尕让邓真,藏族创作型歌手,2015年2月参加的中央电视台春节特别节目《回声嘹亮》在大年初一播出。3月,首次赴尼泊尔进行民间音乐交流,录制中央电视台《民歌中国》。7月,亮相富川电影节,在"WTUF中国之夜"献唱歌曲《屋脊之声》,并获电影节组委会颁发的WTUF中韩文化促进贡献奖 。
2016年,作为代表受邀出席加拿大国际电影节,获表演艺术贡献奖 。同年,尕让邓真带领北京盛基艺术学校孩子们走进澳大利亚悉尼市政厅 。同年,尕让邓真推出专辑《雪域蓝色梦——悠扬情声》。
2017年9月,尕让邓真携担任总策划、总制片人的纪录片《磕着长头转神山》参加了为期一周的加拿大金枫叶国际电影节系列活动并获得最佳纪录片人物单项奖 。
2018年1月22日,尕让邓真北美巡演Hard Rock Casino专场,现场获加拿大国会代表颁奖致辞 。
曾获美国杰出艺术家奖、英国爱心慈善艺术家、中国扶贫基金会爱心大使、西藏援助发展基金会爱心大使,益动中国爱心明星,藏族演艺联盟副理事长等荣誉称号。
བོད་ཀྱི་གཞས་པ་སྐལ་བཟང་དོན་འགྲུབ་ནི་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཟུང་ཆུ་རྫོང་ནས་འཚར་ལོངས་བྱུང་ཞིང་། གཡུར་དུ་ཟ་བའི་རྒྱུགས་འབྲས་ཀྱིས་ཁམས་པའི་དགེ་འོས་སློབ་ཆེན་གྱི་བོད་སྐད་ཡིག་རྩོམ་རིག་གི་ཆེད་ལས་སྟེ་ད་ལྟའི་སི་ཁྲོན་མི་རིགས་དགེ་འོས་སློབ་གླིང་གི་བོད་ཡིག་སྡེ་ཁག་ཏུ་རྒྱུགས་འཕྲོད། ཆུང་དུས་ནས་གླུ་གཞས་སྒྱུ་རྩལ་ལ་དགའ་མོས་དང་ལྷན་སྐྱེས་ཀྱི་སྐད་ངག་ལྡན་པ་ཞིག་ཡིན་པས། མཐོ་འབྲིང་སྐབས་ནས་བཟུང་སློབ་ཕྱི་དང་སློབ་གསེང་གི་དུས་ཚོད་བེད་སྤྱད་ནས་གླུ་གར་གྱི་ལས་ལ་ཞུགས། སློབ་ཆེན་གྱི་སྐབས་སུ་རང་ཉིད་ཀྱི་མི་ཚེ་གདམ་ཀ་ཆེ་ཤོས་ཏེ་གླུ་གཞས་སྒྱུ་རྩལ་གྱི་ལས་ལ་འཇུག་པར་བརྩམས།
2001ལོར་འབྲུག་སེར་བུམ་པའི་གླུ་གཞས་འགྲན་སྡུར་ཁྲོད་ན་ཆུང་བྱིས་པའི་སྐོར་གྱི་ཨང་གསུམ་པ་བླངས་ཤིང་། 2002ལོར་ཟུང་ཆུང་རྫོང་བོད་རིགས་སློབ་འབྲིང་གི་གླུ་གཞས་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས། 2003ལོར་གསེར་མདོག་གི་གླུ་སྐད་ཅེས་པའི་ཁམས་པའི་དགེ་འོས་སློབ་གླིང་གི་སློབ་རའི་གཞས་པ་བཅུ་ཡི་འགྲན་སྡུར་ཁྲོད་ཨང་དང་པོ་བླངས། 2006ལོར་ཀྲུང་གོའི་ཚིག་དང་གཞས་རང་གིས་བརྩམས་པ་དང་གླུ་ལེན་འགྲན་སྡུར་གྱི་དཔྱད་འདེམས་བྱེད་སྒོའི་ཁྲོད་དར་སྲོལ་གསར་པའི་ཨང་དང་པོ་བླངས།
