སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དར་མདོར་འཚོག་འགོ་ཚུགས།

སྐལ་ཐུབ་དང་ཨོ་རྒྱན། ཡེ་ཤེས་བཅས་ཀྱིས། རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-04



        ལི་ཁྲང་ཕིང་དང་། དབྱང་ཞིང་ཕིང་། ཀྲང་གོ་ཧྥུ། ལུའོ་ཏུང་ལིང་། ཞའོ་ཡིའུ་ཚའེ། བྱང་ཆུབ་བཅས་འགོ་ཚུགས་མཛད་སྒོར་ཞུགས།
སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་དཔོན་གཞོན་པ་དབྱང་ཞིང་ཕིང་གིས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་འཚོག་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་།

རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་རིག་གནས་དྲིལ་བསྒྲགས་སིའི་འགོ་འཛིན་གཞོན་པ་ཀྲུང་ཐིང་ཞུང་གིས་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་གནང་།






སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཧྥུ་གོས་འགོ་ཚུགས་མཛད་སྒོའི་ཤིས་ཚིག་འབུལ་བཞིན་པ། 


སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པའི་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་དགའ་བསུའི་ཤིས་ཚིག་འབུལ་བཞིན་པ།

        སྤྱི་ཟླ9པའི་ཚེས3ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་གནང་ཞིང་། སི་ཁྲོན་ཞིང་ཆེན་མི་རིགས་དོན་གཅོད་ཨུ་ལྷན་དང་སི་ཁྲོན་ཞིང་ཆེན་ལུས་རྩལ་ཅུས་ཀྱིས་གཙོ་འགན་བཞེས་ཤིང་། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་སྒྲུབ་འགན་ཁུར་བའི་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་དེ་གྲོང་ཁྱེར་དར་མདོའི་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་དུ་འཚོག་འགོ་ཚུགས་པ་རེད། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལི་ཁྲང་ཕིང་དང་། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཞིང་དཔོན་གཞོན་པ་དབྱང་ཞིང་ཕིང་། ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཧྥུ་གོ། ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ལུའོ་ཏུང་ལིང་། ཀྲུང་གུང་དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ། དཀར་མཛེས་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། 
        རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་རིག་གནས་དྲིལ་བསྒྲགས་སི་དང་ཀྲུང་གོའི་མི་རིགས་དུས་དེབ། ཀྲུང་གོའི་མི་རིགས་ཚགས་པར་ཁང་། མི་རིགས་རི་མོའི་ཚགས་པར་ཁང་། སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ལྷན། སི་ཁྲོན་ཞིང་ཆེན་ལུས་རྩལ་ཅུས། སི་ཁྲོན་ཞིང་ཆེན་སྤྱི་བདེ་ཐིང་། 《མི་རིགས》དུས་དེབ་བཅས་ཀྱི་འགོ་ཁྲིད་དང་། གྲོང་ཁྱེར་དང་ཁུལ་བཅུ་བཞི་དང་། སློབ་གླིང་གི་འཐུས་ཚབ་ཚོགས་པ། ཤན་འབྱེད་པའི་ཚོགས་པ། དེ་མིན་དཀར་མཛེས་ཁུལ་གྱི་དར་མདོར་ཡོད་པའི་འགོ་ཁྲིད་རྣམས་ཀྱང་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།
