ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུས་ཏང་ཕྱིའི་མི་སྣའི་བཞུགས་མོལ་གྲོས་ཚོགས་འཚོགས་པ།
མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 07-03
ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཚོགས་ལ་ཉེ་བའི་སྐབས་སུ། ཞིང་ཆེན་ཏང་ཨུས་ཁྲེང་ཏུའུ་ནས་ཏང་ཕྱིའི་མི་སྣའི་བཞུགས་མོལ་གྲོས་ཚོགས་འཚོགས་ཏེ། གཙོ་བོ་ཚང་འཛོམས་གྲོས་ཚོགས་ཀྱི་ཡིག་ཆའི་ཐད་བསམ་འཆར་བསྡུ་ལེན་བྱས་པའི་མ་ཟིན་ལ་དམངས་གཙོའི་ཏང་ཤོག་ཁག་གི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་སོགས་ཀྱི་འཐུས་མི་རྣམས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན་བའི་ཆེད་དུ་ཡིན་པ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་བཞུགས་མོལ་གྲོས་ཚོགས་ལ་གཙོ་སྐྱོང་བྱས་ཏེ་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་དབྱི་ལི་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་རྣམ་གཉིས་བཞུགས་མོལ་གྲོས་ཚོགས་སུ་ཞུགས།
བཞུགས་མོལ་གྲོས་ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ་བ་ཝང་མིང་ཧུའེ་ཡིས་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་བྱ་བའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་པ་རབ་དང་རིམ་པ་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གྱི་ཆོད་དོན་ཞེས་པ་དང་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུས་སྤུས་ཚད་མཐོན་པོའི་སྒོས་འཕེལ་རྒྱས་ཁྱོན་ཡོངས་ནས་སྐུལ་མ་གཏོང་བའི་སྐོར་གྱི་ཆོད་དོན་ཞེས་པ་བཅས་ལ་འཆར་ཟིན་བཀོད་པའི་གནས་ཚུལ་དང་བསམ་གཞིགས་གལ་ཆེན་དག་ངོ་སྤྲོད་བྱས།
ཕེང་ཆིང་ཧྭ་ཡིས་བསྟན་དོན། མིག་སྔར། སི་ཁྲོན་གྱི་འཕེལ་རྒྱས་དེ་འགོ་ཚུགས་ས་གསར་པ་རུ་རྐང་བཙུགས་ཡོད་ལ། ཚུལ་བསྒྱུར་འཕེལ་རྒྱས་དང་གསར་གཏོད་འཕེལ་རྒྱས། མཆོང་སྐྱོད་འཕེལ་རྒྱས་བཅས་ཀྱི་འགག་རྩའི་དུས་སྐབས་ལའང་སླེབས་ཡོད་པས། དམངས་གཙོ་ཏང་ཤོག་ཁག་གི་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་སོགས་ཀྱིས་མུ་མཐུད་དུ་སློབ་སྦྱོང་ཆེན་མོ་དང་བགྲོ་གླེང་ཆེན་མོ། རྟོག་ཞིབ་ཆེན་མོའི་བྱེད་སྒོ་ཟབ་སྤེལ་བྱས་ཏེ། བློ་རྩེ་གཅིག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་མཛུབ་སྟོན་དུ་འཛིན་བ་དང་། “བསླབ་པ་དང་བྱང་ཆུབ་པ། བདེན་དོན་གཉེར་བའི་”བླང་བྱར་དམ་པོ་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་བྱ་བའི་ཐད་མཛུབ་སྟོན་གནང་བའི་དགོངས་དོན་གལ་ཆེན་རབ་དང་རིམ་པ་དང་། ཞིང་ཆེན་ཏང་ཨུའི་ཇུས་གཞི་བཀོད་སྒྲིག་སོགས་ལ་གཞིགས་ཏེ། གོམ་གང་མདུན་སྤོས་ཀྱིས་ལས་ཀའི་གཙོ་གནད་མངོན་གསལ་དུ་གཏོང་བ་དང་འགན་འཁྲི་ལག་བསྟར་བྱེད་ཡུལ་ཡང་དག་པར་འཚོལ་ཞིབ་བྱས་ནས་སྔར་ལས་ཆེ་བའི་གྲུབ་འབྲས་གསར་པ་ལོན་པར་བརྩོན་ལེན་བྱ་དགོས་ཞེས་བསྟན། །