2008ལོར་རོལ་དབྱངས་བརྩམས་ཆོས་《གངས་ལྗོངས་རྨི་ལམ་སྔོན་པོ།》ཞེས་པ་འགྲེམས་སྤེལ་བྱས་ཤིང་། 2009ལོར་ 《སྙན་འཇེབས་བརྩེ་བའི་འགྱུག་ཁུག》ཅེས་པའི་རོལ་དབྱངས་བརྩམས་ཆོས་ཕབ་སྐྲུན་བྱས།
2010ལོར་བོད་ཀྱི་སྒྱུ་རྩལ་པ་དག་དང་མཉམ་དུ་ཡུལ་ཤུལ་ས་ཡོམ་ཁྲོད་ཀྱི་གནོད་ཐེབས་སྤུན་ཟླ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་གླུ་གཞས་《ཚེ་སྲོག་ནམ་ཡང་བརྟན་པོར་གནས་པར་གྱུར་ཅིག》ཞེས་པར་ཞུགས་ནས་ཀྲུང་དབྱང་བརྙན་འཕྲིན་ཁག་བཞི་པ་སོགས་འཕྲིན་སྦྱོར་གང་མང་གི་ལམ་ནས་བཏང་བ་རེད། ལོ་དེར། ཀྲུང་དབྱང་མི་དམངས་རླུང་འཕྲིན་ཁང་གི་ཧྭ་ཡུས་གླུ་སྐད་རོལ་མོའི་བཅར་འདྲི་དང་ལེན་བྱས། དེ་མིན་སི་ཁྲོན་ཁམས་པའི་བརྙན་འཕྲིན་ཁང་གི་《དགའ་སྤྲོའི་ཕོ་ཉ།》ལེ་ཚན་དུ་ཞུགས་པར་མ་ཟད། གླུ་གཞས་སྒྱུ་རྩལ་སྐོར་གྱི་བཅར་འདྲི་གང་མང་བྱས། ལོ་དེར་ད་དུང་ཧོའུ་ནན་བརྙན་འཕྲིན་ཁང་གི་དགའ་སྤྲོའི་ཀྲུང་གོ དགའ་སྤྲོའི་གླུ་སྐད་ཅེས་པའི་འགྲན་སྡུར་ལས་ཧྥུའུ་ཅན་འགྲན་ཁུལ་གྱི་ཨང་དང་པོ་བླངས་ཤིང་། རང་ཉིད་ཀྱི་བརྩམས་ཆོས《རང་ཉིད་དཀྲོགས་པ།》ཞེས་པ་དང་《མ་ངུ་། 》《ངའི་བརྩེ་བའི་མི།》སོགས་འགྲེམས་སྤེལ་བྱས།
2011ལོའི་ཟླ་3པར་སི་ཁྲོན་བརྙན་འཕྲིན་ཁང་གི་《ཀྲུང་གོའི་བརྩེ་བ་གླུ་ཚོགས་ཆེན་མོ།》ཡི་ཕབ་སྐྲུན་ལ་ཞུགས་ཡོད། དེ་མིན་ཀྲུང་དབྱང་མི་དམངས་རྒྱང་བསྒྲགས་ཁང་གི་《དམངས་གཞས་ཀྱི་མཚར་ཉམས།》ཞེས་པའི་ཐད་གཏོང་ལེ་ཚན་ལ་ཞུགས་ཤིང་། ཀྲུང་དབྱང་བརྙན་འཕྲིན་ཁག་བཅོ་ལྔ་སྟེ་རོལ་མོའི་འཕྲིན་ལམ་ནས་《དམངས་གཞས་ཀྲུང་གོ》ཞེས་པའི་ལེ་ཚན་ཁྲོད་མི་སྒེར་གྱི་བཅར་འདྲི་བྱས་པར་མ་ཟད། 《གུ་གེ་རྒྱལ་རབས།》ཞེས་པའི་རོལ་དབྱངས་བརྩམས་ཆོས་གསར་རྩོམ་བྱས་ཤིང་། བོད་ལྗོངས་བརྙན་འཕྲིན་ཁང་གི་《གངས་ལྗོངས་ཀྱི་ཁྲུང་ཁྲུང་།》ཞེས་པའི་སྐབས་གཉིས་ཀྱི་བརྩེ་སེམས་སྐུ་མགྲོན་དུ་གདན་ཞུས་བྱས།
