༄༅།། 《ནུབ་སྐྱོད་སྒྲུང་ཐོ》བོད་འགྱུར་ལ་རགས་ཙམ་དཔྱད་པ།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 07-23


སྤྱིར་ལོ་ཙཱ་ནི་མི་རིགས་གཅིག་གི་རིག་གནས་གོང་དུ་འཕེལ་བའི་ལམ་བུ་ཉག་ཅིག་ཡིན་ཏེ། ལོ་ཙཱ་མེད་ན་མི་རིགས་གང་དང་གང་ཡིན་ཡང་སྔོན་དུ་འཕེལ་བའི་སྐལ་མེད། བོད་མི་རིགས་ལ་མཚོན་ན། དུས་སྔ་མོ་ནས་སངས་རྒྱས་ཆོས་ལུགས་སྐོར་གྱི་གཞུང་ལུགས་རང་ལ་བསྒྱུར་མེད་ན། བོད་ཀྱི་ལོ་རྒྱུས་སུ་དེ་འདྲའི་མཁས་པ་ཆེན་པ་མང་པོ་བྱུང་མི་ཐུབ་ལ། བོད་མི་རིགས་ཀྱིས་འཛམ་གླིང་གི་སྔ་ནས་འདི་འདྲ་ཕུན་ཚོགས་པའི་རིག་གནས་ཀྱང་མངོན་མི་སྲིད། གལ་ཏེ་བོད་མི་རིགས་ཀྱི་དུས་སྔ་མོ་ནས་ནུབ་གླིང་གི་ཚན་རིག་རིག་གནས་ཀྱི་སྐོར་ཡང་རང་ལ་བསྒྱུར་ཡོད་ན། བོད་ཀྱི་ལོ་རྒྱུས་ཀྱང་གནས་བབས་འདི་འདྲ་ཞིག་ཏུ་འཁོར་མི་འདུག་ལ། བོད་མི་རིགས་ཀྱང་འཛམ་གླིང་གི་སྔ་ན་འདི་འདྲ་ཉམས་དམའ་བའི་ཚུལ་དུ་གནས་མི་སྲིད། མདོར་དེད་ན་ཐམས་ཅད་ལོ་ཙཱ་ལ་ཐུག་ཡོད་པ་ཞིག་སྟེ། ལོ་ཙྰ་ཡོད་ན་འཕེལ་རྒྱས་ཀྱང་ཡོད་ལ། ལོ་ཙཱ་མེད་ན་འཕེལ་རྒྱས་ཀྱང་མེད། མི་རིགས་གང་དང་གང་ངམ་རྒྱལ་ཁབ་གང་དང་གང་གི་ལོ་རྒྱུས་ལ་གཞིགས་ན་ཡང་། ཕལ་ཆེར་ལོ་ཙཱ་ལ་བརྟེན་ནས་གོང་འཕེལ་དུ་སོང་བ་ནི་མངོན་སུམ་ཡིན་པ་ཤེས་ཐུབ། དེས་ན་ལོ་ཙཱ་ཞེས་བ་ནི་འཇིག་རྟེན་མིག་གི་དོན་ཡིན་པ་ནི་གནད་འདི་ལ་ཐུག་གོ་སྙམ།

ནུབ་སྐྱོད་སྒྲུང་ཐོ་ནི་ཀྲུང་གོའི་བརྩམས་སྒྲུང་གྲགས་ཆེན་བཞིའི་གྲས་ཡིན་ཏེ། དེ་བྱུང་བ་ནས་བཟུང་རྒྱལ་ཁབ་གཞན་དང་གཞན་དུ་རིམ་གྱིས་མཆེད་དེ་མི་རིགས་གང་མང་གི་སྐད་དུ་བསྒྱུར་ཡོད། རྒྱ་བོད་རིག་གནས་འབྲེལ་འདྲིས་ཀྱིས་ལོ་རྒྱུས་ཁྲོད་དུ་རྒྱའི་བརྩམས་སྒྲུང་གང་མང་ཡང་བོད་དུ་ཁྱབ་པ་སྟེ། ཧ་ལམ་དུས་རབས་བཅུ་དགུའི་མགོ་ཙམ་ལ་ནུབ་སྐྱོད་སྒྲུང་ཐོའི་བོད་འགྱུར་མཐང་སིན་བླ་མའི་རྣམ་ཐརབྱུང་བ་རེད། དེ་ནི་དོན་སྒྱུར་འབའ་ཞིག་ཏུ་བགྱིས་ཤིང་བོད་རང་གི་རིག་གནས་ཁོར་ཡུག་དང་འཚམ་པར་བཅོས་ཡོད། ཀྲུང་གོ་བཅིངས་འགྲོལ་བྱུང་པའི་ལོ་རབས་བརྒྱད་ཅུའི་ནང་། རྒྱལ་ནང་ཡོངས་སུ་རིག་གནས་ཡང་བསྐྱར་འཕེལ་རྒྱས་བྱུང་བ་དང་བསྟུན། ཐང་སིན་བླ་མའི་རྣམ་ཐརཞེས་ནུབ་སྐྱོད་སྒྲུང་ཐོ་སྐོར་གྱི་བོད་འགྱུར་མ་གཉིས་པ་བྱུང་བ་རེད། དེ་ནི་ཕལ་ཆེར་ཐད་སྒྱུར་བྱས་ཡོད་པ་རེད། ཕྲན་གྱིས་གཤིབ་བསྡུར་གྱི་དཔྱད་ཐབས་གཙོ་བོར་སྤྱད་དེ། ནུབ་སྐྱོད་སྒྲུང་ཐོ་རྒྱའི་མ་ཡིག་དང་བོད་འགྱུར་མ་ཐང་སིན་བླ་མའི་རྣམ་ཐརགཉིས་བརྗོད་བྱ་རྗོད་བྱེད་གཉིས་ཐད་ནས་གཤིབ་བསྡུར་རགས་ཙམ་བྱས་ཏེ། ནུབ་སྐྱོད་སྒྲུང་ཐོ་དེ་བོད་ཀྱི་རིག་གནས་ཁོར་ཡུག་ཏུ་ཇི་ལྟར་དྲངས་ཡོང་བ་དཔྱད་པའི་དམིགས་སུ་བཟུང་བ་དང་། དེ་ནས་ཐང་སིན་བླ་མའི་རྣམས་ཐརདངཐང་སིན་བླ་མའི་རྟོགས་བརྗོདགཉིས་གཤིབ་བསྡུར་བྱས་ཤིང་དེ་གཉིས་ཀྱི་འབྲེལ་བ་གཞིར་བཟུང་ནས་དཔྱད་པ་བཏང་ཡོད། བོད་ལ་ཡོངས་སུ་རྫོགས་པ་ཞིག་བསྒྱུར་མ་ཐུབ་པའི་རྐྱེན་ལ་ཅུང་ཟད་དཔྱད་པའོ། །

