དེ་རིང་སྔ་དྲོར་རྔ་བ་ཁུལ་གྱི་2018ལོའི་ཞིང་འབྲོག་མང་ཚོགས་ཀྱི་ལྒང་འཕེན་འགྲན་སྡུར་དང་ཞིན་ལང་ལུས་རྩལ་3X3ལྒང་འཕེན་འགྲན་སྡུར་གྱི་རྔ་བ་ཁུལ་འགྲན་ཁུལ་གྱི་འགྲན་སྡུར་འབར་ཁམས་གྲོང་ཁྱེར་ནས་སྤེལ་མགོ་བཟུང་། འགྲན་སྡུར་གྱི་མགོ་འཛིན་མཛད་སྒོར་ཁུལ་སྲིད་གྲོས་ཀྱི་ཀྲུུའུ་ཞི་གཞོན་པ་ཝང་མིང་ཧུའེ་དང་ཀྲུང་གོའི་རྒྱལ་ཁབ་ལྒང་འཕེན་ཚོགས་པའི་སྔོན་ཆད་ཀྱི་ཚོགས་མི་དང་ཁྲེང་ཏུའུ་ལུས་རྩལ་སློབ་གྲྭའི་སྐྱེས་པའི་ལྒང་འཕེན་རུ་ཁག་གི་དགེ་རྒན་ཀྲུའུ་ཏུང་ཝེ་སོགས་ཞུགས་ཡོད་པ་རེད། དེ་མིན་དེ་རིང་སྔ་དྲོར་རྔ་བ་ཁུལ་ལུས་རྩལ་དབུལ་བྲལ་གྱི་ཞལ་འདེབས་མཛད་སྒོ་ཡང་སྤེལ། ཁུལ་ལུས་རྩལ་ཅུས་དང་ཞིན་ལང་ལུས་རྩལ་སོགས་ཀྱིས་འབར་ཁམས་གྲོང་ཁྱེར་སློབ་ཆུང་བཞི་བར་རིན་གོང་སྒོར་ཁྲི་8ལྷག་གི་ལུས་རྩལ་མཁོ་ཆས་སྟེར་བ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ཞིང་འབྲོག་མང་ཚོགས་ཀྱི་ལུས་རྩལ་འགྲན་སྡུར་སྟེང་རྫོང་ཁག་བཅུ་གསུམ་ནས་ཡོང་བའི་འགྲན་ཞུགས་རུ་ཁག་13་དང་། 3X3ལྒང་འཕེན་འགྲན་སྡུར་ལ་འགྲན་ཞུགས་རུ་ཁག་15ཡོད་པ་རེད། ཐེངས་འདིའི་འགྲན་སྡུར་ནི་ཚེས་10ནས་ཚེས་14བར་དུ་སྤེལ་རྒྱུ་ཡིན་ལ། སྤེལ་ཡུན་ཉིན་5ཡིན །