2012ལོར་ཀྲུང་དབྱང་མི་དམངས་རྒྱང་བསྒྲགས་ཁང་གི་རིག་རྩལ་གྱི་སྒྲ་དབྱངས《རིག་གནས་ནས་མགོ་རྩོམ།》ཞེས་པའི་བཅར་འདྲི་དང་ལེན་བྱས་ཤིང་། ལོ་དེར་རང་ཉིད་ཀྱི་འཚར་ལོངས་བརྒྱུད་རིམ་བརྗོད་པའི་གློག་བརྙན་《ཚེ་འདིར་མཛའ་མཐུན་བྱུང་ན་ཨེ་ཆོག》ཅེས་པའི་འཁྲབ་གཞུང་འཆར་འགོད་དང་བརྩམས་སྒྲུང་འགྲེམ་སྤེལ་བྱས། དེ་མིན་《མ་འཇོག་པའི་ཚགས་པར།》དང་《རོལ་དབྱངས་གཟའ་རེའི་ཚགས་པར།》སོགས་ཀྱིས་བཅར་འདྲི་བྱས། ད་དུང་ཀྲུང་དབྱང་མི་དམངས་རླུང་འཕྲིན་ཁང་གི་གྲོང་ཁྱེར་གྱི་སྒྲ་དབྱངས་ཞེས་པའི་《གཟའ་མཇུག་ཕེབས་བྱུང་།》ཞེས་པའི་ལེ་ཚན་ལ་ཞུགས་ཤིང་། ཀྲུང་དབྱང་བརྙན་འཕྲིན་ཁང་ཁག་བཅོ་ལྔ་པ་རོལ་དབྱངས་འཕྲིན་ལམ་གྱི་《མཉམ་དུ་དབྱངས་ལ་རོལ།》ཞེས་པའི་ལེ་ཚན་ལ་ཞུགས།
2013ལོར་ཁྲག་སྐྲན་གྱི་ནད་པ་དག་གི་ཆེད་དུ་སྤྱི་ཕན་གྱི་གླུ་གཞས་《བདག་གིས་དཔུང་བ་བརྐྱང་དུས།》ཞེས་པ་གསར་རྩོམ་བྱས་ཤིང་། ལོ་དེར་"བོད་སྐྱོར་འཕེལ་རྒྱས་ཐེབས་རྩ་ཚོགས་པ་"བོད་ཀྱི་གླུ་གར་སྒྱུ་རྩལ་མཉམ་འབྲེལ་གྱི་དོན་གཅོད་པ་གཞོན་པ་གདན་འདྲེན་ཞུས། དེ་མིན་ཀྲུང་དབྱང་བརྙན་འཕྲིན་ཁང་གི་《སྐར་འོད་ལམ་ཆེན།》གྱི་ཟླ་གཅིག་གི་ཨང་དང་པོ་བླངས་ཤིང་། ཨ་མེ་རི་ཁའི་ཤར་ཕྱོགས་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་"གནའ་བོའི་གླིང་འགྲིམས"བྱེད་སྒོའི་རྒྱལ་སྤྱིའི་མིའི་རྟགས་མ་གནང་།
