སི་ཁྲོན་ལས་བྱེད་པས་གཉེན་སྒྲིག་དང་འདས་མཆོད་བསྒྲུབ་ན་སྔོན་ལ་སྙན་ཞུའི་ཡི་གེ་སྤྲོད་དགོས་པ་སོགས་བྱ་མི་རུང་བ་བདུན་གྱི་ཡིག་ཆ་བཏོན་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-03


                འགོ་ཁྲིད་ལས་བྱེད་པས་སྒྲིག་འགལ་གྱིས་གཉེན་སྒྲིག་དང་འདས་མཆོད་བསྒྲུབ་ཚེ་ཁྲིམས་ཆད་ཕོག་རྒྱུ་རེད། ཉེ་ཆར་ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་དང་ཞིང་ཆེན་རྟོག་ཞིབ་ཐིང་གིས་《འགོ་ཁྲིད་ལས་བྱེད་པས་གཉེན་སྒྲིག་དང་འདས་མཆོད་བསྒྲུབ་པ་སོགས་ཀྱི་བྱ་བའི་འབྲེལ་ཡོད་གཏན་འབེབས།》ཞེས་པ་བཏོན་ཡོད་པ་དང་། ཡིག་ཆའི་ནང་། འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་གྱིས་ཐག་གཅོད་བྱས་པའི་སྲིད་གཙང་དང་གྲོན་ཆུང་གི་འབྲེལ་ཡོད་ཐག་གཅོད་སྐོར་ལག་བསྟར་བྱ་དགོས་པ་དང་། རང་ཉིད་ནས་འགོ་བརྩམས་ཏེ་སྲིད་གཙང་གི་གོམས་སྲོལ་ཆགས་པ་དང་བག་མེད་རྒྱས་སྤྲོས་ཀྱིས་རང་དོན་འབའ་ཞིག་བསྒྲུབ་པའི་སྲོལ་ངན་ལ་བཀག་འགོག་བྱས་ཏེ། སྤྱི་ཚོགས་ཡོངས་ལ་གྲོན་ཆུང་བསྲི་ཚགས་ཀྱི་གོམས་སྲོལ་ཆགས་པར་མིག་དཔེར་རུང་བའི་ནུས་པ་འདོན་པའི་བླང་བྱ་བཏོན་ཡོད།
 
                   ཡིག་ཆའི་ནང་འཁོད་དོན། འགོ་ཁྲིད་ལས་བྱེད་པས་རང་ཉིད་དང་རང་གི་ཉེ་འབྲེལ་གྱི་གཉེན་སྒྲིག་དང་འདས་མཆོད་བསྒྲུབ་པ་དང་། གོ་གནས་གསར་དུ་འཕར་བ། ཕྱི་རྒྱལ་ལ་བགྲོད་པ། སྐྱེས་སྐར་རོལ་བ། སློབ་རིམ་འཕར་བ། ལས་གཞི་འགོ་འཛུགས་མཛད་སྒོ་སོགས་ཀྱི་བྱ་བར་བཀོད་སྒྲིག་བྱེད་པ་དང་དེའི་ནང་ཞུགས་ཚེ། གཤམ་གྱི་བྱ་མི་རུང་བ་བདུན་གྱི་བསམ་སྤྱོད་ཡོད་མི་ཆོག་སྟེ། ལས་ཀའི་དབང་ཆ་དང་ལས་དོན་གྱི་ཤུགས་རྐྱེན་ལ་བརྟེན་ནས་རང་དགར་ཆུད་ཟོས་གཏོང་བ་དང་། མགོ་བདེ་གླགས་འཚོལ་གྱིས་ལྐོག་རྔན་ལེན་པ། དོན་དག་གཅིག་ལ་གོ་རིམ་བགོས་ནས་ས་གནས་ཁག་མང་པོར་བསྒྲུབ་པ་སོགས་ཀྱི་རྒྱས་སྤྲོས་བྱེད་པ། དོ་དམ་ཞབས་ཞུ་བྱ་ཡུལ་དང་གཞན་པའི་དབང་ཆ་བཀོལ་སྤྱོད་དང་འབྲེལ་བའམ་དྲང་བདེན་གྱིས་སྤྱི་དོན་བསྒྲུབ་པར་ཤུགས་རྐྱེན་ཐེབས་པའི་མི་སྒེར་དང་ལས་ཁུངས་ཀྱི་ཤོག་སྒོར་དང་དངོས་རྫས། དངུལ་འཛིན་སོགས་བདག་ཐོབ་བྱེད་པ། གཞུང་སྒོར་གྱིས་གཉེན་སྒྲིག་དང་འདས་མཆོད་བསྒྲུབ་པ་སོགས་ཀྱི་བྱ་བར་འགྲོ་སོང་བཏང་ནས་རྩིས་ཐོ་གཙང་ཞུ་བྱེད་པ། སྒྲིག་འགལ་གྱིས་གཞུང་གི་རླངས་འཁོར་དང་གཞུང་གི་ཐོན་ཁུངས་བེད་སྤྱོད་དང་བདག་དབང་བྱེད་པ། རྒྱུན་ལྡན་གྱི་གཞུང་དོན་བྱེད་སྒོ་དང་ལས་ཁུངས་ཀྱི་བྱ་བ། འགྲིམ་འགྲུལ་སྒྲིག་སྲོལ་སོགས་ལ་རྐྱེན་ངན་བཟོ་བ། སྤྱི་ཚོགས་ཀྱི་སྤྱི་བའི་སྒྲིག་སྲོལ་ལ་ཤུགས་རྐྱེན་ཐེབས་པ་དང་། སྤྱི་བའི་བདེ་འཇགས་ལ་གནོད་སྐྱོན་བཟོ་བ་སོགས་ཀྱི་བྱེད་སྒོ་རྩ་འཛུགས་བྱེད་པ། གཞན་པའི་སྲིད་གཙང་རང་གཅུན་གྱི་སྒྲིག་སྲོལ་དང་བྱ་སྤྱོད་ལ་འགལ་བ་སོགས་བྱེད་མི་རུང་ངོ་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1