རྒྱ་བོད་སྐད་གཉིས་ཀྱི་སྙན་ངག་སྟོན་ཚོགས་ཀྱིས་ཁྱེད་ལ་སྒུག་ཡོད།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 08-29



ངོ་མཚར་སྐད་གཉིས། དགའ་འཛོམས་སྙན་ངག  

  ཟླ་བ་བརྒྱད་པའི་ཟླ་མཇུག་ཏུ། དབྱར་ཟླ་ཚ་མོ་མཇུག་རྫོགས་ལ་ཉེ། 

  བསིལ་རླུང་དྲོད་མོའི་ཁྲོད་ནས། དགའ་བདེའི་དཔལ་ལ་རོལ་མཆོག 

  ཁམས་པའི་བརྙན་འཕྲིན་ཁང་གི་༢༠༡༨ལོའི་རྒྱ་བོད་སྐད་གཉིས་ཀྱི་སྙན་ངག་སྟོན་ཚོགས་མི་འགྱངས་པར་འཚོག་རྒྱུ་རེད། 

  ལོ་གསར་པའི་ནང་། 

  རང་ཉིད་ལ་དམིགས་འབེན་དང་འཆར་གཞི་གསར་པ་ཅི་ཡོད། 

  རྒྱ་བོད་སྐད་གཉིས་ཀྱི་སྙན་ངག་སྟོན་ཚོགས་ལ་ཞུགས་ན་ཅི་འདྲ་འདུག 

        འགྲན་ཐེངས་དང་པོ། སྐད་གཉིས་སྙན་ངག་སྟོན་ཚོགས་ཀྱི་དྲ་བའི་འགྲན་བསྡུར།  

        བྱེད་སྒོའི་དུས་ཚོད། ཟླ་8པའི་ཚེས་27ཉིན་ནས་ཟླ་9པའི་ཚེས་7ཉིན་བར། 

        བྱེད་སྒོའི་སྒྲིག་ལམ། འགྲན་ཞུགས་པ་ཚོ་དྲིས་ལན་སྟེགས་བུར་ཞུགས་རྗེས་འཕྲུལ་ཆས་ཀྱིས་བདམས་པའི་དྲི་བ་༡༠འབྱོར་ཐུབ། དྲི་བ་བརྒྱད་ཡན་འགྲིག་ན་བྱ་དགའ་ལེན་པའི་གོ་སྐབས་ཐེངས་ཤིག་ཐོབ་ལ། བྱ་དགའ་ལ་སྒོར་མོ་ཐོབ་པའི་གོ་སྐབས་ཀྱང་ཡོད། ཁམས་པའི་བརྙན་འཕྲིན་ཁང་གི་སྐད་འཕྲིན་སྤྱི་སྟེགས་ལ་དོ་སྣང་བྱས་ན། བྱ་དགའ་སྐད་འཕྲིན་ཐོག་ནས་སྤྲོད་རྒྱུ་རེད། གལ་ཏེ་སྤྱི་སྟེགས་ལ་དོ་སྣང་མ་བྱས་ན་ཐོབ་ཐབས་མེད།   

  

