"ཨ་ཅག་གིས་སྒྲུང་བཤད་པ"ཞེས་པ་གྲོང་ཚོའི་བཅའ་སྡོད་གནས་སུ་བསྐྱོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-06


      ཟླ་6ཚེས་3ཉིན། བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་བལྟ་གཟིགས་ཁང་ལས་བཟོ་པས་ཚན་པ་དེའི་གྲོང་ཚོར་བཅའ་སྡོད་ས་ཚིགས་ཏེ་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་རེ་ས་ཤང་བྲག་འོག་གྲོང་ཚོ་བསྐྱོད་དེ། སྐབས་ང་བཞི་པའི“ཨ་ཅག་གིས་སྒྲུང་བཤད་པ”ཞེས་པའི་བྱེད་སྒོ་སྤེལ་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4550ཟིན་པའི་བྲག་འོག་གྲོང་ཚོར་སློབ་གྲྭར་བསྐྱོད་པའི་ལོ་ཚོད་ལ་སླེབས་མེད་པའི་ལོ་4ནས་6བར་གྱི་བྱིས་པ་43ཡོད་པ་དང་། དཔལ་འབྱོར་དང་འགྲིམ་འགྲུལ་སོགས་ཆ་རྐྱེན་ཅུང་ཞན་པས་དམིགས་སྔར་ད་དུང་བུ་བཅོལ་ཁང་ཡང་མེད་ཅིང་། གནས་འདི་ཡི་ཆ་འཕྲིན་གཙོ་བོ་བརྙན་འཕྲིན་སྤྱད་ནས་ཁྱབ་སྤེལ་ཡོང་བས། ལོ་ཆུང་བྱིས་པས་དུས་རྒྱུན་སློབ་གསེང་ཀློག་དེབ་ལྟ་ཀློག་ཉུང་ཉུང་ཡིན་པར་བརྟེན། བོད་ལྗོངས་དཔེ་མཛོད་ཁང་གི་ཨ་ཅག་ཚོས་ཕྲུ་གུ་ཚོར་སྒྲུང་བཤད་པ་དང་། དཔེ་ཆ་དང་སློབ་སྦྱོང་ཡོ་བྱད་ལེགས་སྐྱེས་སུ་ཕུལ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1