དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་དུ་གཏོང་བའི་ཁྲིམས་སྐྱོང་འགན་སྲུང་།—— ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་“སི་ཁྲོན་ལེའུ”ཡི་ཕུན་སུམ་ཚོགས་པའི་ནང་དོན་ལ་སྦྱོང་རྟོགས་བྱེད་པའི་དཔྱད་བརྗོད།
སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-05
དཔལ་འབྱོར་འཕེལ་རྒྱས་ནི་བརྟན་བརླིང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་དང་ཁ་བྲལ་ཐབས་མེད་ལ། སྤྱི་ཚོགས་ཀྱི་ཡུན་རིང་བདེ་འགོད་ལ་སྔར་ལས་ཁྲིམས་སྐྱོང་གི་འགན་སྲུང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་ཀར་བཏོན་པའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལས་རྩ་ཁྲིམས་བརྩི་སྲུང་དང་ཁྲིམས་ལུགས་ལ་གོང་བཀུར། ཁྲིམས་བསྟུན་བཅོས་སྐྱོང་ལ་ཤུགས་སྣོན། ནན་གྱིས་ཁྲིམས་ལྟར་ལས་དོན་བསྒྲུབ་པ། ཁྲིམས་ལྟར་དབང་ཆ་སྤྱོད་པ་བཅས་ནི་ནང་དོན་གལ་ཆེན་ཁག་ཡིན་པ་རེད། ཞིབ་བརྗོད་གལ་ཆེན་རབ་དང་རིམ་པ་འདི་དག་གིས་གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་དང་བརྟན་བརླིང་གི་རྩོད་སྒྲུབ་འབྲེལ་བ་གསལ་པོར་བསྟན་ཞིང། སི་ཁྲོན་གྱིས་ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་འཆམ་མཐུན་བརྟན་བརླིང་དང་ཡུན་རིང་བདེ་འགོད་ཀྱི་འོས་འགན་གལ་ཆེན་མངོན་དུ་འགྱུར་དགོས་པར་བསྟན་པར་མ་ཟད། དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་གྱི་ཁྲིམས་སྐྱོང་འགན་སྲུང་གསལ་པོར་བསྟན་པ་རེད།
ཁྲིམས་སྐྱོང་གི་བསམ་བློ་དང་ཁྲིམས་སྐྱོང་གི་ཐབས་ལམ་བཀོལ་ནས་བློ་བརྟན་འགྱུར་མེད་ཀྱིས་ཁྲིམས་བསྟུན་བཅོས་སྐྱོང་ལ་སྐུལ་འདེད་གཏང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། བཅའ་ཁྲིམས་ནི་རྒྱལ་ཁབ་སྐྱོང་བའི་ལག་ཆ་གལ་ཆེན་ཞིག་ཡིན་ཞིང་། ཁྲིམས་སྐྱོང་ནི་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་རྟེན་གཞི་གལ་ཆེན་ཞིག་ཡིན་པ་རེད། ཁྱོན་ཡོངས་ནས་ཁྲིམས་བསྟུན་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་ནི་སྤྱི་ཚོགས་ཀྱི་གསོན་ཤུགས་བཅིངས་འགྲོལ་དང་གོང་འཕེལ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་ལ་འགན་སྲུང་། ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འགོད་ལ་འགན་སྲུང་བྱེད་པའི་རྩ་བའི་བླང་བྱ་དང་། བདེ་བླག་ངང་དམིགས་འབེན་འོས་འགན་ཁག་ལེགས་པོར་འགྲུབ་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། མགྱོགས་མྱུར་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགན་སྲུང་གལ་ཆེན་ཡིན་པ་རེད། དུས་རབས་གསར་པར་རྒྱང་སྐྱོད་གསར་པར་ཞུགས་དགོས་ཤིང་། རྙོག་འཛིང་ཛ་དྲག་གི་སྤྱི་ཚོགས་ཁྲོད་ཇི་ལྟར་བརྟན་བརླིང་གི་སྤྱི་ཚོགས་སྒྲིག་སྲོལ་རྒྱུན་འཁྱོངས་བྱེད་དམ། ཕྱོགས་སོ་སོའི་འགྲན་རྩོད་ཀྱི་ཚོང་རའི་ཁྲོད་ཇི་ལྟར་འདྲ་མཉམ་དྲང་བདེན་གྱི་ཚོང་