ཛ་དྲག་ཆེན་པོས་འགྲན་བསྡུར་སྤེལ་རྗེས། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འགྲན་ཞུགས་པ་ཕེན་ལའོ་ཏ་ཡིས་སྐྱེས་པའི་སྨི100ཡི་སྨྱུག་ཤིང་སྟེང་དུ་འགྲོ་བའི་རྒྱུག་འགྲན་གྱི་ཨང་དང་པོ་བླངས་པ་དང་། ལིའང་ཧྲན་ཁུལ་གྱི་འགྲན་ཞུགས་པ་སཱ་ཞུའེ་ཐའོ་དང་། རྔ་བ་ཁུལ་གྱི་འགྲན་ཞུགས་པ་ཞུས་ཕང་། མེན་དབྱང་གི་འགྲན་ཞུགས་པ་ལི་ཞའོ་ལིན་བཅས་ཀྱིས་ཨང་གཉིས་པ་བླངས་ཤིང་། དཀར་མཛེས་ཁུལ་གྱི་འགྲན་ཞུགས་པ་ཙོན་ཝང་ཐའོ་དང་ལིའུ་ཅན་ཧྭ། ཏ་ཀྲོའུ་ཡི་འགྲན་ཞུགས་པ་ཏེང་ཙུང་པའོ། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འགྲན་ཞུགས་པ་ཁྲེན་ཁྲའོ་བཅས་ཀྱིས་ཨང་གསུམ་པ་བླངས་པ་རེད།
བུད་མེད་ཀྱི་སྨི100ཡི་སྨྱུག་ཤིང་སྟེང་དུ་འགྲོ་བའི་རྒྱུག་འགྲན་བྱས་མཐར་ལིའང་ཧྲན་ཁུལ་གྱི་འགྲན་ཞུགས་པ་ཝང་ཡིང་གིས་བུད་མེད་ཀྱི་སྨི100ཡི་སྨྱུག་ཤིང་སྟེང་དུ་འགྲོ་བའི་རྒྱུག་འགྲན་གྱི་ཨང་དང་པོ་བླངས་པ་དང་། ལིའང་ཧྲན་ཁུལ་གྱི་འགྲན་ཞུགས་པ་སཱ་ཞུའེ་ཆུང་དང་སཱ་ཞུའེ་ལི། དཀར་མཛེས་ཁུལ་གྱི་འགྲན་ཞུགས་པ་ཝང་ཅུན་རུའུ་བཅས་ཀྱིས་ཨང་གཉིས་པ་བླངས་ཤིང་། མེན་དབྱང་གི་འགྲན་ཞུགས་པ་ཐེན་ཧྭ་ཡན་དང་ལི་ཞུའེ་ཡིང་། ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འགྲན་ཞུགས་པ་ཆོན་པིང་། རྔ་བ་ཁུལ་གྱི་འགྲན་ཞུགས་པ་ཁྲེན་ཆིང་བཅས་ཀྱིས་ཨང་གསུམ་པ་བླངས་པ་རེད།
སྐྱེས་པ་དང་བུད་མེད་ཀྱི་སྨི400ཡི་སྨྱུག་ཤིང་སྟེང་དུ་འགྲོ་བའི་རྒྱུག་འགྲན་གྱི་མཐུད་རྒྱུག་མཇུག་འགྲན་བྱས་མཐར། རྔ་བ་ཁུལ་འཐུས་ཚབ་ཚོགས་པའི་འགྲན་ཞུགས་པ་ཞུའེ་ཕང་དང་ཝང་ཆིང་ཞན་གྱིས་སྐྱེས་པའི400ཡི་སྨྱུག་ཤིང་སྟེང་དུ་འགྲོ་བའི་མཐུད་རྒྱུག་རྒྱུག་འགྲན་གྱི་ཨང་དང་པོ་བླངས་པ་དང་། དཀར་མཛེས་ཁུལ་གྱི་འཐུས་ཚབ་ཚོགས་པའི་འགྲན་ཞུགས་པ་ཙོན་ཝང་ཐའོ་དང་དབྱང་ཧའེ་ཨོའུ ལྷོ་ནུབ་མི་རིགས་སློབ་ཆེན་གྱི་འགྲན་ཞུགས་པ་ཕེན་ལའོ་ཏ་དང་ཁྲེན་ཁྲའོ། མེན་དབྱང་གི་འགྲན་ཞུགས་པ་ལི་ཞའོ་ལིན་དང་ཡོན་མིང་བཅས་ཀྱིས་ཨང་གཉིས་པ་བླངས་ཤིང་། ལུའོ་ཧྲན་གྱི་འགྲན་ཞུགས་པ་སཱ་ཡུན་ལུང་དང་དབྱང་པིའོ། ཁྲེང་ཏུང་གི་འགྲན་ཞུགས་པ་ཅིན་ཆང་དང་ཨ་ཨེར་ཨ་ཧོ། དབྱི་པིང་གི་འགྲན་ཞུགས་པ་ལུའོ་ལིའང་བཅས་ཀྱིས་ཨང་གསུམ་པ་བླངས་པ་རེད།
བུད་མེད་ཀྱི་སྨི400ཡི་སྨྱུག་ཤིང་སྟེང་དུ་འགྲོ་བའི་རྒྱུག་འགྲན་གྱི་མཐུད་རྒྱུག་འགྲན་བསྡུར་བྱས་མཐར། ལིའང་ཧྲན་ཁུལ་གྱི་འགྲན་ཞུགས་པ་སཱ་ཞུའེ་ཆུང་དང་ཝང་ཡིང་གིས་ཨང་དང་པོ་བླངས་པ་དང་། དཀར་མཛེས་ཁུལ་གྱི་འགྲན་ཞུགས་པ་ཝང་ཅུན་རུའུ་དང་ཀྲང་ཡན་མེ། ཏ་ཀྲོའུ་ཡི་འགྲན་ཞུགས་པ་ཁྲེན་ཐེན་ཆུང་དང་ཞེ་ཀྲི་ཆིང་། ཀོང་ཨན་གྱི་འགྲན་ཞུགས་པ་ཞེ་ཝུའུ་ཀན་དང་ཐོ་ཀྲི་པུའུ་ཀུ་མུའུ་བཅས་ཀྱིས་ཨང་གཉིས་པ་བླངས་པ་རེད།
སྨྱུག་ཤིང་སྟེང་དུ་འགྲོ་བའི་རྒྱུག་འགྲན་ལ་དབྱུག་འདེགས་རྟ་རྩལ་ཡང་ཟེར། དེ་ནི་མིའོ་རིགས་དང་ཐུའུ་ཅ་རིགས་ཀྱི་ས་ངོས་ལ་ཆར་ཆུ་འཁྱིལ་བ་དང་ཆུ་འབོག་སྐབས་སྤྱོད་རྒྱུའི་ཡོ་བྱད་རིགས་ཤིག་ཡིན་ཞིང་། རྗེས་སུ་མི་ཚོས་དབྱུག་འདེགས་རྟ་རྩལ་དེ་སྨྱུག་ཤིང་སྟེང་གི་འགྲོ་བར་འཕེལ་རྒྱས་བྱུང་ནས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་གྱི་ལས་གཞི་ཆགས་པ་རེད། སྐབས་བདུན་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལུས་རྩལ་བྱ་འགུལ་ཐོག་སྨྱུག་ཤིང་སྟེང་གི་མགྱོགས་འགྲོ་དེ་ལུས་རྩལ་འགྲན་བསྡུར་གྱི་རྣམ་གྲངས་ནང་དངོས་སུ་བཞག་པ་རེད།