གཟི་རྩ་སྡེ་དགུ་རྫོང་གིས་སྨན་བཅོས་འཕྲོད་བསྟེན་ལ་བསྒྱུར་བཅོས་བཏང་སྟེ་མང་ཚོགས་ལ་ཕན་པ་ཐོབ་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-04


        ཉེ་བའི་ལོ་འགའི་རིང་དུ། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞིར་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་བས།གཟི་རྩ་སྡེ་དགུ་རྫོང་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་རྣམ་པར་འགྱུར་ལྡོག་གསར་བ་བྱུང་བ་དང་།སྨན་བཅོས་འཕྲོད་བསྟེན་ཞབས་འདེགས་མ་ལག་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ནས་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་གསོན་ཤུགས་ལྡན་པའི་རྣམ་པ་གསར་བ་བསྐྲུན་པ་རེད།

        ད་ལོར་ལོ་ན་དྲུག་ཅུ་རེ་བཞི་ལོན་པའི་ཡེན་ཏུ་ཆེན་ནི་སྨན་པ་ཞིག་ཡིན།མིག་མདུན་གྱི་ཀོ་སྒམ་འདིས་ཁོ་དང་ལོ་བཞི་བཅུ་ལྷག་ལ་མཉམ་འགྲོ་མཉམ་འདུག་བྱས་པ་རེད།ཡེན་ཏུ་ཆེན་གྱིས་གསར་འགོད་པར་བཤད་རྒྱུར།ལོ་ངོ་ཉི་ཤུའི་སྔོན་ལ་ཁོས་སྨན་སྒམ་འདི་རྒྱབ་ལ་ཁུར་ནས་རི་ཆུ་བརྒལ་ཏེ་མི་སེར་རྣམས་ལ་སྨན་བཅོས་བྱེད་དུ་སོང་བ་ཡིན་ཅེས་བཤད། 
        གཟི་རྩ་སྡེ་དགུ་རྫོང་སྨན་ཁང་གི་ཁོག་ནད་ཚན་ཁག་གིས་སྨན་པ་ཡེན་ཏུ་ཆིན་གྱིས་བཤད་རྒྱུར།སྔོན་ཆད་སྡོད་ཁང་ཤིན་ཏུ་ངན་ལ། སྐབས་དེ་དུས་ད་སྐབས་ལྟར་ཚན་ཁག་མང་བོ་དབྱེ་མེད་མོད།བྱིས་ནད་ཚན་ཁག་དང་མོ་ནད་ཚན་ཁག་ཕྱི་ནད་ཚན་ཁག་གཉིས་མཉམ་དུ་ཡོད། དེ་ལྟར་ཚན་ཁག་གཉིས་མ་གཏོགས་མེད།སྨན་བཅོས་སྒྲིག་ཆས་ཕྱོགས་ནས་Xབརྟག་དཔྱད་དང་སྤྱིར་བཏང་གི་པར་ལེན་བརྟག་དཔྱད་མ་གཏོགས་མེད། ད་སྐབས་ཀྱི་སྨན་བཅོས་ལྟར་འཕེལ་རྒྱས་སུ་སོང་མེད།ད་སྐབས་ཡིན་ན་Xབརྟག་དཔྱད་ཡོད་ནས་མི་ཚད།DR བརྟག་དཔྱད་དང་CTབརྟག་དཔྱད། ཉིང་རྡུལ་གློག་ཆས་སོགས་ཡོད་ཟེར།

        གྱོ་མོག་གི་སྡོད་ཁང་དང་ས་ཁང་།ཐབས་ཆག་པའི་སྒྲིག་ཆས་དེ་དག་གི་ཚབ་སྨན་བཅོས་ཁོར་ཡུག་སྐྱིད་པོ་དང་དེང་རབས་ཅན་གྱི་སྔོན་ཐོན་སྒྲིག་ཆས་ཀྱིས་བྱས་འདུག་ལ།བརྟག་དཔྱད་ཆུ་ཚད་སྔར་ལས་ཇེ་མཐོར་ཕྱིན་འདུག

