མཛོད་དགེའི་ཨ་མདོའི་རྒྱུགས་འགྲན་ཚོགས་ཆེན་མོ་དངོས་སུ་མགོ་བརྩམས་པ།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 07-21


                      མཛོད་དགེ་རྫོང་ཨ་མདོ་རྟ་རྒྱུགས་མི་རིགས་སྲོལ་བཟང་ཡར་སྐུལ་མཐུན་ཚོགས་ཀྱི་སྐབས་དྲུག་པའི་ཨ་མདོའི་རྟ་རྒྱུགས་འགྲན་ཚོགས་ཆེན་མོ་ཟླ་7པའི་ཚེས་19ཉིན་དགེ་བསྙེན་ལ་བགོ་དཀར་པོའི་རྒྱབ་ལོག་གི་ཁོད་ཡངས་བའི་རྩྭ་ཐང་ནས་དངོས་སུ་མགོ་བརྩམས་པ་རེད། ཐེངས་འདིར། སི་ཁྲོན་དང་མཚོ་སྔོན། ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་རྫོང་ཁག21ནས་རྟ་མཆོག730ལྷག་འགྲན་སྡུར་དུ་ཞུགས་ཡོད།
                     རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རྟ་རྒྱུགས་འགྲན་ཚོགས་ཟླ7པའི་ཚེས19ནས24ཉིན་བར་སྤེལ་རྩིས་ཡོད་ལ། ཐེངས་འདིར་རྒྱུགས་ཐག་འབྲོག་རྟའི་རིགས་ཀྱི་སྨི1000ཅན་དང་སྨི2000ཅན། སྨི3000ཅན། སྨི5000ཅན། སྨི10000ཅན། ཕྱི་རྟའི་རིགས་ཀྱི་སྨི2000ཅན་གྱི་འགྲན་བསྡུར་སོགས་ཡོད་པ་མ་ཟད། ད་དུང་སྨི2000ཅན་གྱི་རྟ་པོའི་གོམ་གཤིབ་འགྲན་སྡུར་ཡང་ཡོད། རྟ་རྒྱུགས་འགྲན་བསྡུར་ལས་གཞན་རྫོང་ནང་ཁུལ་གྱི་གཞོན་ནུའི་ལང་ཚོ་འགྲན་སྡུར་དང་། རྟ་ཕོའི་སྐྱེས་མཆོག་འགྲན་སྡུར། རྟ་ཐོག་གི་གནའ་སྲོལ་དམངས་གླུ་འགྲན་བསྡུར་བཅས་ལྟད་མོ་ཕུན་སུམ་ཚོགས་པ་ཡོད་པ་རེད།

                  མཛོད་དགེ་རྫོང་ཨ་མདོ་རྟ་རྒྱུགས་མི་རིགས་སྲོལ་བཟང་ཡར་སྐུལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་བཀྲ་ཤིས་ཀྱིས། ཐེངས་འདིའི་རྟ་རྒྱུགས་ཁྲོད་རང་ཡུལ་གྱི་རྟ་ཡོད་ལ། དབྱིན་ཇི་དང་ཞིན་ཞི་ལན་སོགས་ནས་འོང་བའི་རྟ་མིང་གྲགས་ཅན་ཡང་ཡོད། རྩྭ་ཐང་ཆེས་མཛེས་པའི་དུས་ཚིགས་སུ་རྟ་རྒྱུགས་འགྲན་བསྡུར་བྱེད་པ་ནི་ཤོག་ཀ་དང་ཤོག་ཀའི་བར་མ་ཟད། མི་རིགས་ཕན་ཚུན་བར་གྱི་མཛའ་བརྩེ་ཇེ་ཟབ་དུ་གཏོང་བའི་ལམ་བུ་ཡག་པོ་ཞིག་ཡིན་པར་སྙམ་ཞེས་བཤད་བྱུང་། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1