རྒྱལ་ལམ་318རྒྱུད་ནས་ཁྲོ་ལ་རི་བོ་བརྒལ་དུས། མིག་མདུན་དུ་འཆར་ཡོང་བ་ནི་གཡུ་མདོག་གི་མདངས་འཛིན་པའི་སྣུམ་ལམ་རིང་པོ་དེ་ཡིན་ལ། སྣུམ་ལམ་དེ་ཡིས་སྔོན་ཆད་འབའ་འབུར་གྱི་ས་ལམ་དེའི་ཚབ་བྱས་ཡོད་པ་དང་། ས་གང་དུ་སོང་ན་ཡང་སྣུམ་ལམ་དེ་རྒྱང་རིང་དུ་འཐེན་འདུག མ་ཟད་ད་ནི་རྫོང་དང་རྫོང་གི་བར། གྲོང་རྡལ་དང་གྲོང་རྡལ་གྱི་བར། སྡེ་བ་དང་སྡེ་བའི་བར། ཐ་ན་སྡེ་བའི་ཁྱིམ་ཚང་ནས་ཁྱིམ་ཚང་གི་བར་དུ་ཡང་སྣུམ་ལམ་དེས་ཁྱབ་འདུག
དཀར་མཛེས་ཁུལ་ནི་སི་ཁྲོན་བོད་ཁུལ་གྱི་གྲུབ་ཆ་ཆེ་ཤོས་ཤིག་ཡིན་ཞིང་། འགྲིམ་འགྲུལ་ཅུང་རྗེས་ལུས་ཡིན་པས་ཡུལ་དེ་གའི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་དང་། སྤྱི་ཚོགས་ཡུན་རིང་བདེ་འགོད་བཅས་ལ་ཚོད་འཛིན་བཟོ་བའི་གནད་འགག་ཞིག་ཡིན། 2009ལོ་ནས་བཟུང་སི་ཁྲོན་གྱིས་སྔ་རྗེས་སུ་དཀར་མཛེས་ཁུལ་གྱི་འགྲིམ་འགྲུལ་ཆེད་དོན་སྐུལ་སྤེལ་ཇུས་གཞི་ཐེངས་གསུམ་བཟོས་ཏེ་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་ཞན་ཆ་ཧུར་ཐག་གིས་ཁ་གསབ་བྱས། མི་འགྱང་བར་སི་ཁྲོན་གྱི་ནུབ་བྱང་དང་། སི་ཁྲོན་དང་ཡུན་ནན། མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་ས་ཁོངས་རང་བཞིན་གྱི་འགྲིམ་འགྲུལ་ལྟེ་གནས་ཆེ་རུ་བཏང་ནས་སི་ཁྲོན་ནས་ཐོན་པའི་གཞུང་ལམ་དང་། སི་ཁྲོན་དང་ཡུན་ནན། མཚོ་སྔོན་བཅས་འབྲེལ་མཚམས་སུ་འགྲིམ་འགྲུལ་ཤར་བགྲོད་ཐུབ་པར་འགན་ལེན་བྱེད་པ་དང་བོད་རིགས་ས་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་འགག་སྒྲོལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མགྱོགས་སུ་གཏོང་བར་རམ་འདེགས་བྱ་རྒྱུ་རེད། མ་ཟད་འགྲིམ་འགྲུལ་གྱི་སྣུམ་ལམ་དེས་བོད་ཁུལ་དམངས་ཚོགས་ལ་སྐྱེལ་ཡོང་པ་ནི་དབུལ་ཕོངས་ནས་གྲོལ་བ་དང་ཕྱུག་འགྱུར་དུ་སྐྱོད་པའི་བདེ་སྐྱིད་རེད། །