བོད་ལྗོངས་མངའ་རིས་ས་ཁུལ་གྱི་མཚོ་ཆེན་རྫོང་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4700ཡན་ཟིན་པ་དང་། སྔོ་ཚལ་གྱི་རིན་གོང་མཐོ་ཞིང་། སྣ་ཁ་ཧ་ཅང་ཉུང་། 2017ལོའི་ཟླ་5པར། མཚོ་ཆེན་རྫོང་གི་ཐོན་ལས་ར་བ་རུ་སྔོ་ཚལ་འདེབས་འཛུགས་ཚོད་ལྟ་བྱས་པ་དང་། ནང་ས་ནས་སྔོ་ཚལ་ས་བོན་འདེབས་འཛུགས་ལག་རྩལ་གྱི་རིགས་གཅིག་མཁས་པ་གདན་འདྲེན་ཞུས་ནས་ལག་རྩལ་གྱི་རོགས་སྐྱོར་བྱས་པས། མིག་སྔར། ར་བའི་ནང་དུ་དྲོད་ཁང་སྤྱིལ་བུ་ཆེན་པོ་8བསྐྲུན་ཡོད་པ་དང་། ཀྲུ་མ་ཀྲུ་དང་ཚོད་དཀར་ཆེན་པོ། པད་ཆུང་། ལ་ཕུག ཧོང་ཀྭ་སོགས་སྔོ་ཚལ་འདེབས་འཛུགས་ལེགས་འགྲུབ་བྱུང་ཡོད་པ་རེད།