རང་ཞིང་གིས་གྲོང་གསེབ་དར་རྒྱས་སུ་གཏོང་བའི་ཁྲིད་སྤྱོང་ཁང་བཙུགས་ཏེ་གྲོང་གསེབ་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཚོལ་ཞིབ་བྱས།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-26
ཉེ་ཆར། ཞིང་ཆེན་ཞིང་ལས་ཚན་རིག་གླིང་དང་ཁྲེན་ཏུའུ་གྲོང་ཁྱེར་ཤིན་ཏུའུ་ཆུས་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་འབྲེལ་སྒོས་བཙུགས་པའི་གྲོང་གསེབ་དར་རྒྱས་སུ་གཏོང་བའི་ཁྲིད་སྤྱོང་ཁང་ལ་སྒོ་བྱང་བཀལ་ནས་དངོས་སུ་བཙུགས། ཁྲིད་སྤྱོང་ཁང་དེས་སློབ་དཔོན་དང་སློབ་མ་ཟུང་འབྲེལ་བྱེད་པའི་རྣམ་པ་ལག་བསྟར་བྱས་ནས། ཆེད་མཁས་པའི་དགེ་རྒན་གྱིས་ཞིང་ལས་གཉེར་མཁན་གྱི་སློབ་མ་3ནས་7ལ་སྣེ་ཁྲིད་དེ། གྲོང་གསེབ་དར་རྒྱས་གོང་འཕེལ་དུ་གཏོང་བའི་འཐབ་ཇུས་ལ་ཞིབ་འཇུག་བགྲོ་གླེང་དང་། ཞིང་ལས་ལག་རྩལ་སྤེལ་རེས་ཀྱི་གླེང་སྟེགས་སོགས་ཀྱི་བྱེད་སྒོ་སྤེལ་ནས། ཞིང་ཆེན་ཡོངས་སུ་འདྲ་བཤུས་དང་ཁྱབ་གདལ་གཏོང་བར་འཚམ་པའི་ཞིང་ལས་ཐད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལམ་སྲོལ་འཚོལ་ཞིབ་བྱ་རྒྱུ་རེད།