སྡེ་ཁག་ལྔས་མཉམ་འབྲེལ་ཐོག《དྲ་རྒྱའི་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུའི་དོ་དམ་བྱེད་ཐབས》ཁྱབ་བསྒྲགས་བྱེད་འཆར་ཡོད་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-13


            2018ལོའི་ཟླ9པའི་ཚེས10ཉིན། རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱིས《དྲ་རྒྱའི་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུའི་དོ་དམ་བྱ་ཐབས( བསམ་འཆར་བསྡུ་ལེན་མ་ཟིན)》 ( གཤམ་དུ《བྱ་ཐབས( བསམ་འཆར་བསྡུ་ལེན་མ་ཟིན) ཞེས་བསྡུ་རྒྱུ》འགྲེམས་སྤེལ་གནང་པ་དང་། འདི་ནི་རང་རྒྱལ་གྱིས་དྲ་རྒྱར་བརྟེན་ནས་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུར་གཏན་ཁེལ་གནང་པའི་འབྲེལ་ཡོད་གཏན་འབེབས་ཐོག་མ་རེད།
           《བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》ལ་ཁྱོན་ས་བཅད་ཆེན་མོ་ལྔ་དང་དོན་ཚན་སོ་ལྔ་ཡོད་དེ། ས་བཅད་ཆེན་མོ་ཁག་ལྔ་ནི་བྱེ་བྲག་ཏུ་སྤྱིའི་དོན་ཚན་དང་དྲ་རྒྱའི་ཆོས་ལུགས་ཀྱི་ཆ་འཕྲིན་ལ་ཞིབ་བཤེར་ཆོག་མཆན་འགོད་པ། དྲ་རྒྱའི་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུའི་དོ་དམ། བཅའ་ཁྲིམས་ཀྱི་འགན་ཁུར། ཞར་བྱུང་བཅས་ཡིན་ལ།. དུས་མཚུངས་སུ་ཁྱབ་བསྒྲགས་བྱས་པའི་ཡོངས་བསྒྲགས་བསམ་འཆར་བསྡུ་ལེན་བརྡ་ཐོའི་ནང་། དེ་ནི་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དྲ་རྒྱའི་བདེ་འཇགས》དང《དྲ་རྒྱའི་ཆ་འཕྲིན་ཞབས་ཞུའི་དོ་དམ་བྱ་ཐབས》《ཆོས་ལུགས་ལས་དོན་སྲོལ་ཡིག》སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ནས་བཟོས་པ་བསྟན་ཡོད།《བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》གྱི་མ་ཡིག་འགོད་པའི་དམིགས་ཡུལ་ནི་དྲ་རྒྱའི་ཆོས་ལུགས་ཀྱི་ཞབས་ཞུའི་བྱེད་སྒོ་ཚད་ལྡན་དུ་བཏང་ནས་ཆོས་ལུགས་ཀྱི་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་སྲུང་སྐྱོང་བྱ་ཆེད་རེད།
           དམིགས་སུ་བཀར་ནས་བསྟན་དགོས་པ་ཞིག་ལ།《བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》ནང་། དྲ་རྒྱའི་ཆོས་ལུགས་ཆ་འཕྲིན་ཞབས་ཞུའི་གཙོ་དོམ་སྡེ་ཚན་ཁ་གསལ་བཏང་ཡོད་པ་དང་། དྲ་རྒྱའི་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུའི་ལས་ཀ་སྒྲུབ་པར་རེ་ཞུའི་ཆ་རྐྱེན་དྲུག་འཛོམས་དགོས་པ་དང་ཆབས་ཅིག“མངའ་ཁོངས་ཕྱིའི་རྩ་འཛུགས་སམ་མི་སྒེར་དང་དེ་བཞིན་མངའ་ཁོངས་ནང་རོལ་དུ་བཙུགས་པའི་རྩ་འཛུགས་ཀྱིས་མངའ་ཁོངས་ནང་རོལ་དུ་དྲ་རྒྱའི་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུ་སྒྲུབ་མི་ཆོག་པ་དང་། རེ་འདུན་ཞུ་མཁན་ལ་ཞབས་ཞུ་དང་ཕན་ཚུན་ཆ་མཚུངས་པའི་བྱེད་སྒོ་སྤེལ་ཡུལ་དང་སྒྲིག་ཆས། མ་དངུལ་དགོས་པ།” དྲ་རྒྱའི་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུ་སྒྲུབ་ཚེ། ས་གནས་དེའི་ཞིང་ཆེན་རིམ་པའི་ཆོས་ལུགས་ལས་དོན་སྡེ་ཁག་ལ་རེ་འདུན་ཞུ་དགོས་པ་དང་། 