ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྱབ་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་བསྐྲུན་རྒྱུ་ཡིན་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 08-16


        ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ཀན་ལྷོའི་རྨ་ཆུའི་འབྱུང་ཁུངས་ཀྱི་གསབ་སྣོན་ཁུལ་དང་། འབྲི་ཆུའི་ཡན་ལག་ཆུ་བོའི་འབྱུང་ཁུངས་ཞིག་ཡིན། རྒྱལ་ཁབ་ཀྱི་སྐྱེ་ཁམས་ནུས་པའི་ཁུལ་དང་ཆུ་འགོའི་གསབ་སྣོན་ཁུལ་གལ་ཆེན་ཞིག་ཡིན་པའི་ངོས་ནས། ཉེ་བའི་ལོའི་ནང་། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤང་གྲོང་གི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱས་ནས། ཁྱབ་ཁོངས་ཡོངས་སུ་གད་སྙིགས་མེད་པའི་དཔེ་སྟོན་ཁུལ་སྐྲུན་ཏེ། རྨ་ཆུའི་སྟོད་རྒྱུད་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ར་སྐྲུན་པ་དང་ཆབས་ཅིག བོད་ཁུལ་མང་ཚོགས་ཀྱི་འཚོ་བར་བདེ་སྐྱིད་ཀྱི་སྟོན་གྲངས་མཐོ་རུ་བཏང་ཡོད་པ་རེད།

        ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནི་ཀན་སུའུ་དང་། མཚོ་སྔོན། སི་ཁྲོན་ཞིང་ཆེན་གསུམ་དང་འབྲེལ་ཡོད་པ་དང་། བོད་རིགས་མང་ཚོགས་ཀྱིས་ཁུལ་ཡོངས་ཀྱི་བརྒྱ་ཆ་54ཟིན་གྱི་ཡོད། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དང་། སྔོ་ཐིང་ཐིང་གི་ནགས་ར། ལང་ལོང་དུ་རྒྱུག་པའི་གཙང་པོས་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་ཁུལ་དེ་ཆགས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཀན་ལྷོས་ལོ་རེར་ཐོན་སྐྱེད་བྱེད་པའི་འབྱུང་ཁམས་ཀྱི་རིན་ཐང་མཐོ་ཤོས་སུ་སྒོར་དུང་ཕྱུར་183ཟིན་གྱི་ཡོད།

        དོ་དམ་དྲ་མིག་ཅན་དུ་བཟོས་པ་དང་། མ་དངུལ་སྒོར་དུང་ཕྱུར་1.3མ་འཇོག་བྱས་ནས། ཀན་ལྷོའི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དེ་གྲོང་ཚོའི་གཏན་འབེབས་སུ་བླུགས་ཡོད། གྲོང་ཁྱེར་ནས་གྲོང་གསེབ། གཞུང་ལམ་གྱི་ལམ་རྒྱུད་ནས་ཆུ་ལམ་གྱི་ཆུ་ཁོངས་བར། ས་ཆ་ཚང་མར་འགན་འཁྲིའི་གཙོ་གཟུགས་གཏན་འཁེལ་བྱས་ཡོད།
        སྤྱི་ལོ་2015ལོ་ནས་བཟུང་། ཀན་ལྷོས་སྐྱེ་ཁམས་བཟང་ཆར་གཞིགས་པ་དང་། རང་བྱུང་གྲོང་ཚོ་དེ་ཚན་པར་བཟོས་པ། འགྲིམ་འགྲུལ་གཙོ་ལམ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་དེ་གནས་ཚད་དུ་བཟུང་སྟེ། སྐྱེས་ཁམས་དཔལ་ཡོན་ལྡན་པའི་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱས་ཡོད། ད་ཆ། ཀན་ལྷོའི་ཁུལ་དུ་སྤྱི་ལེ་ངོས་སྙོམས་གྲུ་ཞི་མ་བཞི་ཁྲི་ལང་སྟོང་གི་ས་ཆ་དེ་དག་རི་ལྗང་། སྔོ་ཆུ། རྩ་ཐང་ཡིན་པའི་ཁྱབ་ཁོངས་ཡོངས་སུ་གད་སྙིགས་མེད་པ་མངོན་གྱུར་བྱུང་ཡོད་པ་དང་། སྐྱེ་ཁམས་དཔལ་ཡོན་ལྡན་པའི་འབྱོར་འབྲིང་གྲོང་ཚོ་རེ་རེས་གངས་ལྗོངས་ས་མཐོར་འོད་གདངས་འཕྲོ་བཞིན་ཡོད།




རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1