ཐང་གའི་སྒྱུ་རྩལ་མཁས་ཅན་སངས་རྒྱས་ཚེ་རིང་ཝུའེ་ཉི་སིའི་བཟོ་བསྐྲུན་ཇུས་འགོད་འགྲེམས་སྟོན་ལ་གདན་འདྲེན་ཞུས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-11


      ཟླ་7ཚེས་8ཉིན། གསར་འགོད་པས་ཧྥུ་ཅན་ཞིང་ཆེན་གྱི་དམངས་ཁྲོད་རིག་རྩལ་མཁས་ཅན་མཐུན་ཚོགས་ནས་ཤེས་རྟོགས་བྱུང་གསལ།  མཐུན་ཚོགས་འདིའི་ན་གཞོན་ཨུ་ཡོན། ཐང་གའི་སྒྱུ་རྩལ་མཁས་ཅན་སངས་རྒྱས་ཚེ་རིང་ཝུའེ་ཉི་སིའི་བཟོ་སྐྲུན་ཇུས་འགོད་ཆ་ལོའི་འགྲེམས་སྟོན། "ཀྲུང་གོའི་འབྲེལ་བ"ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་སྟོན་ལ་གདན་འདྲེན་ཞུས་ཡོད་པ་རེད།
     ཡོ་རོབ་རིག་གནས་ལྟེ་གནས་European Cultural Centreདང་དེ་བཞིན་GAA Foundationགོ་ལ་ཧྲིལ་པོའི་སྒྱུ་རྩལ་ལས་དོན་ཐེབས་རྩ་ལྷན་ཚོགས་ཀྱིས་ཐེངས་འདིའི་ཝུའེ་ཉི་སིའི་ཆ་ལོའི་འགྲེམས་སྟོན་གཙོ་གཉེར་བྱས་ཡོད་པ་རེད།
 ཐེངས་འདིའི་ཝུའེ་ཉི་སིའི་ཆ་ལོའི་འགྲེམས་སྟོན"ཀྲུང་གོའི་འབྲེལ་བ"བརྗོད་དོན་གཙོ་བོར་བྱས་པའི་འགྲེམས་སྟོན་ནི་ཟླ་7ཚེས་10ནས་ཟླ་8ཚེས་2བར་དུ་སྟོན་རྒྱུ་ཡིན་པ་དང་། དེ་ལས་ཀྲུང་གོ་དང་ཤར་ཕྱོགས་ཀྱི་བསམ་པའི་འཇིག་རྟེན་རྒྱུད་སྤེལ་བྱ་རྒྱུ་དང་། ཀྲུང་གོའི་འབྲེལ་བའི་ནང་གི་འཇིག་རྟེན་དངོས་པོ་ཀུན་གྱི་སྐྱེ་མཚར་གྱི་མཚན་ཉིད་བསམས་གཞིག་རྒྱུད་སྤེལ་བྱ་རྒྱུ་དང་། སྒྱུ་རྩལ་འབྱུང་ཁུངས་ཀྱི་མི་གཤིས་རྨང་གཞི་རྒྱུད་སྤེལ་བྱ་རྒྱུ་ཡིན་པས་འགྲེམས་སྟོན་གཙོ་གཉེར་ཕྱོགས་ཀྱིས་སངས་རྒྱས་ཚེ་རིང་འགྲེམས་སྟོན་ལ་གདན་འདྲེན་ཞུས་ཡོད་པ་རེད།

     1988ལོར་སྐྱེས་པའི་སངས་རྒྱས་ཚེ་རིང་ནི་ཆུང་དུས་ནས་དགེ་རྒན་ཤ་བོ་ཚེ་རྣམ་བསྟེན་ནས་ཐང་ག་འབྲི་སྟངས་སྦྱངས་པ་རེད། ཤ་བོ་ཚེ་རྣམ་ནི་དེང་སྐབས་རེབ་གོང་ས་ཁུལ་དུ་གྲུབ་འབྲས་ཆེས་བཟང་བའི་ཐང་གའི་སྒྱུ་རྩལ་མཁས་ཅན་ཡིན་པ་རེད། (1988ལོར"ཀྲུང་གོའི་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་ཞེས་པའི་མཚན་སྙན་ཐོབ་ཡོད་པ་རེད།")


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1