—— ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་“སི་ཁྲོན་ལེའུ”ཡི་ཕུན་སུམ་ཚོགས་པའི་ནང་དོན་ལ་སྦྱོང་རྟོགས་བྱེད་པའི་དཔྱད་བརྗོད་དང་པོ།
སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།
ཁ་ཕྱོགས་འབྱེད་མཁས་མདུན་ལམ་དྲང་ཞེས་པ་ལྟར། འཕེལ་རྒྱས་གནས་བབ་ཀྱི་ལོ་རྒྱུས་ཁ་ཕྱོགས་ཡང་དག་པར་ཁོང་དུ་ཆུད་རྒྱུ་ནི་འཕེལ་རྒྱས་དང་རྒྱལ་ཁ་ཐོབ་པའི་རྩ་བ་ཡིན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པ་ཞིག་ཏུ་སླེབས་ཡོད་པ་དང་། འདི་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པས་ཐག་བཅད་པའི་ཆབ་སྲིད་ཀྱི་བརྡར་གཅོད་གལ་ཆེན་ཞིག་ཡིན་ཞིང་། དེས་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཕྱོགས་མཚམས་གསར་པ་ཞིག་གཏན་ལ་ཕབ་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་གཞིགས་ནས་དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་འཐབ་ཇུས་བཏོན། འདི་ནི་སི་ཁྲོན་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་གནད་ལ་འཁེལ་བའི་ངོས་འཛིན་ཡིན་པ་རེད། སི་ཁྲོན་དུས་རབས་གསར་པར་བསྐྱོད་པ་དང་འོས་འགན་གསར་པ་ཕྲག་ཏུ་ཁུར་བ། རྒྱང་སྐྱོད་གསར་པ་འགོ་བརྩམས་པའི་གཏན་ཚིགས་ཀྱི་འགོ་བརྩམས་ས་དང་། སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་རྩ་བའི་འགོ་ཚུགས་ས་ཡིན་པ་རེད།
ལོ་རྒྱུས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་ངེས་པར་དུ་འཐབ་ཇུས་ཀྱི་གོ་གནས་ངོས་འཛིན་ལེགས་པོ་བྱ་དགོས་ཏེ། སི་ཁྲོན་ནི་“རྒྱལ་ཡོངས་ཁྲོད་ལྕི་ཚད་ཡོད་པ”ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ནི་ནུབ་ཕྱོགས་ས་ཁུལ་གྱི་གལ་ཆེ་བའི་ཞིང་ཆེན་ཆེན་པོ་ཡིན་ཞིང་། ན་ནིང་དཔལ་འབྱོར་གྱི་སྤྱི་འབོར་སྒོར་ཁྲི་དུང་ཕྱུར་3.698སླེབས་ཡོད་ལ་རྒྱལ་ཡོངས་ཀྱི་ཨང་དྲུག་པ་ཟིན་ཡོད། ཞིང་ལས་དང་ནགས་ལས། དེ་མིན་འབྲོག་ལས་དང་ཉ་ལས་བཅས་སྒོར་དུང་ཕྱུར་4369.2འཕར་ཡོད་ལ། རྒྱལ་ཡོངས་ཀྱི་ཨང་གསུམ་པ་ཟིན་ཡོད།“རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་གྱི་འདེགས་སྐྱོར་དང་འབྲི་ཆུའི་དཔལ་འབྱོར་ཁུལ་མཉམ་འགུལ་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