དང་པོ། ནུབ་སྐྱོད་སྒྲུང་ཐོ་བོད་ལ་མཆེད་པའི་ལོ་རྒྱུས་ཁོར་ཡུག

ནབ་སྐྱོད་སྒྲུང་ཐོ་ནི་ཀྲུང་གོའི་སྒྲུང་ཆེན་གྲགས་བཞིའི་ཡ་གྱལ་ཞིག་ཏེ། དེ་ནི་དུས་རབས་བཅུ་དྲུག་གི་སྐབས་རྒྱ་ནག་གི་མཁས་པ་ལྦུ་ཁྲིན་ཨིན་གྱིས་སྔར་གྱི་ཐང་སིན་བླ་མའི་སྐོར་གྱི་གཏམ་རྒྱུད་དང་བཟློས་གར་སོགས་ཀྱི་རྨང་གཞིའི་སྟེང་དུ་རང་རྩལ་ཁྱད་དུ་བཏོན་ཏེ་ལེའུ་བརྒྱ་ཅན་གྱི་སྒྲུང་དེབ་དུ་བརྩམས་པ་རང་རེད། ནུབ་སྐྱོད་སྒྲུང་ཐོའི་ཚིག་སྦྱོར་ཕུན་སུམ་ཚོགས་པ་ནི་རྒྱའི་ཕུལ་དུ་བྱུང་བའི་སྙན་ངག་གི་ཁྱད་ཆོས་ལྡན་པ་མ་ཟད། ནང་དོན་ལ་སངས་རྒྱས་ཆོས་ལུགས་དང་ཏའོ་ཅའོ་ཆོས་ལུགས་ཀྱི་རིག་གནས་འདྲིས་མུས་སུ་ཡོད་པའི་ཁྲོད་མི་སྣའི་བཟོ་བྲིས་ཤིན་ཏུ་ཉམས་དགའ་བ་དང་། གཏམ་རྒྱུད་བརྒྱུད་རིམ་གྱིས་ཡིད་སེམས་དབང་མེད་དུ་འཕྲོག་པས་ན་ཀློག་པ་པོ་ཀུན་གྱིས་དགའ་བསུ་བྱས་པ་རེད། དེང་སང་ནུབ་སྐྱོད་སྒྲུང་ཐོ་རྒྱལ་ཁབ་མང་པོར་འགྱུར་ཡོད་པ་དང་། ནུབ་སྐྱོད་སྒྲུང་ཐོའི་སྐོར་གྱི་རིག་གནས་ཀྱང་འཛམ་གླིང་ཡོངས་ལ་ཁྱབ་ཡོད། རྒྱ་བོད་མི་རིགས་གཉིས་ནི་ལོ་རྒྱུས་སྔ་མོ་ནས་ཕན་ཚུན་འབྲེལ་འདྲིས་ཆེ་བ་དང་། རྒྱའི་རིག་གནས་བོད་ལ་དར་དང་དར་མུས་སུ་འགྲོ་བ་མ་ཟད། བོད་ཀྱི་རིགས་གནས་མང་པོ་ཞིག་ཀྱང་རྒྱ་རུ་མཆེད་པ་རེད། ནུབ་སྐྱོད་སྒྲུང་ཐོ་ནི་རྒྱའི་རྩོམ་རིགག་གནས་ཁྲོད་ཀྱི་ཉིང་བབཅུད་ལྟ་བུ་ཡིན་པས་ན། དེ་བོད་དུ་མཆེད་པ་ནི་སྨྲ་མི་དགོས་པའི་དོན་དག་ཅིག་རེད། དེས་ན་ནུབ་སྐྱོད་སྒྲུབ་ཐོ་དེ་ནི་ཇི་ལྟར་བྱུང་བ་དང་། དེ་བོད་ལ་སྒྱུར་བར་རིགས་གནས་དང་ལོ་རྒྱུས་སྐོར་གྱི་མཐུན་རྐྱེད་གང་དག་ཡོད་པ་ནི་སྐབས་སུ་བབས་པའི་བརྗོད་བྱའོ། །

 གཉིས་པ། ནུབ་སྐྱོད་སྒྲུང་ཐོའི་བྱུང་བ་རགས་ཙམ་བརྗོད་པ།

   ནུབ་སྐྱོད་སྒྲུང་ཐོའི་བརྗོད་བྱ་གཙོ་བོ་ནི། ཐང་སིན་བླ་མ་དང་ཁོང་གི་སློབ་མ་སྤྲེའུ་རྒྱལ་པོ་དང་། ཕག་མགོ་ཅན། ཧྭ་ཤིང་གདོང་ནག་བཅས་བཞི་པོ་རྒྱ་གར་འཕགས་པའི་ཡུལ་དུ་སངས་རྒྱས་ཀྱི་ཆོས་ལེན་དུ་སོང་བའི་ལམ་བར་གྱི་གཏམ་རྒྱུད་སྣ་ཚོགས་བསྡུས་ཡོད་པ་དེ་རེད། ཐང་སིན་བླ་མ་ཞེས་པ་སྟེ་རྒྱ་ནག་ཐང་རྒྱལ་རབས་དུས་ཀྱི་བཙུན་པ་ཤན་ཙང་རྒྱ་གར་དུ་སོང་ནས་སངས་རྒྱས་ཀྱི་ཆོས་གཞུང་མང་པོ་རང་ཡུལ་དུ་གདན་དྲངས་ཤིང་རྒྱ་ཡིག་ཏུ་བསྒྱུར་བ་ནི་ལོ་རྒྱུས་ཀྱི་དོན་དག་ངོ་མ་ཡིན་ཏེ། ཐང་ཤན་ཙང་གིས་སྲོག་ལ་ཐུག་པའི་ཉེན་ཁ་གྲངས་མེད་ཁྱད་དུ་བསལ་ནས་སྔ་ཕྱི་ལོ་ངོ་བཅུ་བདུན་རིང་ལ། ཕར་ཆེར་ལེ་དབར་ཁྲི་ཕྲག་ཁ་ཤས་བསྐྱོད་དེ་རྒྱ་གར་ནས་སམ་སྐྲི་ཏའི་སྐད་ཀྱི་སངས་རྒྱས་ཆོས་པོ་ཏི་དྲུག་བརྒྱ་ལྷག་ཙམ་ཀྲུང་གོར་ཁྱེར་ཡོང་བ་མ་ཟད། རང་ཉིད་ཀྱིས་ལོ་ཙཱ་བའི་འགན་གཙོ་བོ་ཁུར་ནས་དེ་དག་རྒྱ་ཡིག་ཏུ་བསྒྱུར་པ་རེད། དེ་བས་ཁོང་ནི་ཀྲུང་གོ་ལོ་རྒྱུས་སྟེང་གི་ལོ་ཙཱ་བ་གྲགས་ཆེན་བཞིའི་གཅིག་ཡིན་ནོ། །

