བོད་ལྗོངས་ནས་ཐོག་དང་པོར་ཐང་གའི་སྒྱུ་རྩལ་མཁས་པ་ངོས་འཛིན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-01


ལས་བྱེད་མི་སྣ་དང་ཡུལ་དངོས་སུ་ཕེབས་པའི་ཐང་གའི་སྒྱུ་རྩལ་མཁས་པ། བསྟན་པ་རབ་བསྟན།(གཡོན་གྱི་གསུམ་པ) བཀའ་ཆེན་ཨ་དོན།(གཡས་ཀྱི་གསུམ་པ།)
 
སློབ་མ་ཚོས་ཐང་གའི་སྒྱུ་རྩལ་མཁས་པ་བསྟན་པ་རབ་བརྟན་ལ་ཁ་བཏགས་འབུལ་བཞིན་པ།

 

བོད་ལྗོངས་རིག་གནས་ཐིང་གི་འགོ་གཙོ་གཞོན་པ་ཞོ་ཧྥུས་ཐང་གའི་སྒྱུ་རྩལ་མཁས་པ་བཀའ་ཆེན་ཨ་དོན་ལ་ཁ་བཏགས་འབུལ་བཞིན་པ།

           སྤྱི་ཟླ་8པའི་ཚེས་28ཉིན། སྐབས་བཞི་བའི་བོད་ལྗོངས་ཐང་གའི་སྒྱུ་རྩལ་འགྲེམ་སྟོན་གྱི་ཕྱོགས་བསྡོམས་ཚོགས་ཆེན་དང་བོད་ལྗོངས་ཐང་གའི་སྒྱུ་རྩལ་མཁས་པ་ཡི་དཔང་ཡིག་གནང་བའི་མཛད་སྒོ་སྤེལ། ཚོགས་ཐོག་ཏུ་ཐང་གའི་སྒྱུ་རྩལ་མཁན་པོ་བསྟན་པ་རབ་བརྟན་དང་བཀའ་ཆེན་ཨ་དོན། ཀརྨ་བདེ་ལེགས་གསུམ་ལ་བོད་ལྗོངས་རིག་གནས་ཐིང་དང་སྒྱུ་རྩལ་འགྲེམ་སྟོན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་བོད་ལྗོངས་ཐང་གའི་སྒྱུ་རྩལ་མཁས་པ་ཞེས་པའི་དཔང་ཡིག་གནང་། ཤེས་གསལ་ལྟར་ན། འདི་ནི་བོད་རང་སྐྱོང་ལྗོངས་ཀྱིས་ཐོག་དང་པོར་ཐང་གའི་སྒྱུ་རྩལ་མཁས་པ་ངོས་འཛིན་བྱས་པ་ཡིན་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1