སྐབས་བདུན་པའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་ཟླ་7ཚེས་28ཉིན་འཚོགས་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-18


      མངའ་རིས་ས་ཁུལ་གྱི་སྐབས་བདུན་པའི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་ཟླ་7ཚེས་28ཉིན་གཟབ་རྒྱས་ངང་འཚོགས་རྒྱུ་ཡིན་ཞིང་། དེ་ལ"མཛེས་སྡུག་གི་ཞང་ཞུང་། མཁའ་དབྱིངས་ཀྱི་མངའ་རིས"ཞེས་པ་བརྗོད་གཞི་བྱས་པའི་རིག་རྩལ་འཁྲབ་སྟོན་དང་། ཞང་ཞུང་རིག་གནས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་དང་། མངའ་རིས་——ཏུན་ཧོང་རིག་གནས་རྗེས་ཤུལ་སྲུང་སྐྱོབ་དང་མཐུན་ཚོགས་འཕེལ་རྒྱས་གྲོས་མོལ་ཚོགས་འདུ། མཚན་གྱི་སྤྱི་གླིང་བརྗོད་གཞི་བྱས་པའི་གནམ་དཔྱད་སྐོར་གྱི་བྱེད་སྒོ། ས་ཁུལ་འཛུགས་སྐྲུན་མཐུན་ཚོགས་ཀྱི་"འབྱོར་འབྲིང་བུམ་པ"ཞེས་པའི་སྲོལ་རྒྱུན་རྟ་རྒྱུག་འགྲན་བསྡུར། ཚོང་འགུག་མ་འདྲེན་གྱི་མིང་རྟགས་འགོད་པའི་ཚོགས་འདུ། “འཛམ་གླིང་ཡང་རྩེའི་གྲོག་རོང་ལ་ལྟད་མོར་སྐྱོད་པ་དང་། གནའ་བོའི་ཞང་ཞུང་རིག་གནས་ལ་གཟིགས་སྐོར་”ཞེས་པའི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ། མངའ་རིས་ས་ཁུལ་ནས་བུད་པའི་རིག་དངོས་དང་མཛེས་སྡུག་གི་མངའ་རིས་ཀྱི་བརྙན་རིས་འགྲེམས་སྟོན། དངོས་ཟོག་བརྗེ་རེས་དང་ཡུལ་སྐོར་དྲན་རྟེན་ཐོན་རྫས་ཀྱི་འགྲེམས་ཚོང་། དེང་རབས་ཀྱི་ཐང་གའི་བརྩམས་ཆོས་བརྒྱའི་འགྲེམས་སྟོན། ཉིང་ཁྲི་དང་ཆབ་མདོ། ཡན་ཨན་ས་ཁུལ་གསུམ་གྱི་རིག་རྩལ་སྤེལ་རེས་ཀྱི་འཁྲབ་སྟོན་སོགས་ཀྱི་བྱེད་སྒོ་ཕུན་སུམ་ཚོགས་པོ་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1