ཆ་འཕྲིན་ཞིང་དུད་དུ་སྤེལ་ནས་གྲོང་མིས་ཁྱིམ་ཚང་ནང་ནས་ནད་བསྟེན་ཐུབ་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 06-27


          སི་ཁྲོན་ཞིང་ཆེན་ཧྭ་དབྱིང་གྲོང་ཁྱེར་གྱིས“དྲ་སྦྲེལ+”དེང་རབས་ཅན་གྱི་ཞིང་ལས་འདུ་འགོད་འཕེལ་རྒྱས་བཏང་སྟེ་གྲོང་ཁྱེར་དེའི་ཞིང་ལས་ཅུས་དང་གློག་འཕྲིན་ཀུང་སི་དབར་མཉམ་ལས་བྱས་ནས་གྲོང་ཁྱེར་ཡོངས་སུ་ཞིང་ཕན་ཆ་འཕྲིན་ཁང་90བསྐྲུན་པ་དང་འབྲེལ་གཉེར་སྐྱོང་བྱས་པས་ཆ་འཕྲིན་ཞིང་དུད་དུ་སྤེལ་བའི་ཞབས་ཞུའི་དྲ་རྒྱ་དང་འཁོར་རྒྱུག་ལམ་སྲོལ་ཅུང་འཐུས་ཚང་ཞིག་ཆགས་པ་མ་ཟད། ད་དུང་ཞིང་ལས་གྲོང་གསེབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ནུས་ཆེ་རུའང་བཏང་ཡོད། སྨན་བཅོས་ནད་བརྟག་བྱེད་སྐབས་རྒྱལ་ཡོངས་ཀྱི“དྲ་སྦྲེལ+”དང་གྲོང་གསེབ་ཀྱི་ཞིང་ཕན་ཆ་འཕྲིན་ཁང་གི་ལས་སྟེགས་སྤྱད་དེ་ཧྭ་དབྱིང་རི་ཁུལ་གྱི་ཞིང་པ་ནད་བརྟག་སྨན་བཅོས་བྱ་རྒྱུར་སྟབས་བདེ་བསྐྲུན་ཡོད། ཟླ་6ཚེས་22ཉིན་ཁོ་ནར་ཧྲན་མོན་ཁོ་གྲོང་ཚོར་ཁྱིམ་དུ་ནད་བརྟག་པའི་གྲོང་མི་མི་ཐེངས་30ལྷག་ཙམ་ཟིན་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1