2014ལོའི་ཟླ་དང་པོར་《མིག་རྒྱང་།》ཞེས་པའི་དུས་དེབ་ཀྱིས་སྐལ་བཟང་དོན་གྲུལ་ལ་ཆེད་སྒྲིག་བཅར་འདྲི་བྱས་ཤིང་། ཟླ་གཉིས་པར་《བྱམས་ལྡན་གྱི་ཨ་མ།》ཞེས་པར་ཀྲུང་གོའི་གླུའི་པང་གི་ཁྲོད་ནས་བརྩམས་ཆོས་ལེགས་ཤོས་ཀྱི་མིང་ཐོའི་ནང་དུ་ཚུད། ཟླ་གཉིས་པར་བོད་ལྗོངས་བརྙན་འཕྲིན་ཁང་གི་“མདོག་བདུན་རླུང་།”ཞེས་པའི་ལེ་ཚན་གྱིས་བཅར་འདྲི་བྱས་པ་དང་། ལྷ་ས་གྲོང་ཁྱེར་ནས་སྐལ་བཟང་དོན་གྲུབ་ཀྱི་གངས་རིའི་ལས་དབང་བོད་ཀྱི་རིག་གནས་ཁྱབ་བསྒྲགས་ཉམས་ལེན་ཁང་སྒོ་ཕྱེས། ཟླ་གསུམ་པར། ཨ་མེ་རི་ཁའི་སྐུད་ཡོད་རྒྱང་བསྒྲགས་ཀྱི་བཅར་འདྲི་དང་ལེན་བྱས་ཤིང་། ཕ་ཡུལ་གྱི་དགོན་པའི་སྤྱི་ཕན་ཁྱབ་བསྒྲགས་བརྙན་འཁོར་གྱི་ལས་འཛུགས་པ་བྱས། ཀྲུང་དབྱང་བརྙན་འཕྲིན་ཁང་གིས་སྐར་འོད་ལམ་ཆེན་གྱི་ལེ་ཚན་ཟླ་དྲུག་པའི་གཟའ་རེའི་འགྲན་སྡུར་འཁྲབ་རོགས་སྐུ་མགྲོན་དུ་གདན་འདྲེན་ཞུས། ཟླ་དྲུག་པར། དྲུག་གཅིག་འཇའ་ཚོན་གྱི་སྤྱི་ཕན་བྱེད་སྒོར་ཞུགས་ནས་སྐུ་མགྲོན་དག་གིས་སྐལ་བཟང་དོན་གྲུབ་ཀྱིས་ཁྲག་སྐྲན་ནད་པར་བླངས་པའི་གླུ་གཞས་མཉམ་ལེན་བྱས་ཤིང་། ཧོ་པེ་བརྙན་འཕྲིན་ཁང་གི་དྲིན་གཟོའི་འཚར་ལོངས་བྱས་པའི་ལེ་ཚན་ཕབ་སྐྲུན་བྱས། ཟླ་བདུན་པར་ཅང་ཞི་བརྙན་འཕྲིན་ཁང་གི་“མཱ་ཝེ་ཏུའུ་བསྡུ་ཉར་”ཞེས་པའི་ལེ་ཚན་གྱི་སྐུ་མགྲོན་དུ་གདན་ཞུ་བྱས། ཟླ་བརྒྱད་པར། ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་རྙེད་གྱི་འགྲུལ་བཞུད་སྤུས་ཀ་ཞེས་པའི་ལེ་ཚན་གྱི་བརྗོད་དོན་གླུ་དབྱངས་བླངས། དེ་མིན་ཐེངས་དང་པོར་ཀྲུང་གོའི་སྐུ་ཚབ་བྱས་ནས་ཨེ་ཅིབ་ཏུ་ཕེབས་ནས་རོལ་མོ་སྒྱུ་རྩལ་པ་སུམ་ཅུ་ལྷག་དང་མཉམ་དུ་སྐབས་ལྔ་པའི་རྒྱལ་སྤྱིའི་སེམས་ཀྱི་རོལ་མོའི་དུས་སྟོན་ལ་ཞུགས། ཟླ་དགུ་པར། བོད་ལྗོངས་ནས་ཆང་ཁེ་ལས་ཀྱི་སྨྲ་ཚབ་གླུ་གཞས་《གཞིས་རྩེའི་བརྩེ་བ།》ཞེས་པ་བླངས། ཟླ་བཅུ་པར་ཨ་མེ་རི་ཁར་ཕེབས་ནས་ཀྲུང་ཨའི་གློག་བརྙན་དུས་ཆེན་དུ་ཞུགས་པ་དང་ཨ་མེ་རི་ཁའི་མ་འོངས་རྒྱུ་ནོར་གྱི་འགོ་ཁྲིད་ཐུགས་འཕྲད་བྱེད་སྒོར་ཞུགས།
