ཉེ་སྔོན། རྔ་བ་རྫོང་གིས2018ལོའི་སྟོན་དུས་ཀྱི་སྲོག་ཆགས་རིགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལག་རྩལ་ལག་ལེན་བྱེད་པའི་གསོ་སྦྱོང་བྱས་པ་དང་། རྫོང་ཡོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ། ཕྱུགས་ར་བཅས་ཉེར་གཅིག་གིས་ཕྱུགས་ཟོག་སྨན་པ་དང་འབྲེལ་ཡོད་ཀྱི་སྡེ་བ་རིམ་པའི་རིམས་འགོག་མི་སྣ་གསོ་སྦྱོང་ལ་ཞུགས།
གསོ་སྦྱོང་ཁྲོད། ཕྱུགས་ལས་སྨན་བཅོས་སྐོར་གྱི་ཆེད་མཁས་པ་ཡིས་སྲོག་ཆགས་རིགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་་གྱི་ཤེས་བྱ་དང་། ཐུམ་འབུའི་ནད་འཕེལ་ཚུལ་དང་འགོག་བཅོས་ཀྱི་གནས་བབ། ཐུམ་འབུའི་ནད་ཀྱི་ནད་གཞི།འཚོ་བའི་ལོ་རྒྱུས་སོགས་ཀྱི་ཕྱོགས་ནས་ཞིབ་ཚགས་ཀྱིས་འགྲེལ་བཤད་བྱས་པ་མ་ཟད་ཡུལ་དངོས་ནས་འགོག་ཁབ་རྒྱག་ཚུལ་སོགས་གསལ་བོར་ཁྲིད་པ་རེད།།