       རྒྱ་ནག་སྤྲུལ་སྐུ་ཡིས་བསྒྱུར་པའི་ཐང་སིན་བླ་མའི་རྣམ་ཐརགྱི་མཇུག་བྱང་དུ། ལར་དོན་ལ་ཐང་སིན་བླ་མ་ཞེས་ཡོངས་སུ་གྲགས་པའི་བྱང་ཆུབ་སེམས་དཔའ་འདི་ཉིད་ནི་འཕགས་མཆོག་པད་དཀར་འཆང་བའི་རྣམ་འཕྲུལ་ཡིན་པས་སོ། ཐུན་མོང་གི་རྣམ་ཐར་དང་ཐུན་མོང་མ་ཡིན་པའི་རྣམ་ཐར་གཉིས་སུ་ཡོད་པ་ལས་འདི་ནི་ཐུང་མོང་མིན་པའི་རྣམ་ཐར་ཡིན། དེ་ཡིན་པའི་རྒྱུ་མཚན་གང་ཡིན་ཞེ་ན། རྫོགས་པའི་སངས་རྒྱས་དངོས་དང་མཇལ་པའི་སྐབས་སོགས་ཀྱི་བསྟན་ཏོ། ཐུན་མོང་དུ་ནི་འཕགས་ཡུལ་གྱིན་པན་ཊི་ཏ་འདུལ་བཟང་གི་དྲུང་དུ། མདོ་སྡེ་དགོངས་པ་ངེས་འགྲེལ། མདོ་སྡེ་ལིང་ཀར་གཤེགས་པ། བྱམས་ཆོས་སྡེ་ལྔ་སོགས་བསྒྱུར་ནས། མ་ཧཱ་ཙི་ནའི་ཡུལ་དུ་རྒྱ་ཆེན་སྤྱོད་རྒྱུད་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་ཡིད་ཅན་ཀུན་ཐར་ལམ་ལ་བཀོད་པ་སོགས་མཛད་འཕྲིན་རྨད་དུ་བྱུང་བའི་བཤད་པ་གཞན་ཡང་ཡོད་དོ།  དེ་བཞིན་གོང་དུ་སྨྲས་པའི་ཐང་ཤན་ཙང་གི་ལོ་རྒྱུས་ཀྱི་མཛད་པ་དག་ནི་ཐུན་མོང་གི་བློ་ངོར་འཕྲོད་ངེས་པ་དང་། རྣམ་ཐར་ངོ་མ་ལྟ་བུར་སོང་བས་དེ་ལ་ཐུན་མོང་གི་རྣམ་ཐར་ཟེར་བ་ཡིན། ནུབ་སྐྱོད་སྒྲུང་ཐོ་ནི་ཐང་ཤན་ཙང་གི་ལོ་རྒྱུས་དེ་ལ་བརྟེན་ནས་རྟོག་བཟོ་བྱས་པའི་གཏན་རྒྱུད་ཡིན་པས། ཐུན་མོང་མ་ཡིན་པའི་རྣམ་ཐར་ཞེས་སྦྱར་བ་རེད། དེའི་བྱུང་རིམ་ནི་བརྩམས་སྒྲུང་གི་གྲུབ་ཆ་གསུམ་པོ་ལྟར་མི་སྣ་དང་། རྒྱུད་རིམ། ཁོར་ཡུག་བཅས་གསུམ་བྱས་ནས། ཅུང་ཟད་བརྗོད་པར་བྱ།

གསུམ་པ། ནུབ་སྐྱོད་སྒྲུང་ཐོ་བོད་ལ་བསྒྱུར་པའི་ལོ་རྒྱུས།

        ནུབ་སྐྱོད་སྒྲུང་ཐོའི་བརྩམས་སྒྲུང་བྱུང་བ་ནས་བཟུང་རྒྱལ་ཁབ་གཞན་གྱི་སྐད་རིགས་མང་པོ་ལ་སྒྱུར་པ་མ་ཟད། སྒྱུར་མིང་ལ་ཡང་སྤྲེའུ་དང་། སྤྲེའུ་རྒྱལ་པོ། སྐྱེས་བུ་དམ་པ་རྒྱ་གར་དུ་སྐྱོད་པ། སྤྲེའུ་དང་ལྷ་བདུད་བར་གྱི་འཐབ་རྩོད་སོགས་ཁ་བྱང་ནི་སྣ་མིན་སྣ་ཚོགས་སུ་བསྒྱུར་ཡོད། གནའ་སྒྲུང་འདི་རྒྱལ་ཁབ་གཞན་དུ་ཐོག་མར་ཁྲའོ་ཞན་གྱི་ཡི་གེ་རུ་སྒྱུར་པ་དང་།ནང་དོན་ཆ་ནས་ཐང་སིན་རྒྱ་གར་དུ་ཆོས་ལེན་པར་འགྲོ་བ་རྐྱང་རྐྱང་ཡིན་པས་ནུབ་སྐྱོད་སྒྲུང་ཐོ་མ་ཡིག་དང་བསྡུར་ན་གཅིག་མ་གཅིག་མཚུངས་ཞིག་མ་རེད། བོད་སྐད་དུ་དེའི་མཚན་བྱང་ལའང་ཐང་སིན་བླ་མའི་རྟོགས་བརྗོད། ཐང་སིན་བླ་མའི་རྣམ་ཐར ། ནུབ་ཕྱོགས་རྒྱལ་ཁམས་འགྲིམས་པའི་ཟིན་བྲིས། ནུབ་ཕྱོགས་སུ་གནས་སྐོར་ཕྱིན་པའི་སྒྲུང་། ཐང་སན་ཙམ་གྱི་རྣམ་ཐར་སོགས་སུ་བསྒྱུར་པ་རེད།