2015ལོའི་ཟླ་གཉིས་པར། ཀྲུང་དབྱང་བརྙན་འཕྲིན་ཁང་གི་ལོ་གསར་དམིགས་བསལ་ལེ་ཚན་《གྲགས་ཅ་ལྷང་ལྷང་།》ཞེས་པར་ཞུགས་ནས་ལོ་གསར་ཚེས་གཅིག་ལ་བཏང་། ཟླ་གསུམ་པར་ཐེངས་དང་པོར་བལ་ཡུལ་དུ་ཕྱིན་ནས་དམངས་ཁྲོད་རོལ་མོ་སྤེལ་རེས་བྱས། ཟླ་གསུམ་པར། ཀྲུང་དབྱང་བརྙན་འཕྲིན་ཁང་གི་《དམངས་གཞས་ཀྲུང་གོ》ལེ་ཚན་ལ་ཞུགས། ཟླ་བདུན་པར་ཧྥུའུ་ཁྲོན་གློག་བརྙན་དུས་ཆེན་དུ་ཞུགས་ཤིང་། WTUFཀྲུང་གོའི་མཚན་མོ་ཞེས་པའི་སྟེང་ནས་《སྒལ་ཚིགས་ཀྱི་སྒྲ་དབྱངས།》ཞེས་པ་བླངས་ནས་གློག་བརྙན་དུས་ཆེན་གྱི་འགན་སྒྲུབ་ཚོགས་པའི་WTUFཀྲུང་ཧན་རིག་གནས་ཡར་སྐུལ་མཛད་རྗེས་བྱ་དགའ་གནང་།
2016ལོར་ཁ་ན་ཏ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ལ་གདན་ཞུས་བྱས་ཤིང་། སྒྱུ་རྩལ་འཁྲབ་སྟོན་གྱི་མཛད་རྗེས་བྱ་དགའ་བླངས། ལོ་དེར་སྐལ་བཟང་དོན་གྲུབ་ལགས་ཀྱིས་པེ་ཅིན་ཧྲིན་ཅི་སྒྱུ་རྩལ་སློབ་གྲྭའི་བྱིས་པ་དག་ཁྲིད་ནས་ཨོ་སི་ཁྲོ་རི་ལི་ཡའི་ཞི་ཉི་གྲོང་ཁྱེར་སྲིད་འཛིན་ཁང་དུ་ཕེབས། དེ་མིན་ད་དུང་ལོ་དེར་《གངས་ལྗོངས་རྨི་ལམ་སྔོན་པོ-སྙན་འཇེབས་གླུ་སྐད།》ཅེས་པའི་ཆེད་སྒྲིག་ཕུད།
2017ལོའི་ཟླ་ལྔ་པར། ཀྲུང་གོའི་གླུ་སྐད་གསར་པ་ཞེས་པའི་མེ་གླིང་བྱང་མའི་མཇུག་འགྲན་མཐའ་མའི་དཔྱད་འདེམས་པར་གདན་འདྲེན་ཞུས། ཟླ་དགུ་པར་ཁོང་གིས་སྤྱིའི་བཀོད་འདོམས་དང་སྤྱིའི་ལག་ལེན་བྱས་པའི་དངོས་བྲིས་གློག་བརྙན་《བརྐྱང་ཕྱག་གིས་གནས་རི་བསྐོར་བ།》ཞེས་པ་ཁ་ན་ཏའི་ལོ་མ་སེར་པོའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་མུ་འབྲེལ་བྱེད་སྒོར་ཞུགས་ནས་དངོས་བྲིས་གློག་བརྙན་ལེགས་ཤོས་ཀྱི་མི་སྣ་གཅིག་རྐྱང་གི་བྱ་དགའ་བླངས། །