོང་བྱེད་དགོས་པའི་ཁ་བརྡ་བྱེད་སྐབས།ཁོས་རྒྱུན་དུ“འབྲས་སྐྲན་ནི་ཆུང་བརྙས་ཆེར་སྐྲག་བྱེད་མཁན་ཞིག་ཡིན་པས།ཁྱོད་རང་ཁོ་ལ་ཇི་ལྟར་སྐྲག་ན།ཁོས་ཁྱོད་ལ་དེ་ལྟར་མནར་གཅོད་གཏོང་ངེས་རེད།དེ་བས་ཁྱོད་ཀྱིས་དེ་ཉིད་ཡུལ་སྐོར་ཐེངས་ཤིག་གི་ཚད་དུ་བཟུང་ནས་ལྗོངས་ཁུལ་གྱི་མཛེས་པ་ཉམས་སུ་མྱངས་ན་འགྲིག”ཟེར།
ནད་བྱུང་བ་དེ་ནི་དངོས་གནས་མི་ཚེའི་བཤུལ་ལམ་རིང་མོའི་ནང་གི་བར་ཆད་ཅིག་ཡིན་པས།གལ་ཏེ་ཁྱོད་རང་དེ་ལ་སྐྲག་པ་དང་སེམས་སྡུག་པ།རེ་ཐག་ཆད་པ་བཅས་བྱས་ན་ནད་གཞི་དྲག་སྐྱེད་འབྱུང་བར་མི་ཕན།ང་ཚོས་དེ་ཉིད་ཡུལ་སྐོར་ཐེངས་ཤིག་གི་ཚད་དུ་འཇོག་དགོས།གལ་ཏེ་མི་ཚེའི་གར་སྟེགས་དང་རིང་དུ་འབྲལ་དགོས་པ་བྱུང་ནའང་།ང་ཚོས་དེ་ནི་མི་ཚེའི་ཡུལ་སྐོར་དེའི་ཆེས་མཇུག་མཐའི་རྒྱང་སྐྱོད་ཙམ་ལ་བརྩིས་ནས། ཡིད་འོང་གི་ཉམས་འགྱུར་གྱིས་མི་ཚེ་ལ་རྫོགས་ཚིག་ཡག་པོ་ཞིག་བྲིས་ན་འགྲིག་གོ །