 བཞི་པ།  དོན་གྱི་སྒྱུར་ཐབས་ཆ་ནས་དཔྱད་པ།

     སྤྱིརཐང་སིན་བླ་མའི་རྣམ་ཐརནི་དོན་སྒྱུར་བྱས་ནས་བྱུང་བ་ཞིག་ཡིན་མོད། བསྒྱུར་ཐབས་ཀྱི་ཆ་ནས་མ་ཡིག་དང་འགྱུར་ཡིག་གཉིས་ཀ་བྱེ་བྲག་ཏུ་བསྡུར་ན། འགྱུར་མིང་ལ་མ་ཡིག་དང་མི་འདྲ་བའི་རང་གི་ཁྱད་ཆོས་ཡོད་པ་མ་ཟད། ལོ་ཙཱ་བས་མ་ཡིག་གི་མིང་དོན་མ་གོ་བའི་འགྱུར་སྐྱོན་ཀྱང་མང་པོ་ཡོད། འདིར་མ་ཡིག་དང་འགྱུར་གཉིས་ལས་དཔེར་བརྗོད་ཚན་པ་གཉིས་དྲངས་ཏེ་དཔྱད་པར་བྱ།  དཔེ་བརྗོད་དང་པོ། ཐང་སིན་བླ་མའི་རྣམ་ཐརགྱི་ལེའུ་བདུན་པ། ཕག་སྲིན་འདུལ་པོའི་སྐོར་ལས།  མ་ཡིག་གི་དོན་ནི་ཀའོ་ལའོ་གྲོང་དུ་དོན་དག་ཡ་མཚན་པོ་ཞིག་བྱུང་བ་སྟེ། ཀའོ་ཚང་གི་སྲས་མོ་གནས་དཔོན་གྱིས་བཙན་འཕྲོག་བྱས་ཏེ་འགྲོ་བ་དང་། མོའི་ཕ་མ་གཉིས་རྗེས་འདེད་ཅིང་ངུ་བཞིན་པའི་སྒྲ་ཡིས་རྩ་གསེང་དུ་གཉིད་་དུ་ཡུར་བའི་ཕག་མགོ་ཅན་གཉིད་ལས་བསླངས། དེ་ནས་ཕག་མགོ་ཅན་མིའི་གཟུགས་སུ་སྤྲུལ་ནས་དཔོན་གཡོག་རྣམས་ཕར་བསྐྲད་པ་དང་སྲས་མོ་ཕྱིར་བླངས། ཕག་མགོ་ཅན་ནི་ལས་ལ་བརྩོན་ཁ་བྱས་པས་མོའི་ཕ་མ་གཉིས་ཤིན་ཏུ་དགའ་ནས་ཁོ་རང་ཚང་གི་མག་པར་བཞག་གཉེན་སྟོན་གྱི་སྟོན་མོ་རུ་ཕག་མགོ་ཅན་གྱིས་ཆང་འཐུང་དྲགས་ནས་ར་རོ་གྱུར་པས་ཕག་གཟུགས་ངོམ། དེས་མགྲོན་པོ་རྣམས་སྐྲག་ནས་བྲོས། བུ་མོ་དང་ཕ་མ་གཉིས་གཉེན་སྡེབ་པར་མ་འཐད་པས་ཕག་མགོ་ཅན་གྱིས་སྲས་མོ་ཐོག་ཁང་དུ་བཅུག   སྐབས་དེར་ཐང་སིན་བླ་མ་དང་སུན་ཨུ་ཀུང་དཔོན་སློབ་གཉིས་གནས་ཚང་གཡོར་་བར་བྱུང་། གྲོང་དེའི་གནས་ཚུལ་ཐོས་པས་ཐབས་བཀོལ་ནས་ཕག་མགོ་ཅན་གྱི་ལོ་རྒྱུས་བྱུང་རིམ་གསལ་པོར་ཤེས། ཕག་མགོ་ཅན་ནི་སྔོན་ཆད་གནམ་གྱི་དགུ་ཚིགས་སྤྱི་ཁྱབ་ཡིན་ལ། ཟླ་བའི་ལྷ་མོ་ལ་འདོད་བརྩེ་བགྱིས་པས་མི་ཡུལ་དུ་སྤྱུགས། མངལ་ཁོངས་གོལ་ནས་ཕག་ཏུ་སྐྱེས། དེ་ནས་འཕགས་པ་སྤྱན་རས་གཟུགས་ཀྱིས་བཀའ་སློབ་ལྟར་གའོ་ལའོ་གྲོང་གི་ས་རུ་ཆོས་ལེན་པ་ལ་སྒུག་ནས་བསྡད་པའོ། །

        སུན་ཨུ་གུང་དང་ཐང་སིན་གཉིས་པོ་ཀའོ་ལའོ་གྲོང་དུ་སླེབས་སྟེ་རྒྱུ་མཚན་རྣམས་རྒྱུས་ལོན་བྱས་རྗེས། ཨུ་གུང་ཕག་མགོ་འདུལ་དུ་སོང་སྟེ་དེ་དང་འཐབ་པའི་གནས་ཚུལ་བརྗོད་པའི་ནང་། ཕག་མགོ་ཅན་གྱིས་རང་གི་ལོ་རྒྱུས་སྨྲ་བའི་དུམ་ཚན་ཏེ། མ་ཡིག་ཏུ།

《西游记》第二十回云栈洞悟空收八戒, 浮屠山玄奘受心经中的一段:却说那怪的火光前走,这大圣的彩霞随跟。正行处,忽见一座高山,那怪把红光结聚,现了本相,撞入洞里,取出一柄九齿钉钯来战。行者喝一声道:泼怪!你是那里来的邪魔?怎么知道我老孙的名号?你有甚么本事,实实供来,饶你性命!那怪道:是你也不知我的手段!上前来站稳着,我说与你听:

 自小生来心性拙,贪闲爱懒无休歇。不曾养性与修真,混沌迷心熬日月。忽然

闲里遇真仙,就把寒温坐下说。劝我回心莫堕凡,伤生造下无边孽。有朝大限命终

时,八难三途悔不喋。听言意转要修行,闻语心回求妙诀。有缘立地拜为师,指示

天关并地阙。得传九转大还丹,工夫昼夜无时辍。上至顶门泥丸宫,下至脚板涌泉

穴。周流肾水入华池,丹田补得温温热。婴儿姹女配阴阳,铅汞相投分日月。离龙

坎虎用调和,灵龟吸尽金乌血。三花聚顶得归根,五气朝元通透彻。功圆行满却飞

升,天仙对对来迎接。朗然足下彩云生,身轻体健朝金阙。玉皇设宴会群仙,各分

品级排班列。敕封元帅管天河,总督水兵称宪节。只因王母会蟠桃,开宴瑶池邀众客。那时酒醉意昏沉,东倒西歪乱撒泼。逞雄撞入广寒宫,风流仙子来相接。见他容貌挟人魂,旧日凡心难得灭。全无上下失尊卑,扯住嫦娥要陪歇。再三再四不依从,东躲西藏心不悦。色胆如天叫似雷,险些震倒天关阙。纠察灵官奏玉皇,那日吾当命运拙。广寒围困不通风,进退无门难得脱。却被诸神拿住我,酒在心头还不怯。押赴灵霄见玉皇,依律问成该处决。多亏太白李金星,出班俯囟亲言说。改刑重责二千锤,肉绽皮开骨将折。放生遭贬出天关,福陵山下图家业。我因有罪错投胎,俗名唤做猪刚鬣。

     行者闻言道:你这厮原来是天蓬水神下界。怪道知我老孙名号。那怪道声:!

你这诳上的弼马温,当年撞那祸时,不知带累我等多少,今日又来此欺人!不要无

礼,吃我一钯!

 དེའི་འགྱུརཐང་སིན་བླ་མའི་རྣམ་ཐརདུ།

“སྲིན་པོ་སྤྲིན་དམར་ཞིག་སྤྲུལ་ནས་བྲོས། སླར་ཡང་སྤྲེའུ་རྒྱལ་པོས་དེད་ནས། སྤྲིན་ནག་བྲག་ཕུག་ནང་དུ་འགྲོ་ནས་ལྕགས་ཀྱི་བྲད་ཤད་རྩེ་དགུ་པ་དེ་ཐོགས་ནས་ལན་མང་པོ་འཛིངས་ནས་སྤྲེའུ་རྒྱལ་པོས་ཁྱོད་ས་ཆ་གང་ནས་འོང་བའི་ཐན་ཡིན། ཁྱེད་རང་མྱུར་དུ་མགོ་བཏགས་ན་དགའ། ཁོ་བོས་སྲོག་ཐོག་མི་གཏོང་ཚེ་ཐར་བཏང་ཆག་ཟེར། སྲིན་པ་ན་རེ། ངའི་མིང་ལ་དགུ་ཚིགས་སྤྱི་ཁྱབ་ཟེར། ང་གནམ་ཆུ་བདག་པོ་ཡིན། གནམ་ལྷ་དཀར་མོས་ལྷ་རྣམས་མགྲོན་འབོད་ནས་ལྷ་རྣམས་ཟླ་བའི་ཕོ་བྲང་དེ་ན་རྒུན་ཆང་གིས་གཟིར་ཐོག  ཧམ་ལོན་ཤན་རྩི་ཟེར་བའི་ལྷ་མོ་ཤིན་ཏུ་གཟུགས་མཛེས་པ་གཅིག་འདུག་པ་ལ། ངེད་ཆགས་པ་སྐྱེས་ནས་ལག་གིས་རེག་ཐོག་གནམ་ནས་འབྲུག་གྲགས་གློག་འཁྱུག་ཐོག་རྒྱག་གྲབས་བྱས། གནམ་ལྷས་ཅི་ཡིན་གསུངས། ལྷ་ཡུལ་གྱི་སྐོར་གཡེང་དཔོན་གྱིས་ཕག་སྲིན་གྱིས་ལྷ་མོ་བཟུང་ནས་མི་གཏོང་འདུག་པས་དེ་ཉིད་ལ་ཐོག་རྒྱག་རྩིས་བྱེད་པ་ཡིན་ཞུས། ལྷ་ཡུལ་གྱི་སྐོར་གཡེང་དཔོན་གྱིས་ཁོ་བོ་དེ་མ་ཐག་གནམ་ལྷ་མདུན་དུ་ཁྲིད་ནས་འགྲོ་ཐོག   གནམ་ལྷ་སྤྱོད་ངན་བྱེད་པ་ལ་ཐུགས་ཤིན་ཏུ་ཁྲོས་ནས་ལུས་པན་མི་ཡུལ་དུ་ཕྱིར་དབྱུང་བ་དེ་ང་ཡིན། ངའི་མིང་ནི་ཀྲུའུ་པ་ཅེ་ཟེར་བ་ཡིན།”