         འགོ་ཚུགས་མཛད་སྒོའི་ཐོག་དབྱང་ཞིང་ཕིང་གིས་སི་ཁྲོན་ཞིང་ཆེན་སྐབས་བཅོ་ལྔ་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འཚོག་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་རིག་གནས་དྲིལ་བསྒྲགས་སིའི་འགོ་འཛིན་གཞོན་པ་ཀྲུང་ཐིང་ཞུང་གིས་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་གནང་། ཀྲང་ཧྥུ་གོ་ཡིས་འགོ་ཚུགས་མཛད་སྒོའི་ཤིས་ཚིག་ཕུལ། ལུའོ་ཏུང་ལིང་གིས་འགོ་ཚུགས་མཛད་སྒོ་གཙོ་འགན་བཞེས། ཞའོ་ཡིའུ་ཚའེ་ཡིས་དགའ་བསུའི་ཤིས་ཚིག་ཕུལ་བ་རེད།
        རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་རྟེན་འབྲེལ་ཞུ་ཡིག་གི་ནང་དུ་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅོ་ལྔ་པ་འཚོག་པའི་སྐབས་དང་བསྟུན་ནས་འགྲན་ཚོགས་ལ་སྤྲོ་སེམས་འཕེལ་བའི་རྟེན་འབྲེལ་ཞུ་བ་དང་། མ་རིགས་ཁག་གི་ལུས་རྩལ་པ་དང་ཤན་འབྱེད་པ། སློབ་སྟོན་པ་ཡོངས་ལ་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།
         ཀྲང་གོ་ཧྥུ་ཡིས་བསྟན་དོན། གྲོང་ཁྱེར་དང་ཁུལ་བཅུ་གཉིས་དང་སློབ་གྲྭ་གཉིས་བཅས་འཐུབ་ཚབ་ཚོགས་པ14ཡི་མི་རིགས་ཁག་གི་སྤུན་ཟླ་མིང་སྲིང་དང་ལས་རིགས་ཁག་གི་གྲོགས་པོ་ཉིས་སྟོང་ལ་ཉེ་བ་དར་མདོར་འཛོམས་ཏེ། རྩལ་འགྲན་དང་འབད་འཐབ་ཀྱི་ཁྲོད་ནས་མི་རིགས་ལུས་རྩལ་འཕེལ་རྒྱས་གཏོང་ཞིང་། མཐུན་སྒྲིལ་དང་སྤེལ་རེས་ཀྱི་ཁྲོད་དུ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ། བསམ་ཤེས་དང་རྒྱབ་སྐྱོར་གྱི་ཁྲོད་དུ་ཕན་ཚུན་གྱི་མཛའ་མཐུན་ཇེ་ཟབ་ཏུ་བཏང་ནས་ཐུན་མོང་ངང་དུས་རབས་གསར་པའི་རང་རེའི་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་དང་དར་རྒྱས་གོང་འཕེལ་གྱི་ལེའུ་གསར་པ་བྲིས་པ་རེད།
         ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་མངགས་བཅོལ་ལྟར་ཞའོ་ཡིའུ་ཚའེ་ཡིས་ཐོག་མར་ཁུལ་ཚོགས་པ་ཆེན་པོ་བཞི་དང་ཁུལ་ཡོངས་ཀྱི་མི་དམངས་ཚང་མའི་ཚབ་མཛད་ནས་སྐབས་འདིའི་ལུས་རྩལ་འགྲན་ཚོགས་སུ་ཕེབས་པའི་འགོ་ཁྲིད་དང་ལུས་རྩལ་པ།ཤན་འབྱེད་པ། ལས་སྒྲུབ་མི་སྣ། འཕྲིན་སྦྱོར་ལས་རིགས་སོགས་ལ་དགའ་བསུ་ཞུས་པ་རེད།
        ཞའོ་ཡིའུ་ཚའེ་ཡིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་བཅས་ཀྱི་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག ཁམས་པའི་བུ་རྒྱུད་ཁྲི་བརྒྱ་ལྷག་གིས་སྲོལ་རྒྱུན་རིག་གནས་བཟང་པོ་རྒྱུད་འཛིན་བྱེད་ཅིང་། འབད་བརྩོན་ལྷོད་མེད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། ཐུན་མོང་ངང་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་བཏང་བྱས་པར་བརྟེན། བྱ་གཞག་ཁག་ལ་ཕྱོགས་ཡོངས་དང་སྒོ་འབྱེད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅིང་། དཀར་མཛེས་ཁུལ་ལ་གཞི་རྩ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་པ་རེད། དེ་དང་ཆབས་ཅིག་མི་རིགས་ལུས་རྩལ་བྱ་གཞག་ཀྱང་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་། དམངས་ཡོངས་ལུས་སྦྱོང་བྱེད་སྒོ་གྲོང་ཡུལ་ཀུན་ལ་ཁྱབ་ཅིང་འགྲན་བསྡུར་ཁག་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད་པ་རེད་ཅེས་གསུངས་པ་རེད།
        ཞའོ་ཡིའུ་ཚའེ་ཡིས་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནི་རང་ཁུལ་དབུ་བརྙེས་པ་ནས་བཟུང་སྒྲུབ་འགན་ཁུར་བའི་ཚད་གཞི་ཆེས་མཐོ་ཞིང་མི་སྣ་ཆེས་མང་བ། གཞི་ཁྱོན་ཆེས་ཆེ་བའི་ཕྱོགས་འདུས་ཅན་གྱི་ལུས་རྩལ་ཞིག་ཡིན་ལ། སྐབས་རིམ་བྱུང་གི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་ནང་དུ་སྐུལ་སློང་བྱེད་ཤུགས་ཆེས་ཆེ་བ་དང་མི་གྲངས་ཆེས་མང་བའི་མི་རིགས་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཀྱང་ཡིན་པ་རེད། ང་ཚོས་འདྲ་མཉམ་དང་མཐུན་སྒྲིལ། འབད་འཐབ། མདུན་སྐྱོད་བཅས་ཀྱི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། འགན་བདག་ཡག་པོ་ཁུར་ཞིང་རྣམ་པ་ཡག་པོ་མངོན་པར་བྱེད་ཅིང་། སྤྲོ་སེམས་ཆེན་པོ་དང་ཞབས་ཞུ་གང་ལེགས།འབད་འཐབ་ཀྱི་སྙིང་སྟོབས་བཅས་ཀྱིས་ནུས་ཤུགས་ཡོད་དགུས་སྐབས་འདིའི་ལུས་རྩལ་འགྲན་ཚོགས་དེ་མི་རིགས་མཐུན་སྒྲིལ་གྱི་འདུ་ཚོགས་དང་། མི་རིགས་ལུས་རྩལ་གྱི་འདུ་ཚོགས།མི་རིགས་རིག་གནས་ཀྱི་འདུ་ཚོགས་ཤིག་ཏུ་སྤེལ་རྒྱུ་ཡིན་ཞེས་གསུངས་པ་རེད།
        སྐབས་འདིའི་ལུས་རྩལ་འགྲན་ཚོགས་སུ་ཁྲེང་ཏུའུ་དང་།   ཕེན་ཙི་ཧྭ། ལུའུ་ཀྲོའུ།  མེན་དབྱང་།  ལུའོ་ཧྲན།  དབྱི་པིང་།  ཀོང་ཨན།  ཏ་ཀྲོའུ། གཡག་རྔ།  རྔ་བ་ཁུལ།  ལིའང་ཧྲན། ལྷོ་ནུབ་མི་རིགས་སློབ་ཆེན།   ཁྲེང་ཏུའུ་ལུས་རྩལ་སློབ་གླིང་།  དཀར་མཛེས་ཁུལ་བཅས་གྲོང་ཁྱེར་དང་ཁུལ། སློབ་གླིང14ཞུགས་ཡོད་ཅིང་། འགྲན་ཞུགས་ལུས་རྩལ་པ་རྣམས་ཚེས3ཉིན་གྱི་ཕྱི་དྲོ་ནས་ཚེས9ཉིན་གྱི་བར་འཕྲུལ་གཞུ་དང་པང་ལེབ་མཉམ་སྤོ།ཤེད་རྩལ། རྡོག་རྒྱག་སྤོ་ལོ། མུ་ཏིག་སྤོ་ལོ། སྨྱུག་ཤིང་སྟེང་དུ་འགྲོ་བ།རྩེད་ཆས་འཕང་ལོ། སྐེ་འཐེན་བཅས་འགྲན་ཞུགས་རྣམ་གྲངས་ཆེན་པོ་བརྒྱད་དང་འཁྲབ་སྟོན་འགྲན་བསྡུར་སྣ་མང་ལ་ཞུགས་ནས་རྩལ་འགྲན་བྱ་རྒྱུ་རེད།
        འགོ་ཚུགས་མཛད་སྒོའི་ཐོག་ལུས་རྩལ་པའི་འཐུས་མི་དང་ཤན་འབྱེད་པའི་འཐུས་མིས་དམ་བཅའ་བཞག་པ་དང་། རིག་རྩལ་འཁྲབ་སྟོན་ཆེ་གྲས་སྤེལ་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ནི་སྤྱི་ལོ1905ལོ་ནས་སྤེལ་འགོ་བཙུགས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1