ཁམས་ཕྱོགས་ཆབ་མདོ་ཡུལ་གྱི་རྒྱན་གོས།

རྩོམ་སྒྲིག་པ།ཡོང་ཁུངས། མི་དམངས་དྲ་བ། སྤེལ་དུས། 07-13


        ཆབ་མདོའི་རྒྱན་གོས་ནི་ཁམས་ཕྱོགས་ཀྱི་རྒྱན་གོས་ཀྱི་ཆ་ཤས་ཤིག་ཡིན་ལ། དེ་ལ་འབྲོག་ཁུལ་དང་། ཞིང་ཁུལ(གྲོང་རྡལ)  གྲྭ་བཙུན་གྱི་རྒྱན་གོས་བཅས་རིགས་དབྱེ་ཆོག་པ་སྟེ་། སྤྱི་བཏང་དུ། འབྲོག་ཁུལ་གྱི་རྒྱན་གོས་ཀྱི་རྒྱུ་ཆ་སྣ་ཁ་མང་པོ་མེད་ཅིང་། མང་ཤོས་ནི་རང་ཁྱིམ་གྱི་སྒོ་ཕྱུགས་དང་ལུག་གི་པགས་པ་དང་ལུག་བལ་ལས་བཟོས་པའི་ཐོན་རྫས་ཡིན་པ་རེད། འབྲོག་ཁུལ་གྱི་རྒྱན་གོས། ལྷག་པར་དུ་བུད་མེད་ཀྱི་རྒྱན་གོས་ནི་ཞིང་ཁུལ་གྱི་རྒྱན་གོས་ལས་རྙོག་འཛིང་ཆེ་བ་དང་བརྗིད་ཉམས་ཆེ་བ་ཡོད་ལ། ད་དུང་ཚོན་མདོག་དང་བཟོ་སྟངས་ནས་དེ་བས་ཀྱང་རྔམ་བརྗིད་ཆེ་བ་ཡོད་པ་རེད། ཞིང་ཁུལ་གྱི་རྒྱན་གོས་ཀྱི་རྒྱུ་ཆ་ནི་འབྲོག་ཁུལ་ལས་མང་བ་སྟེ། པགས་པའི་རིགས་དང་དར་གོས། བལ་ལས་འཐག་པའི་ཐོན་རྫས་བཅས་ཡོད་པ་རེད། ཞིང་ཁུལ་གྱི་རྒྱན་གོས་ནི་མི་གྲངས་ཡིན་ནའང་འདྲ། ཡང་ན་བཟོ་སྟངས་སོགས་གང་ཐད་ནས་ཡིན་ཀྱང་རུང་། ཞིབ་ཚགས་ཆེ་ལ་ཚོན་མདོག་གསལ་བ་ཞིག་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1