ཡར་ཀླུང་གཙང་བོའི་འབྱུང་ཁུངས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་གི་མངའ་ཁོངས་སུ་ཡོད་ཅིང་། དེ་ནི་བོད་ལྗོངས་ཀྱི་མ་ཡུམ་གཙང་པོ་ཡིན། དེའི་འབྱུང་ཁུངས་ཀྱི་ས་བབ་མཐོ་བ་དང་། མཁའ་དབུགས་སྐམ་ཤས་ཆེ་ཞིང་། རླུང་གི་གནོད་འཚེ་མང་པོ་འབྱུང་སྲིད་པས་བྱེ་འགྱུར་གྱི་གནས་ཚུལ་ཉིན་བཞིན་ཚབས་ཆེན་དུ་གྱུར། ཉེ་བའི་ལོ་འགའི་རིང་ལ། ཡར་ཀླུང་གཙང་པོའི་སྐྱེ་ཁམས་ཀྱི་སྔར་ཡོད་གནས་ཚུལ་ལ་དམིགས་ནས། བོད་རང་སྐྱོང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པའི་འཆར་འགོད་བཟོས་ནས་ལག་བསྟར་བྱས་པ་དང་། ཡར་ཀླུང་གཙང་པོའི་འབྱུང་ཡུལ་གྱི་སྐྱེ་ཁམས་བྱེད་ནུས་སྲུང་སྐྱོང་ཁུལ་བཙུགས་ཏེ། “མི་ཐབས་ལ་བརྟེན་ནས་རྩྭ་བཏབ་པ”དང“ཕྱུགས་བསྐྱུར་སྤོས་རྩྭ་གསོ” སོགས་བྱེད་ཐབས་མང་པོ་སྤྱད་དེ་གཙང་བོའི་སྟོད་རྒྱུད་ཀྱི་སྔོ་ཁེབས་ཇེ་མང་དུ་བཏང་བ་དང་སྲུང་སྐྱོབ་གང་ལེགས་བྱས་ཏེ། བྱེ་ཐང་ཅན་དུ་གྱུར་བར་འགོག་བཅོས་བྱས་པར་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་རེད།