མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཟུར་པ་ཁོ་ཧྥེ་ཨན་ནན་སྐུ་གཤེགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-21


     ཟླ་8ཚེས་18ཉིན། ཇེ་ནེ་ཝའི་ཁོ་ཧྥེ་ཨན་ནན་ཐེབས་རྩ་ཚོགས་པས་ཁྱབ་བསྒྲགས་བྱས་དོན། ཐེབས་རྩ་ཚོགས་པ་འདིའི་གསར་གཏོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཟུར་པ་ཁོ་ཧྥེ་ཨན་ནན(Kofi Atta Annan)ཉིན་དེར་སྐུ་གཤེགས་ཤིང་། དགུང་ལོ་80བཞུགས་ཡོད། 
    ཨན་ནན་ནི་1938ལོའི་ཟླ་4ཚེས་8ཉིན་ཀཱ་ནཱ་རུ་སྐྱེས་པ་དང་། སྔ་རྗེས་སུ་ཀཱ་ནཱ་དང་ཨ་རིའི་མཐོ་རིམ་སློབ་གྲྭ་ལ་སློབ་སྦྱོང་བྱས་ཤིང་། དཔལ་འབྱོར་རིག་པའི་བསླབས་རིམ་དང་དོ་དམ་རིག་པའི་ཞིབ་འཇུག་པའི་སློབ་གནས་ཐོབ་ཡོད། ཁོང་ནི་1962ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཀར་ཞུགས་ཤིང་། 1986ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལས་རོགས་བྱས་པ་དང་། 1993ལོའི་ཟླ་3པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེའི་ལས་དོན་གྱི་དྲུང་ཡིག་ཆེན་མོ་གཞོན་པའི་འགན་བཞེས། 1996ལོའི་ཟླ་12ཚེས་17ཉིན། མཉམ་འབྲེལ་རྒྱལ་ཚོགས་སྐབས་51པས་ཨན་ནན་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཨང་7པར་བསྐོས་པ་རེད། 2001ལོའི་ཟླ་6ཚེས་26ཉིན། མཉམ་འབྲེལ་རྒྱལ་ཚོགས་སྐབས་56པས་ཨན་ནན་གྱིས་མུ་མཐུད་དུ་འགན་བཞེས་པའི་ཆོག་མཆན་བཀོད་པ་དང་། 2006ལོའི་ཟླ་12ཚེས་31ཉིན་བར་དུ་འགན་བཞེས་པ་རེད། 
     ཨན་ནན་གྱིས་དྲུང་ཡིག་ཆེན་མོའི་འགན་བཞེས་པའི་རིང་དུ། 1998ལོར་པ་ཀ་ཏར་ཕེབས་ནས་འདུམ་འགྲིག་གནང་བ་དང་། དབྱི་རག་གི་མཚོན་ཆར་ཞིབ་བཤེར་བྱེད་པའི་ཉམས་ཉེན་ཞི་འཇགས་སུ་བཏང་། 2001ལོའི་ཟླ་10པར། ཨན་ནན་དང་མཉམ་འབྲེལ་རྒྱལ་ཚོགས་མཉམ་དུ་ལོ་དེའི་ནོ་པེར་གྱི་ཞི་བདེ་བྱ་དགའ་ཐོབ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1