ལོ་20ཡི་སྔོན་དུ། སྦྲག་སྲིད་ཁང་འདི་ཇོ་མོ་གླང་མའི་བྱང་ངོས་ཀྱི་སྒར་ས་ཆེ་མོར་བཙུགས་ཡོད། ས་བབ་མཐོ་ཚད་སྨི་5200ཐིན་པས་མི་རྣམས་ཀྱིས“འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་སྦྲག་སྲིད་ཁང”ཞེས་འབོད། ད་ལོ་ལོ་26ལ་སླེབས་པའི་མཚོ་མོ་ནི་2011ལོར་གཞིས་རྩེའི་ལས་རིགས་ལག་རྩལ་སློབ་གྲྭ་ནས་ཐོན་ཏེ་སྦྲག་སྲིད་ཁང་འདིའི་ནང་གི་ལས་ཀ་བྱེད་མཁན་གཅིག་པོ་དེར་གྱུར་ཡོད།