        ད་ལོར་ལོ་ན་དྲུག་ཅུ་རེ་བརྒྱད་སོན་པའི་ཀྲང་པུའུ་ལེན་ནི་ནད་པ་ཞིག་རེད།ལོ་ངོ་ཉི་ཤུའི་སྔོན་ལ་ཧྲེང་ཧུ་ཡུལ་ཚོའི་བུ་ཕྲུག་སྐྱེས་ལེན་བྱེད་མཁན་ཞིག་ཡིན། རྗེས་ནས་གྲུམ་ནད་དང་སྙིང་ནད་ལྕི་མོ་ཕོག་པ་དང་།ལོ་འདི་དག་གི་རིང་ལ་སྨན་གོང་མཐོ་བས་སྨན་པར་བསྟེན་ཐུབ་མེད་མོད། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ་ནད་ཚབས་ཆེན་ལ་སྨན་བཅོས་འགན་སྲུང་ལམ་ལུགས་ཡོད་པ་ནས་བཟུང་མོའི་འཚོ་བ་སྔར་ལས་ཇེ་བཟང་དུ་ཕྱིན་པ་རེད།
        མི་དམངས་ཀྱི་བདེ་ཐང་དེ་སྔོན་ཐོན་འཕེལ་རྒྱས་ཀྱི་གནད་འགག་ཡིན་པས། སྐྱོན་བྲལ་གྱི་གཟི་རྩ་འཛུགས་སྐྲུན་མགྱོགས་མྱུར་དུ་བཏང་། ཉེ་བའི་ལོ་འགའི་རིང་ལ། གཟི་རྩ་སྡེ་དགུ་རྫོང་གིས་བསྡོམས་པའི་རྒྱལ་ཁབ་རིམ་པའི་ཡུལ་གྲོང་ལ་འཕྲོད་བསྟེན་ཁང་གཅིག་དང་།སི་ཁྲོན་ཞིང་ཆེན་རིམ་པའི་ཡུལ་གྲོང་ལ་འཕྲོད་བསྟེན་ཁང་དྲུག་ཡོད། སི་ཁྲོན་ཞིང་ཆེན་རིམ་པའི་སྡེ་བའི་འཕྲོད་བསྟེན་ཁང་ལྔ་བཅུ་ཡོད།ཞིང་ཆེན་རིམ་པའི་གོང་གི་ཡུལ་གྲོང་གི་འཕྲོད་བསྟེན་ཁང་གིས་ཁེབས་ཚད་བརྒྱ་ཆ་ཞེ་གཅིག་དང་གྲངས་ཆུང་བཅོ་བརྒྱད་ཡིན་པ་མ་ཟད།ཞིང་ཆེན་རིམ་པའི་གོང་གི་འཕྲོད་བསྟེན་སྡེ་བ་ཁེབས་ཚད་བརྒྱ་ཆ་ཞེ་གཅིག་དང་གྲངས་ཆུང་དྲུག་ཅུ་རེ་བདུན་ཡིན།ཡུལ་གྲོང་ཡོངས་ཁེབས་ཚད་ཕལ་ཆེར་མངོན་འགྱུར་བྱུང་ཡོད་པ་དང་། ནད་རིགས་སྔོན་འགོག་གི་མ་ལག་ནུས་པ་འཐུས་ཚང་དུ་བཏང་བ་ཡོད།
        འགོས་ནད་རིམ་བཞིན་ཇེ་དམའ་རུ་འགྲོ་བཞིན་ཡོད་ལ། ཁྲག་ཚད་མཐོ་བ་དང་།གཅིན་པ་མངར་གྱུར་སོགས་ཀྱི་གཅོང་ནད་དོ་དམ་སྔར་ལས་ཚད་ལྡན་དུ་བཏང་སྟེ། ཡིག་ཚགས་བསྐྲུན་ནས་བྱང་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ལ་གན་རྒྱ་བརྒྱ་ཆ་རྒྱ་འཇོག་ཐུབ་ཡོད་པས།མི་དམངས་ཀྱི་འཚོ་བའི་ཆུ་ཚད་སྔར་ལས་མཐོར་འདེགས་སུ་བཏང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1