ཟླ7པའི་ཚེས24ཉིན། ཉིས་སྟོང་བཅོ་བརྒྱད་ལོའི་མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་འགྲན་རྒྱུག་སྐབས་བཅུ་བདུན་པའི་འགྲན་རིམ་གསུམ་པ་སྟེ། མདོ་པ་ནས་ཁྲི་ཀ་བར་གྱི་འགྲན་བསྡུར་སྤེལ་བ་དང་། ཉིན་གཉིས་རིང་ཅུང་སྙོམ་ཞིང་བདེ་བའི་འགྲན་ལམ་བརྒྱུད་པའི་འགྲན་ཞུགས་པ་རྣམས་ཀྱིས་དཀའ་གནད་དང་འགྲན་སློང་དང་པོ་བསུས་ཡོང་། འགྲན་རིམ་འདིར་སྤྱི་ལེ133ཡོད་ཅིང་། འགྲན་ཞུགས་པ་ཚོས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3820 ཡོད་པའི་རི་བོར་བརྒལ་ནས་ལུས་རྩལ་གྱི་མཛེས་སྡུག་ངོམ།