ཕེང་ཆིང་ཧྭ་འབྲུབ་འགོག་གནོད་སེལ་གྱི་འབྲེལ་ཡོད་སྡེ་ཁག་ཏུ་རྟོག་ཞིབ་ལ་ཕེབས་པ།
མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-18
ཉེ་ལམ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་འབྲུབ་འགོག་གནོད་སེལ་གྱི་འབྲེལ་ཡོད་སྡེ་ཁག་ཏུ་རྟོག་ཞིབ་དུ་ཕེབས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་འབྲུབ་འགོག་གནོད་སེལ་གྱི་ལས་ཀའི་བཀོད་གཏོང་བཀོད་སྒྲིག་ཚོགས་འདུ་ལ་གཙོ་སྐྱོང་གནང་ནས་འཚོགས་ཏེ། ཉེ་ལམ་གྱི་ཞིང་ཆེན་ཡོངས་ཀྱི་གནམ་གཤིས་དཔྱད་དཔོག་སྔོན་བརྡ་དང་ས་གཤིས་གནོད་འཚེ་འགོག་བཅོས། ཉེན་སེལ་རྒུད་སྐྱོབ། བདེ་འཇགས་ངང་འབྲུབ་འགོག་ལས་བརྒལ་བ་སོགས་ཀྱི་ལས་ཀར་བཀོད་གཏོང་བཀོད་སྒྲིག་གནང་བ་རེད། ཁོང་གིས་ས་ཁུལ་སོ་སོའི་སྡེ་ཁག་སོ་སོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནོད་འགོག་གནོད་སེལ་དང་རྒུད་སྐྱོབ་ཀྱི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་མོ་བྱེད་པ་དང་། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་འབྲུབ་འགོག་གནོས་སེལ་ཐད་ཀྱི་བཀོད་སྒྲིག་བླང་བྱ་ཁག་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ནས། མུ་མཐུད་དུ་དམག་འཐབ་བྱེད་པ་དང་ཞུམ་མེད་བློ་བརྟན་གྱི་སྤྱོད་ཚུལ་དར་སྤེལ་བཏང་སྟེ། གོམ་གང་མདུན་སྤོས་སྒོས་དམག་འཐབ་བྱེད་པའི་གྲ་སྒྲིག་དང་ཚན་རིག་དང་མཐུན་པའི་མཛུབ་སྟོན་བཀོད་སྒྲིག ལས་ཀའི་བཀོད་སྒྲིག་ཞིབ་ཕྲར་གཏང་ནས། འབྲུབ་འགོག་གནོད་སེལ་དང་བདེ་འཇགས་ངང་འབྲུབ་འགོག་ལས་བརྒལ་བར་ནུས་ཤུགས་ཡོད་རྒུ་བཏོན་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་གང་ལེགས་བྱ་དགོས་ཞེས་གསུངས།
ཕེང་ཆིང་ཧྭ་ཡིས་འགན་འཁྲི་དོན་འཁྱོལ་བྱེད་པའི་ཐད་དུ། གོམ་གང་མདུན་སྤོས་སྒོས་ཞིང་ཆེན་དང་གྲོང་ཁྱེར། རྫོང་དང་ཤང་སྡེ་མཐུན་སྦྱོར་མཉམ་འབྲེལ་དང་གཅིག་གྱུར་ནུས་མཐོ་ཡི་མཛུབ་སྟོན་སྒྲིག་གཞི་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བ། རིམ་པ་སོ་སོའི་ཏང་སྲིད་འགོ་ཁྲིད་གཙོ་བོ་དང་ཁག་བགོས་འགོ་ཁྲིད་ཀྱིས་སྔོན་དུ་མཛུབ་སྟོན་བྱེད་པ་དང་འབྲེལ་ཡོད་སྡེ་ཁག་གིས་རམ་འདེགས་གང་ལེགས་བྱས་ཏེ། འབྲུབ་འགོག་གནོད་སེལ་གྱི་བཀོད་སྒྲིག་ཁག་གི་བླང་བྱ་དག་གཞི་རིམ་དང་ཞིབ་ཕྲའི་མི་སྣའི་ཐོག་ཏུ་དོན་འཁྱོལ་བྱེད་པ། འགོ་ཁྲིད་ཀྱིས་ལས་ཞུགས་སྣེ་ཁྲིད་དང་ཆུ་ཚོད་ཉེར་བཞིའི་རིང་གི་ལས་རེས་བྱེད་པ་སོགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱས་ནས། ལས་ཀར་འགན་མི་ཁུར་བ་དང་རྩ་འཛུགས་ཀྱི་མཛུབ་སྟོན་མི་ལེགས་པས་བཟོས་པའི་མཇུག་འབྲས་ངན་པ་བཟོས་པ་དག་ལ་འགན་འཁྲི་བདའ་འདེད་ནན་མོ་བྱ་དགོས་བཅས་བསྟན་པ་རེད།།