ཉག་ཆུ་རྫོང་གིས་ཆུ་འབྲུབ་དུས་ཀྱི་འགྲིམ་འགྲུལ་ཉེན་མེད་ཐད་ཞིབ་བཤེར་ཆེན་པོ་བྱས།

དབྱངས་ཅན་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-12


        ཉེ་ཆར། ཉག་ཆུ་རྫོང་གིས་ཆུ་འབྲུབ་པའི་དུས་ཀྱི་གནམ་གཤིས་འགྱུར་ལྡོག་གི་ཁྱད་ཆོས་ལ་གཞིགས་ནས་མངའ་ཁོངས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ནན་ཏན་གྱིས་ཆུ་འབྲུབ་པའི་དུས་ཀྱི་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ཐད་ཞིབ་བཤེར་བྱས་ནས། དུས་ཐོག་ཏུ་མངོན་མེད་རྐྱེན་ངན་མེད་པ་བཟོས་ཏེ་མང་ཚོགས་ཉེན་མེད་ངང་འགྲོ་འོང་བྱེད་ཐུབ་པར་ཁག་ཐེག་བྱས་པ་རེད།
        རྫོང་དེས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོ་དང་། ཞིང་སྡེའི་གཞུང་ལམ། འགྲིམ་འགྲུལ་འཛུགས་སྐྲུན་གྱི་ལས་གྲྭ། སྐྱེལ་འདྲེན་དང་ཉགས་གསོ་བྱེད་མཁན་ཁེ་ལས་བཅས་ཀྱི་ཆུ་འབྲུབ་དུས་ཀྱི་འགྲིམ་འགྲུལ་ཉེན་མེད་ཐོན་སྐྱེད་ལས་ཀར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བར་མ་ཟད། མངོན་མེད་རྐྱེན་ངན་གྱི་གནས་ཚུལ་མེད་པ་བཟོ་བའི་དོ་དམ་ལས་ཀའི་ནང་རྐྱེན་ལག་བསྟར་ནན་པོ་བྱས་པ་དང་།ཆུ་ཚོད24ལ་ལས་རེས་གཏན་སྲུང་བྱེད་པའི་ལམ་ལུགས་ལག་བསྟར་ནན་པོ་བྱ་རྒྱུ་དང་། ཆ་འཕྲིན་ཞུ་ལམ་ཐོགས་འགག་མེད་པ་དང་གནོད་སྐྱོན་གྱི་གནས་ཚུལ་བྱུང་སྐབས་དེ་མ་ཐག་ཏུ་མི་སྣ་སྒྲིག་འཛུགས་བྱས་ཏེ་མང་ཚོགས་ཉེན་མེད་ངང་ཁ་གྲམ་ཐུབ་པར་ཁྲིད་སྟོན་བྱ་རྒྱུ། མྱུར་སྐྱོབ་དང་འགྲིམ་འགྲུལ་ཐོགས་འགག་མེད་པར་ཤར་གཏོང་ཐུབ་པ་དང་གནས་སྐབས་ཀྱི་འགྲིམ་འགྲུལ་རྩིས་སྤྲོད་དོ་དམ་བྱ་རྒྱུ་སོགས་ཀྱི་ལས་ཀ་སྤེལ་བ་དང་ཆབས་ཅིག གཟའ་མཇུག་དང་གུང་གསེང་གི་དུས་སུ་རྒྱུན་མཐུད་དུ་གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ཀྱི་ཆེད་དོན་བཅོས་སྐྱོང་གི་ལས་ཀ་སྤེལ་ཏེ། གཞུང་ལམ་ལམ་རྒྱུད་ཀྱི་འགྲིམ་འགྲུལ་ཉེན་མེད་ཡོང་བའི་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་།གཞུང་ལམ་འགྲིམ་འགྲུལ་ཉེན་མེད་ཡོང་བར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་བ་རེད། མིག་སྔའི་བར་དུ་དྲིལ་བསྒྲགས་ཡིག་རིགས2000ལྷག་བཀྲམ་ཡོད་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཞིབ་བཤེར་ལས་ཀའི་ཁྲོད་ཁྲིམས་འཛིན་མི་སྣ26དང་ཞིབ་བཤེར་རླངས་འཁོར་ཐེངས་གྲངས260མངགས་པ་དང་།ལག་ཁྱེར་མེད་ནས་རླངས་འཁོར་གཏོང་མཁན8དང་ལྗིད་ཚད་ལས་བརྒལ་བའི་རླངས་འཁོར1ཞིབ་བཤེར་ཐག་གཅོད་བྱས་ནས་ཉེས་ཆད་སྒོར1000བཅད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1