འཛམ་ཐང་རྫོང་གིས་གཞི་རྩ་གསུམ་གནད་དུ་བཟུང་།

མགོན་པོ་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-20



      ད་ལོར། འཛམ་ཐང་རྫོང་གིས་སློབ་གསོ་དང་ལམ་ལུགས།  གསར་གཏོད་བཅས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་གནད་དུ་བཟུང་ནས། གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་དང་ཏང་སྐྱོང་ཆ་ཀུན་ནས་ཇེ་ལེགས་སུ་གཏོང་བར་སྐུལ་མ་བཏང་བས། གཞི་རིམ་གྱི་ཏང་སྐྱོང་དུས་རིམ་གསར་པ་ཞིག་ཏུ་བསྐྱོད།   
      གཞི་རིམ་གྱི་ལས་བྱེད་པའི་འཇོན་ཐང་ལེགས་སུ་གཏོང་བར་སློབ་གསོ་གཞི་རྩར་འཛིན་དགོས། རྫོང་ཧྲིལ་བོའི་ཡུལ་ཚོ་དང་གྲོང་རྡལ་བཅུ་གཉིས་ཀྱིས་སློབ་སྦྱོང་བྱེད་པ་གཞི་ལ་བཞག་ནས་མི་འདང་ས་བསལ་པ་དང་།  ཏང་གཤིས་ལེགས་སུ་གཏོང་བར་དམིགས་འབེན་དུ་བཟུང་སྟེ། དུས་བཅད་ལྟར་གཞི་རིམ་གྱི་ལས་བྱེད་པ་རྣམས་ལ་ཏང་གི་རྨང་གཞིའི་ཤེས་བྱ་དང་། ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས། ཚན་རྩལ་འཕེལ་རྒྱས་སོགས་ཀྱི་ཤེས་བྱའི་སྐོར་གྱི་ཟབ་སྦྱོང་ཐེངས96སྤེལ་ཅིང་། དེར་ཞུགས་མཁན་ཏང་ཡོན་ལས་བྱེད་པ་སྔ་ཕྱིར3000ལྷག་ཡོད་པས། ཏང་ཡོན་ལས་བྱེད་པའི་ཏང་གཤིས་ཇེ་བཟང་དུ་འགྲོ་བར་རྔོ་ཆེན་པོ་ཐོགས།   
       གཞི་རིམ་གྱི་ཏང་རྩ་འཛུགས་ལེགས་སུ་གཏོང་བར་ལམ་ལུགས་འཐུས་ཚང་དུ་གཏོང་བར་གཞི་རྩར་འཛིན་དགོས། ལོ་མགོར།  ཚོགས་འདུ་གསུམ་དང་སློབ་ཁྲིད་གཅིག་དང་ཏང་གི་ལས་ཀ་པའི་སློབ་སྦྱོང་གི་གྲུབ་འབྲས་སོགས་འབྲེལ་ཡོད་ཀྱི་ལས་ཀ་རྣམ་པ་ལྔའི་ལམ་ལུགས་བཅས་འཐུས་ཚང་དུ་བཏང་། གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་ཀའི་ལམ་ལུགས་དང་གྲོས་ཚོགས་ཀྱི་ལམ་ལུགས་སོགས་གསར་དུ་བཅོས་པའི་ཏང་གི་སྒྲིག་ཡིག་གཞི་བཟུང་བས། གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་ལས་ཀ་སོ་སོར་བདེ་བླག་ངང་བསྒྲུབ་པར་ཁག་ཐེག་བྱས།  
      གཞི་རིམ་གྱི་ལས་བྱེད་པའི་བྱང་ཚད་ལེགས་སུ་གཏོང་བར་གསར་གཏོད་གཞི་རྩར་འཛིན་དགོས། གཞི་རིམ་ཏང་ཡོན་ལས་བྱེད་པས་འཇོན་ནུས་མུ་མཐུད་དུ་ཇེ་ལེགས་སུ་བཏང་ནས་མི་དམངས་ཀྱི་སྣེ་ཁྲིད་དེ་གསར་གཏོད་ཀྱི་ལས་ལ་འཇུག་དགོས། རྫོང་ཧྲིལ་བོའི་ཡུལ་ཚོ་དང་གྲོང་རྡལ་བཅུ་གཉིས་ཀྱི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་རང་འགན་ཕྱི་བཤོལ་མེད་པར་བསྒྲུབས་ཏེ། སྤྱིའི་བྱང་ཚད་མཐོར་བཏང་ནས་ཏང་ཡོན་ལས་བྱེད་པ་གཞོན་སྐྱེས་རྣམས་སྣེ་ཁྲིད་དེ་གསར་གཏོད་ཀྱི་ལམ་བུར་བསྙེག་དགོས།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1