《དྲ་རྒྱའི་ཆོས་ལུགས་ཀྱི་ཆ་འཕྲིན་རེ་ཞུའི་རེའུ་མིག》འབྲི་དགོས་པ། དྲ་རྒྱའི་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུའི་མིང་ལ་ཆོས་ལུགས་ཀྱི་ཚོགས་པ་ཕུད། ཆོས་ལུགས་སློབ་གླིང་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཕུད། “ནང་བསྟན་ཆོས་ལུགས” “ཏའོ་ཇོ་ཆོས་ལུགས” “ དབྱི་སི་ལམ་ཆོས་ལུགས”  “གནམ་བདག་ཆོས་ལུགས” “ཡེ་ཤུའི་ཆོས་ལུགས” སོགས་ཆོས་ལུགས་ཀྱི་མིང་བེད་སྤྱོད་བྱས་མི་ཆོག་པ་དང་། ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་།ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་སོགས་པའི་མིང་ཡང་བེད་སྤྱོད་བྱས་མི་ཆོག དྲ་རྒྱའི་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུ་གཉེར་བར་ཞབས་ཞུའི་ལས་སྟེགས་ཀྱི་མངོན་གསལ་དོད་སར《དྲ་རྒྱའི་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུའི་ཆོག་འཐུས་དཔང་ཡིག》གི་ཨང་གྲངས་གསལ་པོར་བཀོད་དགོས་པ། 《དྲ་རྒྱའི་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུའི་ཆོག་འཐུས་དཔང་ཡིག》གི་གོ་ཆོད་དུས་ཡུན་ནི་ལོ3ཡིན་པ་དང་། གོ་ཆོད་དུས་ཡུན་ལོངས་ནས་མུ་མཐུད་དུ་དྲ་རྒྱའི་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུའི་ལས་ཀ་གཉེར་རྩིས་ཡོད་ན། ཡུན་ཚད་ཐོན་ལ་ཉེ་བའི་ཉིན30ཡི་སྔོན་ལ། དེ་སྔོན་དཔང་ཡིག་སྟེར་མཁན་ལས་ཁུངས་ལ་རེ་འདུན་ཞུ་ཡིག་འབུལ་དགོས་པ། ཆོས་ལུགས་ཀྱི་མིང་གཡར་ནས་ཚོང་ལས་ཁྱབ་སྒྲོག་དང་བརྒྱུད་བཙོང་། ཆོས་ལུགས་ཐད་ཀྱི་ཡོ་ཆས་བསྐུར་མི་ཆོག་པ་དང་། ཆོས་ལུགས་ནང་ཁུལ་གྱི་དཔྱད་ཡིག་རང་བཞིན་གྱི་དཔེ་སྐྲུན་དང་ཁྲིམས་འགལ་གྱི་དཔེ་སྐྲུན་རིགས་པར་དུ་བཏབ་མི་ཆོག 《དྲ་རྒྱའི་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུའི་ཆོག་འཐུས་དཔང་ཡིག》ཐོབ་པའི་ཆོས་ལུགས་ཚོགས་ཁག་དང་ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་རང་གིས་བཟོས་པའི་དྲ་རྒྱའི་ལས་སྟེགས་གཅིག་པུའི་སྟེང་ཆོས་ལུགས་དགེ་རྒན་དང་ལས་སྒྲུབ་པས་ཆོས་ཁྲིད་དང་བཀའ་ཆོས་གསུང་ཆོག་ལ།ཆོས་ཁྲིད་དང་བཀའ་ཆོས་གསུང་པར་དངོས་མིང་ལམ་ལུགས་ཀྱི་དོ་དམ་ལག་བསྟར་བྱེད་དགོས་པ་དང་། རྩ་འཛུགས་གང་ངམ་མི་སྒེར་གཞན་པ་སུ་ཞིག་གིས་ཀྱང་དྲ་རྒྱའི་སྟེང་ཆོས་ཁྲིད་དང་བཀའ་ཆོས་གནང་པའམ་བརྒྱུད་སྤེལ། འབྲེལ་ཡོད་ནང་དོན་སྦྲེལ་མཐུད་སོགས་གཏན་ནས་བྱས་མི་ཆོག་པ། 