སྤྱི་ཟླ་6 ཚེས་9 ཉིན་ནི་ད་ལོའི་རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོ་ཡིན་པས། རྣམ་པར་བཀྲ་བའི་མངོན་མིན་ཤུལ་བཞག་རིག་གནས། མཛེས་སྡུག་ལྡན་པའི་འཚོ་བ་ཞེས་བརྗོད་བྱ་གཙོ་བོར་བྱས་པའི་བོད་ཀྱི་མངོན་མིན་ཤུལ་བཞག་རིག་གནས་མུ་འབྲེལ་དྲིལ་བསྒྲགས་འགྲེམས་སྟོན་བྱེད་སྒོ་ལྷ་ས་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་སྤེལ་བ་རེད། བྱེད་སྒོ་སྤེལ་ཡུལ་དུ་དྲིལ་བསྒྲགས་དཔྱད་ཡིག་སྤྲད་པ་དང་ལྷ་མོ་འཁྲབ་སྟོན་བྱས་པ་སོགས་ཀྱི་རྣམ་པའི་ཐོག་ནས། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཉམས་བཟང་མངོན་པ་བྱས་ཏེ། གོམ་གང་མདུན་སྤོས་ངང་མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་གྱི་འདུ་ཤེས་སྔར་བས་མཐོ་རུ་བཏང་ནས། ཀྲུང་ཧྭ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་བ་རེད།