        འགྲན་ཐེངས་གཉིས་པ། རྒྱ་བོད་སྙན་ངག་གི་འགག་སྒྲོལ་འགྲན་བསྡུར། 

  བྱེད་སྒོའི་དུས་ཚོད། ཟླ་9པའི་ཚེས་10ཉིན་ནས་ཚེས་21ཉིན་བར།

  བྱེད་སྒོའི་སྒྲིག་ལམ། སྐུ་མགྲོན་ཚོས་ཁམས་པའི་བརྙན་འཕྲིན་ཁང་གི་སྐད་འཕྲིན་སྤྱི་སྟེགས་དང་བོད་ཡུལ་ཀུན་གསལ་སྣང་མཛོད་ཀྱི་མགྲོན་སྣེའི་བྱེད་སྒོའི་ཆེད་སྒྲིག་ལེ་ཚན་གྱི་དྲ་ངོས་ལ་ཞུགས་ཏེ། འགྲན་ཞུགས་ཅེས་པ་མནན་ནས་འགྲན་བསྡུར་ལ་མིང་ཐོ་འགོད་ཆོག མིང་ཐོ་འགོད་པའི་དུས་ཚོད་ནི་བྱེད་སྒོའི་བརྡ་བཏང་བ་ནས་འགོ་རྩོམ་པའི་བར་ཡིན། ཐེངས་སྔོན་མའི་འགྲན་ཐེངས་ནང་ཞུགས་ནའང་ཐེངས་འདིར་སླར་ཡང་མིང་ཐོ་འགོད་དགོས། ཆ་འཕྲིན་ལྟར་འགྲན་ཞུགས་གྲུབ་འབྲས་ལ་རང་འགུལ་གྱིས་ཕྱོགས་སྡོམ་བྱེད། གལ་ཏེ་དུས་ཚོད་འདས་ན་མིང་ཐོ་འགོད་མི་ཐུབ། ལྟད་མོ་བའི་མིང་ཐོག་ནས་བསྟོད་བསྔགས་དང་དཔྱད་བརྗོད་སྤེལ་ཆོག  མིང་ཐོ་མ་བཀོད་པའི་ལྟད་མོ་བ་ཚོས་ལྟ་གཟིགས་ཀྱི་མཐེབ་གནོན་མནན་ནས་འགྲན་བསྡུར་ལ་ལྟ་ཆོག་པ་མ་ཟད། བསྟོད་བསྔགས་དང་དཔྱད་བརྗོད་སྤེལ་ཆོག   

  དྲ་བའི་གཟུགས་ལམ་ཐད་གཏོང་ལན་འདེབས་ལ་བསྡོམས་པས་འགག་སྒྲོལ་འགྲན་ཚན་ལྔ་ཡོད། སྐུ་མགྲོན་ཚོ་རྒྱ་བོད་སྙན་ངག་འགག་སྒྲོལ་བྱེད་སྒོའི་དྲ་ངོས་ལ་ཞུགས་དགོས། ཁག་རེར་དྲི་བ་བཅུ་ཡོད། དྲ་གྲོགས་ཚོའི་དྲིས་ལན་གཅིག་འགྲིག་ན་རྒྱ་བོད་སྙན་ངག་བྱ་དགའི་རྟགས་མ་གཅིག་ཐོབ། ཁག་གཅིག་ལ་དྲི་བ་བཅུ་ཡོད། དྲི་བ་གཅིག་ལ་དུས་ཚོད་སྐར་ཆ་༣༠ཡིན། ཚང་མ་འགྲིག་ན་གཞན་པའི་རྒྱལ་ཁ་ཐོབ་མཁན་བར་སྒོར་དྲུག་སྟོང་བགོ་དགོས། དྲིས་ལན་ནོར་བ་དང་དུས་ཚོད་བརྒལ་བ་སོགས་ཚང་མ་ཕམ་པར་བརྩི་བས། ཚང་མ་འགྲིག་པའི་བྱ་དགའ་ཐོབ་ཐབས་བྲལ།  དྲི་བ་རེར་བྱ་དགའི་རྟགས་མ་དྲུག་སྟོང་སྤྲོད་བཞིན་ཡོད། བསྡོམས་པས་བྱ་དགའི་རྟགས་མ་ཁྲི་དྲུག་དང་། སྒོར་དྲུག་སྟོང་གི་བྱ་དགའ་ཡོད། བྱེད་སྒོ་མཇུག་སྒྲིལ་རྗེས་བྱ་དགའི་རྟགས་མ་རེ་སྒོར་ཟུར་གཅིག་ལ་བརྗེ་ཆོག  

  སྐུ་མགྲོན་ཚང་མ་བྱེད་སྒོ་ལྔ་པོའི་ནང་ཞུགས་ཆོག་ལ། བྱ་དགའི་རྟགས་མ་ཚང་མ་བྱེད་སྒོ་མཇུག་སྒྲིལ་རྗེས་སྒོར་མོར་བརྗེ་ཆོག ཁམས་པའི་བརྙན་འཕྲིན་ཁང་གི་སྐད་འཕྲིན་སྤྱི་སྟེགས་ལ་དོ་སྣང་བྱས་ན། སྒོར་མོར་བརྗེ་ཆོག་པ་རེད།

  འགྲན་ཐེངས་གསུམ་པ། སྙན་ངག་གཅིག་ཀློག་ཅེས་པའི་སྐད་གཉིས་སྙན་ངག་གྱེར་འདོན་བསྡུ་ལེན་བྱེད་སྒོ། 

 

  བྱེད་སྒོའི་དུས་ཚོད། ཟླ་8པའི་ཚེས་27ཉིན་ནས་ཟླ་9པའི་ཚེས་14ཉིན་བར། བརྩམས་ཆོས་ཚེས་28ཉིན་བར་གཏོང་།  