མ་ཡིག་དང་འགྱུར་ཡིག་གཉིས་པོ་བརྗོད་བྱེད་རྣམ་པའི་ཆ་ནས་བསྡུར་ན། མ་ཡིག་ཏུ་ཕག་མགོ་ཅན་གྱི་རང་གི་ལོ་རྒྱུས་སྨྲ་བའི་རིམ་པ་ནི་ཚིགས་བཅད་ཡིན་ལ། འགྱུར་ཡིག་ཏུ་ཐལ་ཀར་གོ་བདེ་བའི་ཚིག་ལྷུག་ཏུ་བཅོས་ཡོད།

དོན་གྱི་ཆ་ནས་བཤད་ན། མ་ཡིག་ཏུ་ཕག་མགོ་ཅན་དང་པོ་མི་ནས་ཅི་ལྟར་ལྷའི་གྲས་སུ་ཚུད་པ་དང་། ཡང་ལྷ་ནས་མི་གྱི་ཕག་ཏུ་ཅི་ལྟར་གྱུར་བ་སོགས་གསལ་བོར་བརྗོད་ཡོད། འགྱུར་ཡིག་ཏུ་ཕག་མགོ་ཅན་ལྷ་ནས་ཅི་ལྟར་མི་ཡུལ་དུ་སྤྱུགས་པའི་རིམ་པ་མ་གཏོགས། དང་པོ་མི་ནས་ལྷ་ཡུལ་དུ་འཕགས་པའི་རིམ་པ་དོར་ནས་སྒྱུར་མེད་དོ། དེ་ཡང་ཡིན་ཏེ། ཕག་མགོ་ཅན་མི་ནས་ལྷ་རུ་འཕགས་པའི་རིམ་པ་ནི་ནུབ་སྐྱོད་སྒྲུང་ཐོའི་རྩོམ་པ་པོས་དེ་ལྟར་བཀོད་ཡོད་པ་མ་གཏོགས། གཏམ་རྒྱུད་ཡོངས་ནས་བལྟས་ན་ལྷག་མ་ཙམ་དུ་ཟད་དེ། ཡོད་ན་མེད་ན་གཏན་རྒྱུད་ཀྱི་ནང་དོན་གཙོ་བོར་ཕན་གནོད་སྤུ་ཙམ་ཡང་མེད་པ་འདྲ། དེ་བས་སྒྱུར་པ་པོས་དོར་བ་ཡིན་ལས་ཆེ།

   འདི་ན་སྒྱུར་པ་པོས་བསྒྱུར་ནས་ནོར་སོང་བ་ཡང་ཡོད་དེ། དཔེར་ན།

只因王母会蟠桃,开宴瑶池邀众客。那时酒醉意昏沉,东倒西歪乱撒泼。逞雄撞入广寒宫,风流仙子来相接。

དེའི་དོན་ཡིན་པ་ནི་གནམ་ལྷ་དཀར་མོས་ཚེ་རིང་ཁམ་བུའི་སྟོན་མོ་བཤམས་ནས་ལྷ་རྣམས་མགྲོན་དུ་བོས། དགུ་ཚིགས་སྤྱི་ཁྱབ་ན་ཆང་གི་བཟི་དྲག་པས་སྤོབས་པ་ངང་གིས་རྒྱས་ནས་ཟླ་བའི་་ཕོ་བྲང་དུ་སངོ་བའོ། འདི་ལྟ་ན། འགྱུར་ཡིག་ཏུ་མཐའ་གཅིག་ཏུ་གནམ་ལྷས་ཟླ་བའི་ཕོ་བྲང་ནས་ལྷ་རྣམས་ལ་མགྲོན་བྱས་པར་བཤད་པ་སྟེ། གནམ་ལྷ་དཀར་མོས་ལྷ་རྣམས་མགྲོན་འབོད་ནས་ལྷ་རྣམས་ཟླ་བའི་ཕོ་བྲང་དེ་ན་རྒུན་ཆང་གིས་གཟིར་ཐོག  ཅེས་སུ་བསྒྱུར་ཏོ། །

见他容貌挟人魂,旧日凡心难得灭。全无上下失尊卑,扯住嫦娥要陪歇。再三再四不依从,东躲西藏心不悦。色胆如天叫似雷,险些震倒天关阙。

དེའི་དོན་ནི་ཕག་མགོ་ཅན་ཆང་གིས་བཟི་ནས་ཟླ་བའི་ལྷ་མོ་ལ་ལག་རེག་བྱས་པ་དང་། ཟླ་བའི་ལྷ་མོ་འཐད་ནས་ཕར་འཐེམ་ཚུར་འཐེམས་བྱས། དེ་ལ་ཕག་མགོ་ཅན་མ་དགའ་ནས་སྙིང་སྟོབས་ཇེ་ཆེར་སོང་སྟེ་ངར་སྐད་སྒྲོགས་པ་ནི་འབྲུག་སྒྲ་གྲགས་པ་ལྟར་གནམ་མཐའི་ཕོ་བྲང་ཡང་འགྱེལ་ལབས་བྱེད་པ་རེད། ཅེས་དཔེའི་སྒོ་ནས་ཕག་མགོ་ཅན་གྱི་བྱ་སྤྱོད་ངན་པ་དེ་བྲིས་བ་ཡིན་མོད། དེ་ལ་སྒྱུར་པ་པོས་གོ་བ་ལོག་ནས་ཕག་མགོ་ཅན་ངེད་ཆགས་པ་སྐྱེས་ནས་ལག་གིས་རེག་ཐོག་གནམ་ནས་འབྲུག་གྲགས་གློག་འཁྱུག་ཐོག་རྒྱག་གྲབས་བྱས། གནམ་ལྷས་ཅི་ཡིན་གསུངས། ལྷ་ཡུལ་གྱི་སྐོར་གཡེང་དཔོན་གྱིས་ཕག་མགོ་སྲིན་གྱིས་ལྷ་མོ་བཟུང་ནས་མི་གཏོང་འདུག་པས་དེ་ཉིད་ལ་ཐོག་རྒྱག་རྩིས་བྱེད་པ་ཡིན་ཞུས། ཞེས་པར་བསྒྱུར་ཡོད།

