༄༅།། མིའི་འཇོན་ཐང་འཇོམས་པའི་རྒྱུ་རྐྱེན་བཅུ།
རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 08-21
རྟག་ཏུ་གཞན་ལ་ཁ་གཡོར་བ།
མིའི་འཇོན་ཐང་ཇི་ལྟར་འཇོམས་པ་ཡིན་ཞེ་ན། གཤམ་གྱི་རྒྱུ་རྐྱེན་འདི་བཅུ་ལ་གཟིགས་དང་། འཇོན་ཐང་འཇོམས་པའི་རྒྱུ་རྐྱེན་བཅུ་པོ་འདི་དག་ལས་ཁྱེད་ལ་གང་དག་འཛོམས་ཡོད་དམ།
ལས་ཀ་གང་ཞིག་ཡིན་ནའང་འདྲ། གནད་དོན་ཅི་ཞིག་ཡིན་ནའང་རུང་། རྟག་ཏུ་ཁ་གཡར་ས་མང་པོ་འཚོལ་བ་ལས། དེར་གདོང་གཏོད་པའི་སྤོབས་སེམས་ཉམས་པ།
ཞེད་སྣང་སྐྱེས་པ།
ངལ་བར་སྐྲག་པ་དང་། རྙོག་འཛིང་ལ་ཞེད་པ། མི་ཤེས་པར་ཞུམ་པ་སོགས་ནམ་ཡིན་ཡང་ཞེད་སྣང་དང་སྐྲག་སྣང་གི་ཁྲོད་དུ་དུས་འདའ་བ་ཡིན། དོན་དུ་དངོས་ཡོད་ཀྱི་འཚོ་བ་ནི་ཁྱེད་ཀྱིས་བསམ་པ་དེ་བཞིན་ཞེད་སྣང་དེ་འདྲའི་ཚ་པོ་ག་ལ་ཡོད།
སློབ་སྦྱོང་མི་བྱེད་པ།
ད་ལྟའི་གནས་བབ་ལ་ཡིད་ཚིམས་ནས་ཤེས་བྱ་གསར་པ་མི་སྦྱོང་བ་དང་། ལག་རྩལ་གསར་པ་མི་སྤྱོད་པར་སྐབས་འཕྲལ་གྱི་བསམ་བློ་ཁོ་ན་གཏོང་བ།
ཐེ་ཚོམ་གྱིས་བསྡམས་ཏེ་ཐག་གིས་མི་ཆོད་པ།
ཁྱེད་ཀྱིས་གསུངས་དང་། ཐེ་ཚོམ་བྱེད་པ་ནི་བསམ་བློ་ཞིབ་ཕྲ་གཏོང་བ་ཞིག་རེད་དམ། དོན་དུ་འདི་ནི་གདམ་ག་བྱེད་མི་ཤེས་པའམ། ཡང་ན་ཐག་གཅོད་པར་སྐྲག་པ་རང་རེད།
ནར་འགྱངས་བྱེད་པ།
དོན་དག་ཅི་ཞིག་ལ་འཕྲད་རུང་། རྟག་ཏུ་ཏོག་ཙམ་སྒུགས་དང་། ད་དུང་ཏོག་ཙམ་སྒུགས་དང་ཞེས་བརྗོད་ནས་ནར་འགྱངས་བྱེད་པ།
ངང་རྒྱུད་རིང་པོ་མེད་པ།
ལས་ཀ་ཅི་ཞིག་བྱས་ཀྱང་། ངང་རྒྱུད་རིང་པོ་མེད་ཙ་ན། མཐའ་མར་ཚང་མ་ནས་ཕྲན་ཙམ་ཤེས་མོད། འོན་ཀྱང་རིག་པའི་གནས་གཅིག་བྱང་ཆུབ་པའམ་མཐར་ཕྱིན་པ་ཞིག་ཡོང་དཀའ།
ཁས་ལེན་རྐྱང་བྱེད་པ།
ལས་ཀ་ཅི་ཞིག་ཡིན་རུང་། ཁས་ལེན་རྐྱང་བྱས་ནས། རང་གིས་འཇོན་མི་འཇོན་དང་ལྕོགས་མི་ལྕོགས་ལ་མི་བལྟ་བར་རྟག་ཏུ་ལགས་སོ་དང་ལགས་སོ་ཞེས་བརྗོད་པ།
རང་གིས་རང་ལ་ཚད་བཀག་མང་པོ་བཟོ་བ།
ལས་མགོ་བརྩམ་མེད་རུང་། འདི་འདྲ་བྱས་ན་མི་འགྲིག་དང་དེ་འདྲ་བྱས་ན་མི་ལེགས་སྙམ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་ལམ་མང་པོ་ཞིག་བཀག་པ།
དངོས་ཡོད་ལ་གདོང་གཏོད་མི་ཕོད་པ།
ལས་ཀ་ཁ་ཤས་ལ་གཡོལ་ནས་གདོང་མ་བཏད་ན། དངོས་གནས་ཕན་ཐོགས་ཡོད་དམ།
རྟག་ཏུ་ཁ་ཕོ་ཤོད་པ་ལས་ལག་ལེན་དུ་མི་བསྟར་བ།
སྐད་ཆ་ཤོད་དུས་ཀྱི་གྱད་མི་དང་ལག་ལེན་བསྟར་དུས་ཀྱི་གཏེ་པོ་བྱེད་པ། །