ཟླ་8ཚེས་29ཉིན། འབར་མའི་དཔོན་རིགས་ཀྱིས། དབུས་ལྷོའི་རྒྱུད་དུ་གནས་པའི་པའོ་ཀུ་ཞིང་ཆེན་གྱི་སི་ཝ་ཆུ་བོའི་ཆུ་རགས་ཞིག་ཉིན་དེའི་ཞོགས་པ་ཁ་ཤོར་བ་དང་། ཉེ་འགྲམ་གྱི་གྲོང་ཚོ་20ལྷག་ལ་ཆུ་ལོག་གི་གནོད་འཚེ་ཕོག་པས། མི་ཁྲི་ལྷག་ཛ་དྲག་ངང་ཕྱིར་འཐེན་བྱེད་དགོས་བྱུང་བ་དང་ཉུང་མཐར་ཡང་མི་3གར་སོང་ཆ་མེད་དུ་གྱུར་ཡོད་ཅེས་བཤད།