  བྱེད་སྒོའི་སྒྲིག་ལམ། འགྲན་ཞུགས་པ་ཚོས་གྱེར་འདོན་བྱས་པའི་སྒྲ་དང་བརྙན། མ་ཡིག་བཅས་བྱེད་སྒོའི་དྲ་ངོས་ལ་འཇོག་པ་དང་། དུས་མཚུངས་སུ་རང་ཉིད་ཀྱི་འཚོ་བའི་འདྲ་པར་གཅིག་འཇོག་དགོས། 

  སྙན་ངག་གི་རྩོམ་ལུས་ལ་ཚད་བཀག་མེད་ནའང་། གྱེར་འདོན་གྱི་ནང་དོན་འགྲན་བསྡུར་གྱི་རེ་བ་དང་མཐུན་དགོས། བརྗོད་བྱ་དགེ་མཚན་ལྡན་ལ་ཡིད་དབང་འགུག་པ་ཞིག་ཡིན་དགོས། གྱེར་འདོན་བྱེད་སྐབས་སྒྲ་དག་ལ་གདངས་གསལ་བ་དང་། སྙན་ངག་གྱེར་འདོན་གྱི་དབྱངས་རྟ་དང་འགྱུར་ཁུག་ལྡན་དགོས། ནང་དོན་གྱི་རིང་ཚད་སྐར་༢དང་སྐར་ཆ་༣༠ལས་བརྒལ་མི་རུང་། 

  བྱེད་སྒོ་ལ་ཞུགས་ཐབས། 

 

  བོད་ཡུལ་ཀུན་གསལ་སྣང་མཛོད་ཀྱི་མགྲོན་སྣེ་དང་ཁམས་པའི་བརྙན་འཕྲིན་ཁང་གི་སྐད་འཕྲིན་སྤྱི་སྟེགས། ཁམས་པའི་བརྙན་འཕྲིན་ཁང་གི་དྲ་བ་བཅས་ཀྱི་སྐད་གཉིས་འགྲན་ཚོགས་ཀྱི་དྲ་ངོས་ལ་ཞུགས་དགོས། བྱེད་སྒོའི་དྲ་བའི་སྦྲེལ་སྣེ་གནོན་པའམ་ཚད་གཉིས་ཨང་རྟགས་བཤེར་ནས་དྲ་བའི་འགྲན་ཁུལ་ལ་ཞུགས་ཏེ། ༢༠༡༨ལོའི་ཁམས་པའི་བརྙན་འཕྲིན་ཁང་གི་རྒྱ་བོད་སྐད་གཉིས་སྙན་ངག་སྟོན་ཚོགས་ལ་ཞུགས་ཆོག  http://2018sgdh.kangbatv.com/ 

  སྙན་ངག་འཚོལ་སྡུད་བྱེད་སྒོ་མཇུག་སྒྲིལ་རྗེས། ང་ཚོས་ཕུལ་བྱུང་བརྩམས་ཆོས་༥༠བདམས་ནས་འགྲེམ་གཏོང་བྱེད་པ་མ་ཟད། དྲ་གྲོགས་ཚོར་དཔྱད་འཇོག་བྱེད་དུ་འཇུག་རྒྱུ་ཡིན། བསྟོད་བསྔགས་ཐོབ་པ་ཆེས་མང་བའི་འགྲན་ཞུགས་པ་༡༠ལ་༢༠༡༨ལོའི་ཁམས་པའི་བརྙན་འཕྲིན་ཁང་གི་རྒྱ་བོད་སྐད་གཉིས་འགྲན་ཚོགས་ཀྱི་བརྙན་འཕྲིན་སྙན་ངག་སྟོན་ཚོགས་ཀྱི་ཕབ་བསྐྲུན་ནང་ཞུགས་པའི་གོ་སྐབས་ཡོད། 

  གྲོགས་པོ་ལྷན་རྒྱས། གལ་ཏེ་ཁྱེད་ཉིད་རྒྱ་བོད་སྐད་གཉིས་དང་སྙན་ངག་ལ་དུང་ཞེན་ཆེ་ན། ང་ཚོའི་བྱེད་སྒོ་འདི་ལ་ཞུགས་རོགས། ཁྱེད་ཀྱི་སྐད་ངག་སྙན་མོས་རྒྱ་བོད་སྐད་གཉིས་ཀྱི་རིག་གནས་དར་སྤེལ་གཏོང་ཐུབ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1