གོང་གི་ཚན་པ་ནང་“ངེད་ཆགས་པ་སྐྱེས་ནས་ལག་གིས་རེག་ཐོག་གནམ་ནས་འབྲུག་གྲགས་གློག་འཁྱུག་ཐོག་རྒྱག་གྲབས་བྱས། ”མ་ཡིག་ནང་ཀྲུའུ་གང་ལེས་ཆགས་པ་སྐྱེས་ཏེ་སྤོབས་པ་ཇེ་ཆེ་རུ་འགྲོ་བ་དང་འདོད་པའི་ངུར་སྒྲ་ནི་ནམ་མཁའི་གློག་དམར་ལ་དཔར་བླངས་ཏེ་དིར་དིར་ལྟར་འཁྱུག་པ་ནི་མི་སྣའི་སེམས་ཁམས་ཀྱིས་འགུལ་ཚད་ཞིག་ཡིན་ཏེ་བསྒྱུར་མཁན་གྱིས་དེའི་མ་གོ་བར་ཐད་ཀར་ནམ་མཁའ་ནས་འབྲུག་སྒྲ་གྲགས་པར་བསྒྱུར་ཡོད་དོ། །

ལྔ། ནུབ་སྐྱོད་སྒྲུང་ཐོ་བོད་ལ་བསྒྱུར་བའི་བསམ་གཞིགས།

༡ ནུབ་སྐྱོད་སྒྲུང་ཐོ་བོད་དུ་ཆ་ཚང་དུ་འགྱུར་མེད་པའི་རྐྱེན་ལ་དཔྱད་པ།

གོང་ནས་ནུབ་སྐྱོད་སྒྲུང་ཐོ་བོད་ལ་སྒྱུར་རུང་བའི་རིག་གནས་ཕྱོགས་ཀྱི་མཐུན་རྐྱེན་གང་མང་པོ་ཞིག་དྲངས་བ་ཡིན་མོད། རྒྱ་བོད་བར་གྱི་འབྲེལ་འདྲིས་ཡང་ཇེ་ཟབ་ནས་ཇེ་ཟབ་ཏུ་སོང་ནས་ལོ་ངོ་དུ་མ་འགོར་ན་ཡང་། བོད་དུ་དུང་ནུབ་སྐྱོད་སྒྲུང་ཐོ་ཆ་ཚང་ཞིག་མ་འགྱུར་བརཐང་སིན་བླ་མའི་རྣམ་ཐརཙམ་ལས་མེད་པ་ཅི་ཡིན་ཞེ་ན། ཕྲན་གྱི་བསམ་ཚུལ་ལ། མ་གཞི་ཡང་བོད་ཀྱི་རིག་གནས་གནས་ཚུལ་གྱིས་བཀག་རྒྱ་ཐེབས་ཡིན་ནོ་སྙམ།

མི་རིགས་གང་དང་གང་ཡིན་པ་དེའི་རིག་གནས་ནི་གཉིས་སུ་དགར་ཆོག་ཏེ། གཅིག་ནི་སྲོལ་ཆེ་བའི་རིག་གནས། གཅིག་ནི་སྲོལ་ཆུང་རིག་གནས། སྲོལ་ཆེ་རིག་གནས་ནི་མི་རིགས་གང་གིས་གཙིགས་སུ་འཛིན་པའི་རིག་གནས་ཏེ་སྤྱི་གཞུང་གིས་འགྲོ་སོང་ཡང་ཆེན་པོ་བཏང་ནས་དར་སྤེལ་དུ་གཏོང་བའི་ཐུན་མོང་གི་རིག་གནས་སྐོར་ཡིན། སྲོལ་ཆུང་རིག་གནས་ནི་མི་རིགས་གང་གིས་གཙིགས་སུ་མི་འཛིན་པར་དམངས་ཁྲོད་དུ་རྒྱུན་པའི་ཐུན་མོང་མ་ཡིན་པའི་རིག་གནས་སྐོར་ཡིན། རང་བོད་ལ་མཚོན་ན། སངས་རྒྱས་ཆོས་ལུགས་ནི་ལོ་རྒྱུས་རིང་ནས་སྲོལ་ཆེ་རིག་གནས་སུ་གྱུར་པས། བཀའ་བསྟན་འགྱུར་དང་བླ་མ་ཆེ་གྲགས་རྣམས་ཀྱི་གསུང་འབུམ་ནི་རིག་གནས་ཀྱི་ཡིག་ཆ་གཙོ་བོར་གྱུར། དེ་ལས་ལྡོག་ཏེ་དམངས་ཁྲོད་ན་ཡོད་པའི་སྒྲུང་དང་གླུ་ལ་སོགས་ཀྱི་རིག་གནས་ལ་སྤྱི་ཚོགས་གཞུང་ནས་དོ་གནང་བྱེད་པ་མ་རེད། ལྷག་པར་དུ། བོད་ཀྱི་སྲོལ་ཆེ་རིག་གནས་ཀྱི་གཞི་ནི་སངས་རྒྱས་ཆོས་ལུགས་ཡིན་པས་ན། དེ་འཇིག་རྟེན་གྱི་ཆོས་ལ་མི་འདོད་པ་དང་། འཇིག་རྟེན་པའི་སྒྲུང་དང་གླུ་སོགས་ནི་ཟང་ཟིང་ཡིན་པར་བརྗོད། དེ་བས་བོད་ཀྱི་རིག་གནས་ཀྱི་བང་མཛོད་དུ་སངས་རྒྱས་ཆོས་ལུགས་སྐོར་གྱི་ཡིག་ཆ་ནི་རི་རབ་བཞིན་དུ་སྤུངས་ཡོད་ལ། དམངས་ཁྲོད་དགའ་བའི་སྒྲུང་དང་གླུ་སོགས་ནི་བོད་བཅིངས་འགྲོལ་ཐོབ་ནས་ད་གཟོད་བར་དུ་བཏབ་པ་མ་གཏོགས། དེའི་སྔོན་ཕལ་ཆེར་ངག་རྒྱུན་དུ་གནས། དཔེར་ན་གེ་སར་རྒྱལ་པོའི་སྒྲུང་ནི་དེང་སང་འཛམ་གླིང་དུ་ཆེས་རིང་བའི་ལོ་རྒྱུས་སྙན་ངག་ཏུ་བརྩི་བ་དང་། བོད་མི་རིགས་ཐུན་མོང་མ་ཡིན་པའི་གྲགས་པ་འབར་པའི་གནས་འབའ་ཞིག་ཏུ་ཟིན། ཡིན་ནའང་། བཅིངས་འགྲོལ་མ་བྱས་གོང་ལ་གེ་སར་རྒྱལ་པོའི་སྒྲུང་ནི་སྒྲུང་བ་རྣམས་ཀྱི་བློ་ཁོག་ལ་བསྡུས་བ་དང་། ངག་རྒྱུན་ནས་སྤེལ་བ་མ་གཏོགས།སྲིད་གཞུང་ངམ་སྤྱིན་བདག་གང་ཞིག་གིས་འགྲོ་སྒོ་བཏང་ནས་པར་དུ་བརྐོ་བ་ག་ལ་ཡོད། མ་གཞི་དེ་ནི་སྲོལ་ཆེ་བའི་རིག་གནས་གྲས་སུ་མེད་པས་སོ།