རའི་སྒྲིག་ལམ་འགན་སྲུང་བྱེད་དམ། རིགས་སྣ་ཚོགས་པའི་གླེང་མོལ་ཁྲོད་ཇི་ལྟར་དཔྱོད་ཤེས་ཀྱི་ཚད་གཞི་དང་དཔལ་ཡོན་གྱི་མཚམས་ཐག་ལ་འགན་སྲུང་བྱེད་དམ། ཐུན་མོང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་བར་འབད་བརྩོན་བྱེད་པའི་གོ་རིམ་ཁྲོད་ཇི་ལྟར་ཏང་དང་རྒྱལ་ཁབ་ཀྱི་ཡུན་རིང་བདེ་འགོད་མངོན་དུ་འགྱུར་རམ། འདི་དག་ལ་ལན་གཅིག་མ་གཏོགས་མེད་དེ། དེ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་སྐུལ་འདེད་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་ཁྲིམས་བསྟུན་བཅོས་སྐྱོང་རྒྱུན་འཁྱོངས་བྱ་རྒྱུ་དེ་རེད། ང་ཚོས་གཡོ་བ་མེད་པར་སི་ཁྲོན་གྱི་ལས་དོན་ཁག་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་ནང་ཚུད་དུ་བཅུག་ནས་ཚན་རིག་དང་མཐུན་པའི་ཁྲིམས་བཅའ་བ་དང་གཟབ་ནན་གྱིས་ཁྲིམས་ལག་བསྟར་བྱེད་པ། སྲིད་ཁྲིམས་དྲང་བདེན། དམངས་ཡོངས་ཀྱིས་ཁྲིམས་སྐྱོང་བའི་ལས་ཀ་ཁག་དམ་འཛིན་བྱས་ཏེ། རྒྱུན་རྣམ་ཅན་གྱིས་“བཅའ་ཁྲིམས་བདུན་ལ་ཁྱབ་པའི”བྱེད་སྒོ་སྤེལ་བ་དང་རྒྱུན་རྣམ་ཅན་གྱིས་བོད་ཁུལ་གྱི་ཁྲིམས་བསྟུན་བཅོས་སྐྱོང་ལ་སྐུལ་འདེད་དང་། རྒྱུན་ཆད་མེད་པར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས།
ཁྲིམས་སྐྱོང་གི་ཐབས་ལམ་སྤྱད་དེ་སྤྱི་ཚོགས་དོ་དམ་ལ་ཤུགས་སྣོན་དང་གསར་གཏོད་བྱ་དགོས། བརྟན་བརླིང་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་ཞིང་ཁྲིམས་སྐྱོང་ནི་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་བརླིང་ལ་འགན་སྲུང་བྱེད་པའི་རྨང་རྡོ་གལ་ཆེན་ཞིག་ཡིན། དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་པས་ཚོང་ར་དར་རྒྱས་དང་སྤྱི་ཚོགས་གོང་འཕེལ་དུ་བཏང་བའི་དུས་མཚུངས་སུ་འགལ་བ་དང་གནད་དོན་མང་པོ་ཞིག་ཀྱང་ཞོར་དུ་བསྐྱེད་པ་རེད། གལ་སྲིད་མཐོང་ཆེན་དང་ཐག་གཅོད་མ་བྱས་པར་དོན་ཆུང་གིས་དོན་ཆེན་བསྐྱེད་པ་དང་གནད་དོན་ཕྱིར་འགྱངས་བྱས་ནས་ཚབས་ཆེན་དུ་གྱུར་ན་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་གྱོང་གུད་ཚབས་ཆེན་ཐེབས་ངེས། ངེས་པར་དུ་སྤྱི་ཚོགས་དོ་དམ་ནི་རྒྱུན་སྒྲུབ་རྒྱུན་གསར་གྱི་ལས་ཀ་ཞིག་ཡིན་པ་ངོས་འཛིན་བྱེད་དགོས། དེ་བས་ང་ཚོས་ངེས་པར་དུ་གནད་དོན་ལ་ངོས་འཛིན་བྱེད་ཕོད་པ་དང་གནད་དོན་ལ་གདོང་གཏུག་དགོས་པ་རེད། གནད་དོན་གྱི་ཁྲིད་ཕྱོགས་དང་མཚམས་ཐིག་གི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་དོན་དངོས་དང་མཐུན་པར་སྤྱི་ཚོགས་དོ་དམ་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་བྱ་དགོས་པར་མ་ཟད། ཁེ་དབང་ཞིབ་བརྗོད་དང་ཁེ་ཕན་སྙོམས་སྒྲིག་གི་ལམ་ལུགས་འཐུས་ཚང་དུ་བཏང་ནས་འབྱུང་ཁུངས་ཀྱི་ཐད་ནས་སྔོན་འགོག་དང་གནད་དོན་གྱི་བྱུང་ཚད་ཇེ་ཉུང་དུ་གཏོང་བར་སྔོན་འགོག་བྱ་དགོས་པ་དང་། བློ་ཐག་རྦད་ཆོད་ཀྱིས་རིགས་མི་འདྲ་བའི་“ཕྱེ་ལེབ་ནུས་ཕྱོད”བྱུང་བར་སྔོན་འགོག་བྱ་དགོས། བཅའ་ཁྲིམས་ཞེས་པའི་སྟོབས་ལྡན་གྱི་དྲག་ཆས་དེ་སྤྱད་དེ་ཤུགས་ཆེན་པོས་རྒྱ་ཆེའི་མི་དམངས་ཀྱི་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་བ། ཆེས་མངོན་སུམ་གྱི་ཁེ་ཕན་གནད་དོན་ཐག་གཅོད་བྱས་ཚེ། ད་གཟོད་སྤྱི་ཚོགས་ཡོངས་རྒྱུན་མཐུད་བརྟན་བརླིང་བྱུང་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཁོར་ཡུག་ལེགས་པོ་བསྐྲུན་ཐུབ་ངེས།
ཏང་ཡོན་ལས་བྱེད་པའི་“གནད་འགག་གྲངས་ཉུང་”འདི་དམ་འཛིན་བྱས་ཏེ་དོན་དངོས་དང་མཐུན་པར་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱ་དགོས། ལས་དོན་གྱི་རྒྱལ་ཕམ་གཙོ་བོ་མི་ལ་རག་ལས་པ་ཡིན། སྤྱི་ཚོགས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་མཐོ་མིན་དང་ཁྲིམས་བསྟུན་ལས་བསྒྲུབ་ཀྱི་ནུས་པ་མཐོ་མིན་ནི་གཙོ་བོ་ཏང་ཡོན་ལས་བྱེད་པ་དང་། ལྷག་དོན་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་ཕན་ནུས་ལྡན་པའི་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་ཐུབ་མིན་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་ནི་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་དམིགས་འབེན་འོས་འགན་མངོན་འགྱུར་བྱེད་པའི་གནད་འགག་ཡིན་པས་ངེས་པར་དུ་འབུར་དུ་ཐོན་པའི་སྒོ་ནས་ཤུགས་འདོན་ས་གཉིས་ལ་སྣེ་ཁྲིད་དཔེ་སྟོན་དང་སྐུལ་འདེད་བྱ་དགོས་པ་དང་། རྩ་ཁྲིམས་ཀྱི་འདུ་ཤེས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་སྲ་བརྟན་དུ་བཏང་ནས་དོན་དངོས་དང་མཐུན་པར་ཁྲིམས་སྐྱོང་འདུ་ཤེས་མཐོར་འདེགས་དང་སྣེ་ཁྲིད་དེ་རྩ་ཁྲིམས་ལ་གོང་བཀུར། རྩ་ཁྲིམས་ལ་སློབ་སྦྱོང་། རྩ་ཁྲིམས་ལ་བརྩི་སྲུང་། རྩ་ཁྲིམས་ལ་འགན་སྲུང་། རྩ་ཁྲིམས་བཀོལ་སྤྱོད་བྱས་ཏེ་མགོ་ན་གྲི་ཞིག་དང་སེམས་ན་རྒྱུད་ཅིག རྐང་འོག་ན་ལམ་ཞིག་ཡོད་པར་བྱ་དགོས། ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་དབང་ཆ་སྤྱོད་པར་གོམས་ལོབས་དང་བཅའ་ཁྲིམས་ཀྱི་ཚོད་འཛིན་འོག་དབང་ཆ་སྤྱོད་པར་རང་རྟོག་བྱ་དགོས།
སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་ནི་ཁྲིམས་སྐྱོང་ནན་སྤེལ་ལ་ཐུག་ཡོད། ཁྲིམས་སྐྱོང་ནན་སྤེལ་བྱས་ཚེ། ད་གཟོད་ཕན་ནུས་ལྡན་པའི་སྤྱི་ཚོགས་ཀྱི་ཁེ་ཕན་དོ་སྙོམས་དང་སྤྱི་ཚོགས་ཀྱི་འབྲེལ་བ་སྙོམས་སྒྲིག སྤྱི་ཚོགས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། སྤྱི་ཚོགས་ཀྱི་འགལ་བ་འདུམ་འགྲིག་བྱེད་ཐུབ། ད་གཟོད་སྤྱི་ཚོགས་ཡོངས་ལ་ཁྲིམས་བསྟུན་ལས་སྒྲུབ་དང་དོན་འཕྲད་ཁྲིམས་འཚོལ། གནད་དོན་ཐག་གཅོད་སྐབས་ཁྲིམས་བཀོལ་བ་དང་འགལ་བ་འདུམ་འགྲིག་བྱེད་སྐབས་ཁྲིམས་དང་བསྟུན་པའི་ཁྲིམས་སྐྱོང་གི་གོ་རིམ་ལེགས་པོ་ཞིག་ཆགས་ཐུབ་པ་དང་། ད་གཟོད་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་ནུས་ཡོད་སྟོབས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱ་ཐུབ། །