་ཐག་དང་ལྟེ་བའི་ཁུལ་ཡིན། དེ་མིན་འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་དང་ཆུ་ཁུངས་ཀྱི་གསོ་སྲུང་ཁུལ་ཡིན་པ་དང་།“བོད་ཁུལ་བརྟན་བརླིང་ཡོང་དགོས་ན་ངེས་པར་དུ་སྔོན་ལ་ཁམས་ཁུལ་བརྟན་བརླིང་ཡོང་དགོས”པའི་འཐུབ་ཇུས་གཙོ་གནས་ཡིན། གཞན་ད་དུང་རྒྱལ་ཡོངས་ཀྱི་དཔལ་འབྱོར་ཞིང་ཆེན་ཆེན་མོ་དང་མི་འབོར་ཞིང་ཆེན་ཆེན་མོ། ཞིང་ལས་ཞིང་ཆེན་ཆེན་མོ་དང་སྐྱེ་དངོས་ཞིང་ཆེན་ཆེན་མོ་བཅས་ཡིན་ཞེས་བསྟན།
ལོ་རྒྱུས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱ་དགོས་ན་ངེས་པར་དུ་ནང་གནས་ཀྱི་སྒུལ་རྐྱེན་ལ་ངོས་འཛིན་ལེགས་པོ་བྱ་དགོས་ཏེ། སི་ཁྲོན་གྱི་“འཕེལ་རྒྱས་ལ་རྨང་གཞི་ལྡན།”པ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིག་སྔར་རང་རྒྱལ་ལོ་རྒྱུས་ཀྱི་གོ་སྐབས་ལེགས་པོ་ལྡན་པའི་དུས་རབས་ཞིག་ཏུ་གནས་ཡོད། སི་ཁྲོན་གྱི་འཕེལ་རྒྱས་ཀྱང་འགོ་འཛུགས་ས་གསར་པ་ཞིག་ཏུ་གནས་ཡོད། བཅོས་བསྒྱུར་སྒོ་འབྱེད་ཀྱི་ལོ་ངོ་40རིང་གྱི་འཕེལ་རྒྱས་གོ་རིམ་ཁྲོད་སི་ཁྲོན་དཔལ་འབྱོར་གྱི་སྤྱི་འབོར་དང་གཞི་ཁྱོན་ཅུང་ཆེན་པོ་ཆགས་ཡོད་པ་རེད། ཚོང་རའི་འགྲན་རྩོད་ཆེན་པོ་ལྡན་པའི་སྤུས་ལེགས་ཐོན་ལས་དང་གསར་དར་ཐོན་ལས་གསོ་སྦྱོང་བྱས། ཐེངས་གསུམ་པའི་ཐོན་ལས་མ་ལག་གི་སྒྲིག་གཞིའི་“གཉིས་གསུམ་གཅིག”ནས་“གསུམ་གཉིས་གཅིག”ལ་བསྒྱུར་བའི་འགྱུར་ལྡོག་ཆེན་པོ་མངོན་འགྱུར་བྱུང་། ཚན་རྩལ་གྱིས་དཔལ་འབྱོར་འཕར་སྣོན་ལ་བྱས་རྗེས་འཇོག་ཚད་54%ཟིན་པ་དང་། རྒྱུན་སྡོད་མི་འབོར་གྲོང་བརྡལ་ཅན་50.8%ཟིན། འགྲིམ་འགྲུལ་དང་ནུས་ཁུངས། ཆུ་བེད་བརྡ་འཕྲིན་སོགས་རྨང་གཞིའི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་ནས་སི་ཁྲོན་མྱུར་ཚད་མཐོ་བའི་འཕེལ་རྒྱས་དུས་རིམ་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དུས་རིམ་དུ་བསྒྱུར་འགོད་བྱེད་པར་རྨང་གཞི་སྲ་བརྟན་དུ་བཏང་།