《དྲ་རྒྱའི་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུའི་ཆོག་འཐུས་དཔང་ཡིག》ཐོབ་པའི་ཆོས་ལུགས་སློབ་གླིང་དང་། རང་གིས་བཟོས་པའི་དྲ་རྒྱའི་ལས་སྟེགས་གཅིག་པུའི་སྟེང་ཆོས་ལུགས་སློབ་གླིང་གི་སློབ་མ་དང་ཆོས་དོན་བགྱི་མཁན་མི་སྣར་ཆོས་ལུགས་ཀྱི་སློབ་གསོ་གསོ་སྦྱོང་གནང་ཆོག་པ་དང་། སློབ་གསོ་གསོ་སྦྱོང་ལ་དངོས་མིང་ལམ་ལུགས་ཀྱི་དོ་དམ་ལག་བསྟར་བྱེད་དགོས་པ་ལས་རྩ་འཛུགས་གང་ངམ་མི་སྒེར་སུ་ཞིག་གིས་ཀྱང་དྲ་རྒྱའི་སྟེང་ཆོས་ལུགས་སློབ་གསོ་དང་གསོ་སྦྱོང་ལས་ཀ་སྤེལ་མི་ཆོག་པ རྩ་འཛུགས་གང་ངམ་མི་སྒེར་སུ་ཞིག་གིས་ཀྱང་དྲ་རྒྱའི་ཐོག་ཡིག་རིགས་དང་པར་རིས། སྒྲ་བརྙན་སོགས་ཀྱི་བྱ་ཐབས་སྤྱད་དེ་མཆོད་མཇལ་དང་བསང་གཏོང་པ། སྡོམ་པ་སྲུང་བ། ཆོས་འདོན་པ། ཕྱག་འཚལ་བ། ཁྲུས་བྱེད་པ་སོགས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་བ་སོགས་ཐད་གཏོང་ངམ་བརྒྱུད་གཏོང་བྱས་མི་ཆོག  ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཆོས་ལུགས་ཞིབ་འཇུག་ཁང་གི་སུའོ་ཀྲང་གཞོན་པ་།ཞིབ་འཇུག་པ་གདུགས་དཀར་ཚེ་རིང་གིས《བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》 བཟོས་པ་ནི་ཁ་ཚ་དགོས་གཏུག་དང་དུས་ལ་ཤིན་ཏུ་འཁེལ་བ་ཞིག་ཡིན་ཏེ།དྲ་རྒྱའི་ཆ་འཕྲིན་ཁྱབ་ཁོངས་ཀྱི་ཆོས་ལུགས་དོ་དམ་ཐད་ཀྱི་དཀའ་གནད་དང་ཉམས་ཞན་གྱི་རིམ་པ་ཞིག་རེད། དེ་སྔར་གཡོ་ཇུས་ཅན་རེ་ཟུང་གིས་ཆ་འཕྲིན་རྫུན་མ་ཁྱབ་སྤེལ་བྱས་པར་བརྟེན་ཤུགས་རྐྱེན་ངན་པ་ཐེབས་ཡོད། 《བྱ་ཐབས(བསམ་འཆར་བསྡུ་ལེན་མ་ཟིན)》ནི་རྒྱལ་ཁབ་ཀྱིས་ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པའི་གལ་ཆེའི་གྲུབ་ཆ་ཞིག་ཡིན་ལ་དངོས་ཡོད་གནད་དོན་མང་པོ་ཐག་གཅོད་བྱེད་ཐུབ་དང་། མི་རིགས་མཐུན་སྒྲིལ་ཆོས་ལུགས་འཆམ་མཐུན་ལ་གནོད་པའི་ཆ་འཕྲིན་ཚོད་འཛིན་དོན་འཁྱོལ་གནང་ཐུབ་ནས་ཁྲིམས་མཐུན་སྲུང་སྐྱོབ་བྱེད་པ་དང་ཁྲིམས་འགལ་གཏན་འགོག་བྱེད་ཐུབ་པ། ཆོས་ལུགས་གནོད་མེད་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཐད་ནུས་པ་གལ་ཆེན་ཐོན་ངེས་ཤིང་། ལྷག་པར་དུ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ངེས་རེད་ཅེས་ངོས་འཛིན་གནང་གི་འདུག
           རྒྱུས་ལོན་བྱུང་པ་ལྟར་ན།《བྱ་ཐབས་( བསམ་འཆར་བསྡུ་ལེན་མ་ཟིན) 》ནི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་དང་རྒྱལ་ཁབ་དྲ་རྒྱའི་ཆ་འཕྲིན་གཞུང་དོན་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ། རྒྱལ་ཁབ་བདེ་འཇགས་པུའུ་བཅས་མཉམ་འབྲེལ་སྡེ་ཚན་གྱིས་སྒྲིག་སྲོལ་རྣམ་པས་འགྲེམ་སྤེལ་བྱ་འཆར་ཡོད་ཅིང་། 2018ལོའི་ཟླ10པའི་ཚེས9ཡི་སྔོན་ལ། སྤྱི་དམངས་ཀྱིས་ཀྲུང་གོ་སྲིད་གཞུང་གི་ཁྲིམས་ལུགས་ཆ་འཕྲིན་དྲ་བ་དང་། གློག་རྡུལ་ཡིག་སྒམ་ཡང་ན་འཕྲིན་གཏོང་བྱ་ཐབས་བརྒྱུད་བསམ་འཆར་ཕྱིར་སྤྲོད་བྱས་ཆོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1