དེ་ཡང་ནུབ་སྐྱོད་སྒྲུང་ཐོ་ནི་སངས་རྒྱས་ཆོས་ལུགས་དང་ཨམ་ཙམ་འབྲེལ་བ་ཡོད་པས་ད་གཟོད་རྒྱ་ནག་སྤྲུལ་སྐུ་འདྲ་བ་རྒྱ་བོད་སྐད་གཉིས་བྱང་བས་བོད་ཡིག་ཏུ་ཕབ་པ་རེད། དེ་ཡང་ནུབ་སྐྱོད་སྒྲུང་ཐོ་ནི་རྒྱའི་བླ་མ་གང་ཞིག་གིས་བརྩམས་པའི་སངས་རྒྱས་ཆོས་ལུགས་གྱི་གཞུང་ཆེན་མོ་ཞིག་ཡིན་ན། ལོ་ཙཱ་བ་གང་ཞིག་ཡིན་རུང་གཏུལ་བཅད་ཅི་ཡང་མི་བྱ་པར་ཇི་མ་ཇི་བཞིན་བོད་ལ་སྒྱུར་ནུས། ནུས་སྐྱོད་སྒྲུང་ཐོ་ནི་དེ་འདྲ་སངས་རྒྱས་ཆོས་ལུགས་སྐོར་གྱི་བསྟན་བཅོས་ཞིག་མིན་པས། ལོ་ཙཱ་བ་རྒྱ་ནག་སྤྲུལ་སྐུ་ཡིས་ཤིན་ཏུ་སྟབས་བདེ་པོར་བྱས་ནས་བོད་ཡིག་ཏུ་ཕབ་མ་ཟད། ནུབ་སྐྱོད་སྒྲུང་ཐོ་ནང་གི་གཏམ་རྒྱུད་སྐོར་ཞིག་བསྒྱུར་མེད་པ་ལྟ་བུ་དེ་རེད། དེ་མ་ཟདཐང་སིན་བླ་མའི་རྣམ་ཐརཡང་བྱུང་བ་ནས་བཟུང་ལག་བྲིས་ཚུལ་ཏུ་དམངས་ཁྲོད་དུ་རྒྱུད་པ་མ་གཏོགས། བླ་མ་གང་གི་བསྟན་བཅོས་བཞིན་གང་ཞིག་གིས་སྤྱིན་བདག་མཛད་ནས་པར་དུ་བརྐོས་མེད་པ་རེད། དེས་ན། མ་གཞི་ནུབ་སྐྱོད་སྒྲུང་ཐོ་ཡང་དེའི་དུས་སུ་བོད་ཀྱི་སྲོལ་ཆེ་རིག་གནས་ཀྱི་གྲས་སུ་ཚུད་མ་ཐུབ་པའི་རྒྱུ་མཚན་ཡིན་ནོ།

བོད་བཅིངས་འགྲོལ་ཐོབ་རྗེས། བོད་ཀྱི་རིག་གནས་ཀྱི་གནས་ཚུལ་ཡང་གོ་ལྡོག་ཆེན་པོ་བྱུང་བ་སྟེ། སྔར་པར་དུ་བཀོད་མེད་པའི་སྲོལ་ཆུང་རིག་གནས་གྲས་ཀྱི་སྒྲུང་དང་གླུ  གཏམ་རྒྱུད་སོགས་ནི་ཆར་ཤུལ་གྱི་ཤ་མོ་བཞིན་རྡོལ་ཏེ་ཡིག་ཐོག་ཏུ་ཕབ་བ་དང་། དཔེར་ན། མི་རོ་བརྩེ་སྒྲུང་། གེ་སར་རྒྱལ་པོའི་སྒྲུང་། ལྷ་སའི་གཞས་སྒྲིག  ཨ་མདོའི་གླུ་དེབ་སོགས་ལྕགས་པར་ཏུ་བཏབ་བ་རེད། ༡༩༨༡ལོར། སི་ཁྲོན་མི་རིགས་པར་སྐྲུན་ཁང་གིས་རྒྱ་ནག་སྤྲུལ་སྐུས་བསྒྱུར་བའིཐང་སིན་བླ་མའི་རྣམ་ཐརཡང་ལྕག་པར་དུ་བཏབ་ནས། ད་གཟོད་ནུབ་སྐྱོད་སྒྲུང་ཐོའི་གཏམ་རྒྱུད་དེ་བོད་ཁམས་ཡོངས་ཀྱི་སྤྱན་ལམ་དུ་ཕུལ་བ་རེད།

དུས་རབས་ཉི་ཤུ་ལོ་རབས་བརྒྱད་ཅུ་ནི་ཀྲུང་གོ་ནང་ཁུལ་གྱི་རིག་གནས་ཆེས་དར་བའི་སྐབས་ཞིག་ཡིན་ཏེ། སྲིད་གཞུང་ནས་མེ་ཏོག་མཉམ་བཞད་ཀྱི་རིག་རྩལ་སྲིད་ཇུས་བཏོན་ནས། མི་རིགས་སོ་སོའི་རིག་གནས་ཀྱང་བསྟུན་མར་འཕེལ་རྒྱས་ཆེན་པོ་བྱུང་། བོད་ཀྱི་རིག་གནས་ཀྱི་གནས་ཚུལ་ཡང་གནམ་ས་ལྡོག་པ་ལྟར་གོང་འཕེལ་དུ་སོང་བ་སྟེ། སྔོན་གྱི་སྲོལ་ཆུང་རིག་གནས་ཀྱི་གྲས་སུ་ཡོད་པ་མང་པོ་ཞིག་སྐབས་དུས་སུ་བོད་མི་རིགས་ཀྱི་རིག་གནས་གཙོ་བོར་གྱུར་བ་རེད། དེ་དང་བསྟུན་མར་བོད་ལ་དར་བྱུང་བའི་རིག་ཚན་ཐོག་མ་ནི་རྩོམ་རིག་ཡིན་ཏེ། མཁས་པ་སྐོར་ཞིག་གི་རྩོམ་རིག་གཞུང་ལུགས་ཀྱི་ལག་ཆ་བཀོད་ནས་བོད་ཀྱི་བརྩམས་ཆོས་མང་པོ་ལ་ཞིབ་དཔྱད་བཏང་། ཡང་མཁས་པ་སྐོར་ཞིག་གི་དུས་རབས་དང་མཐུན་པསི་བོད་ཡིག་གི་བརྩམས་ཆོས་མང་པོ་བཏོན།

