ཡུན་ནན་བདེ་ཆེན་གྱིས་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་ལ་ཤུགས་ཆེན་པོ་བཏོན།
རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 07-12
བདེ་ཆེན་ཁུལ་ནི་ཡུན་ནན་ཞིང་ཆེན་གྱི་ནུབ་བྱང་ཁུལ་ཏུ་ཡོད་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་རང་བྱུང་ལྗོངས་རྒྱུ་དང་མི་རིགས་རིག་གནས་ཀྱི་འདེགས་སྐྱོར་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་བོ་འགྲོ་རྒྱུ་རེད། ཉེ་ཆར། གསར་འགོད་པ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ39ཡོད་པའི་གྲོང་ཚོ་ཞིག་ཏུ་སོང་བ་ན། ས་དེ་གའི་རྩྭ་ས་དང་། ནོར་ལུག གྲོང་ཚོ། གནམ་སྔོན་པོ། སྤྲིན་དཀར་བཅས་མཛེས་སྡུག་ལྡན་པའི་སྣུམ་ཚོན་རི་མོ་ཞིག་དང་འདྲ།
བདེ་ཆེན་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རིན་ལུའུ་ཀྲི་ཅོན་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་ཧུར་ཐག་སྒོས་རོལ་རྩེད་གུང་གསེང་ཡུལ་སྐོར་དང་། ཞིང་སྡེའི་ཡུལ་སྐོར་བཅས་རྣམ་པ་གསར་བའི་ཡུལ་སྐོར་འཕེལ་རྒྱས་སུ་བཏང་། བདེ་ཆེན་སེམས་ཀྱི་ཉི་ཟླ་ནི་སྤུས་ལེགས་ཀྱི་ཡུལ་སྐོར་ལམ་ཐིག་གཅིག་སྡུད་ཁུལ་ཡིན་ལ། དེ་བས་ཞིང་ཆེན་བརྒལ་བའི་ཡུལ་སྐོར་སྤུས་ལེགས་སྐོར་ལམ་གཉིས་བཏོན་ནས་ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་སྤུས་ལེགས་ལམ་ཐིག་གཉིས་བསྐྲུན།
མཚམས་སྦྱོར་བྱས་པར་གཞིགས་ན། བདེ་ཆེན་ཁུལ་ལ་མིག་སྔར་བསྡོམས་པས5Aརིམ་པའི་ལྗོངས་ཁུལ1དང་། 4Aརིམ་པའི་ལྗོངས་ཁུལ5ནང་དུ་འདུས་པའིAརིམ་པའི་ལྗོངས་ཁུལ15། སྐར་མ་རིམ་པའི་མགྲོན་ཁང92། ཡུལ་སྐོར་ལས་དོན་ཁང46། ཐད་ཀར་ཡུལ་སྐོར་ལས་ཀ་བྱེད་མཁན་མི་ཁྲི2ལྷག་ཡོད། “ལོ་ལྔའི་ཚན་བཅུ་གཉིས་པའི”རིང་བདེ་ཆེན་ཁུལ་ཡོངས་ཀྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི6294.28སྣེ་ལེན་བྱས་པ་དང་། དེ“ལོ་ལྔའི་ཚན་བཅུ་གཅིག་པ”བསྡུར་ན150%འཕར་སྣོན་བྱུང་ཡོད་དེ། ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར420.73ལེགས་འགྲུབ་བྱུང་ལ། “ལོ་ལྔའི་ཚན་བཅུ་གཅིག་པ”བསྡུར་ན173%འཕར་སྣོན་བྱུང་ཡོད་ཅིང་། ཡུལ་སྐོར་ལས་རིགས་ཀྱི་འཕར་སྣོན་རིན་ཐང་གིས་ཁུལ་ཡོངས་ཀྱིGDPབསྡུར་ཚད་ཀྱི16.8%ཟིན་ཡོད།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1