ལོ་རྒྱུས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་དགོས་ན་ངེས་པར་དུ་གོ་སྐབས་དང་ཆ་རྐྱེན་ལ་ཞིབ་འཇུག་བརྡར་གཅོད་ལེགས་པོ་བྱ་དགོས་ཏེ། སི་ཁྲོན་གྱི་“མ་འོངས་པར་མདུན་ལྗོངས་ལེགས་པོ་ཡོད་པ”ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་འཕེལ་རྒྱས་ལ་བར་སྟོང་དང་མི་མངོན་པའི་གཏིང་ཤུགས་ཆེན་པོ་ལྡན་པ་དང་།“རྒྱུད་གཅིག་ལམ་གཅིག་”གི་འཛུགས་སྐྲུན། པེ་ཅིན། ཐེན་ཅིན། ཧོ་ནན་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས། དེ་མིན་འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་སོགས་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་གསུམ་གྱི་ནང་དུ་སི་ཁྲོན་གྱིས་གཉིས་ཟིན་ཡོད། ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་ཁྲིན་ཏུའུ་དང་ཁྲུང་ཆིང་གི་དཔལ་འབྱོར་ཁུལ་འཛུགས་སྐྲུན་བཅས་ཀྱིས་སི་ཁྲོན་ལ་ཕན་ཁེ་ཆེན་པོ་ལྡན་པ་རེད། ཁྱོན་ཡོངས་ནས་གསར་གཏོད་བསྒྱུར་བཅོས་ཚོད་ལྟ་ཁུལ་དང་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ། དེ་མིན་ཐེན་ཧུའུ་གསར་ཁུལ་དང་ཐེན་ཧུའུ་རྒྱལ་སྤྱིའི་གནམ་ཐང་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་བཀོད་སྒྲིག་སོགས་སི་ཁྲོན་དང་འབྲེལ་ཡོད། དམག་དམངས་མཉམ་འདྲེས་ཀྱི་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས། གནད་སྨིན་དབུལ་སྐྱོར་དང་གནད་སྨིན་དབུལ་སེལ། བོད་རིགས་ས་ཁུལ་དང་དབྱིས་རིགས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་ཁྲོན་ཧྲན་གསར་བརྗེའི་གནས་རྙིང་ཁུལ་དར་རྒྱས་གོང་འཕེལ་སོགས་ལས་སི་ཁྲོན་ལ་རྒྱབ་སྐྱོར་གང་མང་ཐོབ་པས་སི་ཁྲོན་འཕེལ་རྒྱས་སུ་ཕྱིན་པའི་གོ་སྐབས་ཇེ་མང་ནས་ཇེ་མང་དུ་འགྱུར་བཞིན་ཡོད་པ་རེད།
ལོ་རྒྱུས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱ་དགོས་ན་ངེས་པར་དུ་འགལ་བ་དང་འགྱུར་ལྡོག་ལ་ཤེས་རྟོགས་འབྱུང་དགོས་ཏེ། སི་ཁྲོན་གྱི“དངོས་ཡོད་གནས་ཚུལ་ལ་འགྲན་རྩོད་ལྡན།”པ་རེད། སི་ཁྲོན་ནི་མི་འབོར་མང་བ་དང་རྨང་གཞི་ཞན་པ། དེ་མིན་འདྲ་མཉམ་མིན་པ་དང་དར་རྒྱས་མིན་པའི་ཞིང་ཆེན་གྱི་རྩ་བའི་གནས་ཚུལ་ལ་འགྱུར་ལྡོག་བྱུང་མེད་པ་དང་། འཕེལ་རྒྱས་ཀྱིས་མི་འདང་བ་ནི་སྔར་བཞིན་ཆེས་མངོན་གསལ་གྱི་གནད་དོན་རེད། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་ནི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བ་དང་དོ་མི་མཉམ་པའི་འཕེལ་རྒྱས་བར་གྱི་འགལ་བ་རེད། སི་ཁྲོན་གྱི་ངོས་ནས་བཤད་ན། འཕེལ་རྒྱས་འདྲ་མཉམ་མིན་པ་ནི་ཐོན་ལས་སྒྲིག་གཞི་འདྲ་མཉམ་མིན་པ་དང་ས་ཁུལ་འཕེལ་རྒྱས་འདྲ་མཉམ་མིན་པ། གྲོང་ཁྱེར་དང་གྲོང་གསེབ་འདྲ་མཉམ་མིན་པ་བཅས་ལས་མངོན། འཕེལ་རྒྱས་དོ་མི་མཉམ་པ་ནི་གཙོ་བོ་དཔལ་འབྱོར་གྱི་སྤྱི་འབོར་སྔོན་དུ་ཡོད་ཀྱང་མི་རེའི་ཆ་སྙོམས་ཀྱི་ཆུ་ཚད་རྗེས་ལ་ལུས་པ། ཚན་རིག་སློབ་གསོའི་ཆ་རྐྱེན་ཕུན་སུམ་ཚོགས་ཀྱང་གསར་གཏོད་ཀྱི་ནུས་པ་ཞན་པ། ཚོང་རའི་གྲུབ་ཆ་མང་ཡང་དཔལ་འབྱོར་གསོན་ཤུགས་ཀྱིས་མི་འདང་བ། དམངས་འཚོ་ཡིས་མ་དངུལ་འཇོག་ཤུགས་ཆེ་རུ་བཏང་ཡང་ནུས་ལྡན་མཁོ་སྤྲོད་ཀྱིས་མི་འདང་བ་བཅས་ནི་ཞན་ཆ་ཡིན་ཀྱང་སྟོབས་ཤུགས་ཀྱང་ཡིན། འདི་ནི་དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གཏོང་བའི་འབད་བརྩོན་གྱི་ཁ་ཕྱོགས་དང་ཤུགས་སྣོན་བྱེད་པའི་གནད་དམ་པ་ཡིན།
དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གྱི་ལོ་རྒྱུས་ཁ་ཕྱོགས་ལེགས་པོར་ཁོང་དུ་ཆུད་དགོས་ན། འབྲས་བུ་མཐོང་དགོས་པར་མ་ཟད་ཞན་ཆ་ཡང་མཐོང་དགོས་ལ། ཡིད་ཆེས་ལྡན་དགོས་པར་མ་ཟད་ཉེན་ཁའི་འདུ་ཤེས་ཀྱང་ལྡན་དགོས། དངོས་ཡོད་གནས་ཚུལ་དང་ཁ་མི་བྲལ་བ་དང་གྲུབ་འབྲས་ལ་བརྩོན་དགོས་པར་མ་ཟད་གནམ་རྒན་མའི་བཀོད་སྒྲིག་ལ་ཉན་པ་དང་བྱས་རྗེས་གང་ཡང་མེད་པའང་བྱ་མི་རུང་། ངེས་པར་དུ་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་བྱེད་ཐབས་སྨྲ་བ་རྒྱུན་འཁྱོངས་བྱས་ཏེ་གཞོང་་ལས་བརྒལ་ནས་སི་ཁྲོན་ལ་ལྟ་བ་དང་བསམ་བློ་བཅིངས་འགྲོལ་བཏང་ནས་འཕེལ་རྒྱས་ལ་བརྩོན་དགོས། རྒྱལ་ཡོངས་ཀྱི་ཕྱོགས་ཡོངས་དང་དུས་རབས་ཀྱི་ཕྱོགས་ཤུགས་ཆེན་པོའི་ཁྲོད་གནས་བབ་གཏན་ཁེལ་བྱ་དགོས་པ་དང་། གོ་སྐབས་དམ་འཛིན་དང་འགྲན་རྩོད་དང་ལེན་བྱེད་པའི་ཁྲོད་འབད་པ་ལྷུར་ལེན་དང་ཞིབ་འཇུག་གཏིང་ཟབ། མ་ལག་དང་ལྡན་པའི་འཆར་བཀོད། མིག་རྒྱང་རིང་པོ། དངོས་དོན་བརྩོན་ལེན་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་འགོད་འཕེལ་རྒྱས་དང་གསར་གཏོད་འཕེལ་རྒྱས། མཆོང་བསྐྱོད་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་ནས་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་དེ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་བརྩོན་དགོས། །