དེ་ལྟར་རིག་གནས་གོང་སྤེལ་དུ་གཏོང་བའི་ལོ་རྒྱུས་ཁྲོད་དུ། ལོ་ཙཱ་ནི་ཐུན་མོང་གི་ལག་ཆ་ཉག་གཅིག་ཏུ་གྱུར་བ་རེད། དེ་སྔའི་ལོ་རྒྱུས་དང་མི་འདྲ་བར་རྒྱ་བོད་མི་རིགས་ནི་ཆུ་དང་འོ་མ་བཞིན་འདྲེས་ནས་གནས་ཡོད་པས་ན། རྒྱ་རུ་བོད་ཡིག་ལ་མཁས་པ་མང་པོ་བྱུང་བ་དང་། བོད་དུ་ཡང་རྒྱ་ཡིག་ལ་བྱང་བ་མང་པོ་བྱུང་། ཁོང་རྣམས་པས་རང་རང་ས་ན་རང་དང་མཚམ་པའི་རིག་གནས་ཀྱི་ལས་ཀ་གཉེར་བཞིན་ཡོད་དེ། རྩོམ་རིག་ལ་གཞུང་ལུགས་དང་བརྩམས་ཆོས་གཉིས་ཆ་ནས་དར་རྒྱས་བྱུང་བས། སྔ་མོ་བོད་ཀྱི་རིག་གནས་ཀྱི་གནས་ཚུལ་དེ་ཡང་གཞི་ནས་གཏོར་བ་སྟེ། གེ་སར་རྒྱལ་པོ་ལྟ་བུ་དེ་སྔའི་སྲོལ་ཆུང་རིག་གནས་ནི་མི་རྣམས་ཀྱི་གཙོ་བོར་བཟུང་ནས་དཔར་སྐྲུན་བྱས་པ་དང་། དམངས་ཁྲོད་ཀྱི་གཏམ་རྒྱུད་དང་། སྒྲུང་། གླུ། གཞས་གང་མང་ཞིག་འདོན་སྤེལ་བྱས་ནས་རིམ་གྱི་བོད་ཀྱི་སྲོལ་ཆེའི་རིག་གནས་ཀྱི་གྲས་སུ་ཚུད་པའོ། །

རིག་གནས་ཀྱི་འགྱུར་བ་འདི་ལ་བསྟུན་ནས་མི་རིགས་གཞན་གྱི་རྩོམ་རིག་ཀྱང་ཤུགས་ཆེན་པོའི་ངང་བོད་ལ་བསྒྱུར། ཀྲུང་གོའི་གནའ་རབས་བརྩམས་སྒྲུང་བཞི་ཡང་དུས་དང་བསྟུན་ནས་བོད་དུ་སྤར་བའི་ལམ་བྱེ་བ་རེད། ནུབ་སྐྱོད་སྒྲུང་ཐོ་མཚོན་ན། དེ་དུས་ཐང་སིན་བླ་མའི་རྣམ་ཐརཞེས་བའི་འགྱུར་ཞིག་ཡོད་པའི་སྟེང་མཁས་པ་དོན་ཡོན་རྣམ་རྒྱལ་གྱིས་རྒྱའི་མཁས་པའི་བསྡུས་བྲི་བྱས་པའི་ཐང་སིན་ཆོས་ལེན་དུ་འགྲོ་བ་ཞེས་བ་དེ་བོད་ཡིག་ཏུ་བསྒྱུར་ནས་དཔར་སྐྲུན་བྱས་པ་དང་། དེ་བོད་ཀློག་པ་པོའི་ཚོགས་སུ་དགའ་བསུ་ཆེན་པོ་ཐོབ་པས་ཐེངས་མང་དུ་པར་བ་མ་ཟད། དེའི་སྤྲེལ་རྒྱལ་འཁྲུངས་རབས་སོགས་ནི་སློབ་མའི་སློབ་དེབ་དུ་ཡང་བཀོད་པ་རེད།

འདི་ལྟར་ན། ཐང་སིན་བླ་མའི་རྟོགས་བརྗོདཀྱི་བྱུང་བ་ནི་བོད་མི་རིགས་ཀྱི་རིག་གནས་ཚུལ་ཏེ། སྲོལ་ཆེན་རིག་གནས་དང་སྲོལ་ཆུང་རིག་གནས་ཀྱི་རྣམ་པ་ལ་འགྱུར་ལྡོག་བྱུང་བ་དང་། བོད་མི་རིགས་ནི་ལྷའི་རིག་གནས་ལས་མིའི་རིག་གནས་སུ་འཕར་བ་དང་། བོད་མི་རིགས་ནི་འཛམ་གླིང་གི་རྗེས་སུ་སྙེག་པའི་དམ་རྟགས་སུ་འཁུམས་སོ། །

༢ ནུབ་སྐྱོད་སྒྲུབ་ཐོ་བོད་ལ་བསྒྱུར་པའི་བསམ་གཞིགས།

སྤྱིར་གཏིང་གི་བསམ་ཚུལ་ལ། ལོ་ཙཱ་ནི་མི་རིགས་གཅིག་གི་སྐད་དང་ཡི་གེ་རུ་གནས་པའི་རིག་གནས་དེ་མི་རིགས་གཞན་ཞིག་གི་སྐད་དང་ཡི་གེར་བསྒྱུར་བ་ཞིག་ལ་གོ   དེང་འདིར་མཚན་ཉིད་རིག་པ་སྨྲ་བ་སྐོར་ཞིག་གིས་ལོ་ཙཱ་ཞེས་བ་ནི་དེ་འདྲ་ཁྱབ་ཆུང་ཆུང་ལ་མི་གོ་སྟེ། ཁོང་རྣམ་པས་བཤད་ཚུལ་ལ་ལོ་ཙཱ་ལ་རིགས་གསུམ་ཡོད་དེ། དང་པོ་ནི་ང་ཚོའི་ལྟ་བ་དང་འདྲ་བར་མི་རིགས་གཅིག་གི་སྐད་ཡིག་ལས་མི་རིགས་གཞན་གཅིག་གི་སྐད་ཡིག་ཏུ་བསྒྱུར་བ་ལ་གོ  དེ་ལ་སྐད་བར་ལོ་ཙཱ་ཟེར། གཉིས་པ་ནི་སྐད་རིགས་གཅིག་གི་ནང་དུ་མི་གོ་བ་གོ་བོར་བསྒྱུར་བ་སྟེ། དཔེར་ན་ཡུལ་སྐད་ཡིག་སྐད་དུ་བསྒྱུར་བ་དང་། གནའ་བའི་སྐད་དེང་སང་གི་སྐད་དུ་བསྒྱུར་བ་ལྟ་བུ། དེ་ལ་སྐད་ནང་ལོ་ཙཱ་ཟེར། གསུམ་པ་ནི་གང་ཞིག་དོན་དུ་གནས་པའི་རྟགས་བསྒྱུར་བ་སྟེ། དཔེར་སྟོན་བྱེད་གྱི་རྟགས་ཡི་གེ་ནས་གློག་གཟུགས་སུ་བསྒྱུར་བ་ཡིན། དེ་བས་དེའི་རིགས་ལ་རྟགས་བར་ལོ་ཙཱ་ཟེར། དེས་ན་ཕྱིས་སུ་ནུབ་སྐྱོད་སྒྲུང་ཐོ་བོད་ལ་བསྒྱུར་བ་ཡང་ཡི་གེ་ཁོ་ནའང་རྩོམ་རིག་ཁོ་ནའི་ཐད་ནས་དཔྱད་ན་ཁྱབ་ཆུང་བ་ཡིན་ནོ།  །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1