དཀར་མཛེས་ཀྱི་རྒྱལ་ཁྲལ་ཁོངས་གཏོགས་སུ“ཡུལ་དངོས་ལ་ཡོང་མི་དགོས་པར”དཔྱ་ཁྲལ་འཇལ་བའི་བསྡུར་ཚད་ལྡབ་འཕར་བྱུང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-12



      སི་ཁྲོན་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཟླ་1པོ་ནས་4པ་བར། དཀར་མཛེས་ཀྲོའུ་རྒྱལ་ཁྲལ་ཁོངས་གཏོགས་སུ“ཡུལ་དངོས་ལ་ཡོང་མི་དགོས་པར”དཔྱ་ཁྲལ་འཇལ་བའི་བསྡུར་ཚད་53.12%ཟིན་པ་དེ་2017ལོའི་ལོ་མཇུག་གི་22.14%ཡི་ལྡབ་2.39ཡིན་པས་ཁྲལ་བསྡུའི་མ་གནས་ཆེས་ཆེར་ཆག་ཡོད་པ་རེད།
      ཁུལ་དེའི་གནས་ཚུལ་ལ་གཞི་བཙུགས་ཏེ། “ཡུལ་དངོས་ལ་ཡོང་མི་དགོས་པའི”ཁྲལ་འཇལ་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་ཞིང་། དཀར་མཛེས་ཁུལ་རྒྱལ་ཁྲལ་ཅུས་ཀྱིས་ཀྲོའུ་དེ་ཡོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་15.3ཟིན་པ་དང་ཁྲལ་བསྡུའི་ཞབས་ཞུའི“ཁེབས་ཁྱོན”ལྷག་པར་ཆེ་བས་རྫོང(གྲོང་ཁྱེར)18ཀྱི་ཤང(གྲོང་རྡལ)325ཡོད་པས་ཁྲལ་བསྡུའི་ཞབས་ཞུ“བྱ་ཡུལ”ཧ་ཅང་མང་བའི་ཁར་ཐག་རིང་གི་ཤང(གྲོང་རྡལ)ནས་རྫོང་མཁར་བར་སྤྱི་ལེ་200ལྷག་ཆོད་པ་དང་། ཁྲལ་བསྡུའི་ཞབས་ཞུའི“ལམ་ཐག”རིང་བའི་དོན་དངོས་ལ་གཞིགས་ནས“དྲ་ཐོག་ནས་ཁྲལ་འཇལ་རྒྱུ་གཙོ་བོ་དང་རང་འགུལ་འཕྲུལ་འཁོར་གྱིས་ཁྲལ་འཇལ་རྒྱུ་རམ་འདེགས་སུ་བྱས་ནས་དངོས་ཚན་གྱིས་ཁྲལ་འཇལ་འགྲོ་ལུགས་གཉེར་རྒྱུ་མཐའ་འཁྱོངས་ཡོང་བ་བྱེད་པའི”ཁྲལ་འཇལ་ཞབས་ཞུ་བྱེད་སྟངས་ཤིག་ཧུར་ཐག་ཆགས་པ་བྱས་ཤིང་། ཟླ་4པའི་ཟླ་མཇུག་བར་ཁྲལ་འཇལ་མཁན་གྱིས་དྲ་ཐོག་ནས་ཁྲལ་འཇལ་བ་མི་ཐེངས་ཁྲི་15ཟིན་ཏེ་དུས་མཚུངས་ལས་ལྡབ་གསུམ་མང་དུ་སོང་བ་དང་། རང་འགུལ་ཁྲལ་འཇལ་སྒྲིག་ཆས་18ཉོས་ནས་བསྡོམས་ཁྲལ་འཇལ་སྒྲིག་ཆས་36ཟིན་པ་དང་རང་འགུལ་ཁྲལ་འཇལ་འཕྲུལ་འཁོར་གྱི་ལས་སྒོ་གཉེར་མཁན་ཁྲི་3.56ཟིན་པ། སྦྲག་ལས་དྲ་ཚིགས་བརྒྱུད་ལས་སྒོ་གཉེར་མཁན་8499ཟིན་པ། ཞབས་ཞུའི་ཐད་སྦྲེལ་ཁ་པར་12366བརྒྱུད་བློ་འདྲི་3006དང་ལེན་བྱས་པས་འཕར་ཚད་110.80%ཟིན་པ་བཅས“ཡུལ་དངོས་ལ་ཡོང་མི་དགོས་པར”ཁྲལ་འཇལ་འགྲོ་ལུགས་གཉེར་རྒྱུ་དེ་ཁྲལ་འཇལ་འདུན་ཞུ་དང་། འཛིན་ཡིག་ཚབ་འབྲི། འཛིན་ཡིག་ངོ་མ་ཞིབ་བཤེར། འཛིན་ཡིག་ལེན་པ། རྩིས་པའི་ལམ་ལུགས། དངུལ་ཁང་གི་ཆ་འཕྲིན་ཐོ་འགོད་སོགས་ཀྱི་ལས་སྒོ་ཁྱོན་ཡོངས་ལ་ཁྱབ་པས། ཁྲལ་འཇལ་བ་སྔར་ལས་མང་བས“ཁྱིམ་ནས་དོན་མི་དགོས་པ”དང“དུས་རྟག་ཏུ”ཁྲལ་འཇལ་ལས་སྒོའི་འགྲོ་ལུགས་གཉེར་ཐུབ་པ་བྱུང་བ་མ་ཟད། ཐག་རིང་ཤང(གྲོང་རྡལ)གི་ཁྲལ་འཇལ་མཁན་གྱི་ཁྲལ་འཇལ་བར་ཉིན་གང་ཕར་རྒྱུག་ཚུར་རྒྱུག་བྱེད་པའི་དཀའ་ངལ་ཐག་གཅོད་ཏན་ཏིག་ཐུབ་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1