2018ལོའི་ཟླ་6ཚེས་9ཉིན་ནི་ཀྲུང་གོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ”ཡིན་ཞིང་། ཕོ་བྲང་པོ་ཏ་ལའི་འདབས་ཀྱི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་ནང་མི་ཚོགས་ཀྱིས་སྐད་སྒྲས་ཁེངས་ཡོད། ས་གནས་དེ་གའི་མང་ཚོགས་ཀྱི་ཡིད་དབང་འགུག་མཁན་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་མངོན་མིན་རིག་གནས་ཤུལ་བཞག་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་འཚོགས་པ་དེ་རེད། བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་དང་། ལྷ་མོ་འཁྲབ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་ནས། བོད་རིགས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པ་དང་། མི་དམངས་མང་ཚོགས་ཀྱིས་སྔར་བས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུའི་འདུ་ཤེས་མཐོ་རུ་བཏང་བ་དང་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་དར་སྤེལ་བཏང་ཡོད་པ་རེད།