ཟླ་8ཚེས་18ཉིན། "སྐལ་བཟང་མེ་ཏོག་བཞད"བོད་ཀྱི་གོས་རྒྱན་ཇོ་མོ་གླང་མར་ངོམ་པ་ཞེས་པ་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5200ཡོད་པའི་ཇོ་མོ་གླང་མའི་སྒ་ས་ཆེན་མོར་བྱས་པ་དང་། བོད་ལྗོངས་ཀྱི་ས་གནས་ཁག་ནས་ཡོང་བའི་མོལ་ཐྲོལ་14ཡིས་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུ་འདྲེས་པའི་དར་བཟོ་ཆེ་བའི་རྒྱན་གོས་གྱོན་ནས། ཡུལ་སྐོར་བ་རྣམས་ལ་མིག་གི་སྟོན་མོ་གྱ་ནོམ་པ་ཞིག་ཕུལ་བ་དང་། 2018ལོའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ་རེད།