དུས་རབས་གསར་པར་སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་དུ་གཏོང་བའི་ཆབ་སྲིད་འགན་སྲུང།

རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 09-28


—— ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་“སི་ཁྲོན་ལེའུ”ཡི་ཕུན་སུམ་ཚོགས་པའི་ནང་དོན་ལ་སྦྱོང་རྟོགས་བྱེད་པའི་དཔྱད་བརྗོད་བཅུ་པ།

སི་ཁྲོན་ཉིན་རེའི་ཚགས་པར་ཁང་གི་དཔྱད་བརྗོད་པས།


ཀྲུང་གོའི་བྱ་བ་ལེགས་པོར་བསྒྲུབ་པའི་གནད་འགག་ནི་ཏང་དང་མི་ལ་རག་ལས། ན་ནིང་རྒྱལ་ཡོངས་ཚོགས་ཆེན་གཉིས་རིང་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པའམ་ད་ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ་སི་ཁྲོན་མི་རིགས་ཁག་གི་ལས་བྱེད་དམངས་ཚོགས་ལ་གཟིགས་ཞིབ་དང་འཚམས་འདྲི་གནང་བ་གང་ཡིན་རུང་།
“སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ”ཞིག་བསྐྲུན་པ་ནི་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ནས་མ་དོར་ཞིང་ནན་གྱིས་བསྟན་པའི་ནང་དོན་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅིའི་ཏང་གི་འཛུགས་སྐྲུན་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ལེགས་པོར་བསྒྲུབ་རྒྱུའི་སྐོར་ལས། "སི་ཁྲོན་ལ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་པའི"གཙོ་གནད་ཁ་གསལ་སྒོས་བཏོན་ཡོད་པ་དང་། ང་ཚོས་ཕྱོགས་ཡོངས་ནས་ནན་གྱིས་ཏང་སྐྱོང་བ་དེ་གཏིང་ཟབ་ཏུ་འཕེལ་རྒྱས་གཏོང་བར་ཁ་ཕྱོགས་ཀྱི་མཛུབ་ཁྲིད་མཁོ་འདོན་གནང་བ་རེད།

ཁྱོན་ཡོངས་ནས་ཏང་ནན་པོ་བསྐྱངས་ནས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ཨང་དང་པོར་འཇོག་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་བྱ་རྒྱུ་ནི་ཏང་གི་རྩ་བའི་རང་བཞིན་གྱི་འཛུགས་སྐྲུན་ཡིན་པ་རེད། ང་ཚོའི་ཏང་ནི་མར་ཁེ་སིའི་རིང་ལུགས་ཀྱི་སྲིད་ཏང་ཡིན་པའི་ཆ་ནས་ཏང་གི་རྩ་བའི་བླང་བྱ་ནི་དར་ཆ་གསལ་བསྒྲེང་སྒོས་ཆབ་སྲིད་གླེང་ཞིང་། དེར་བརྟེན་ནས་ཏང་ཡོངས་ཀྱི་འདོད་བློ་གཅིག་གྱུར་དང་ཏང་ཡོངས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་རེད། སི་ཁྲོན་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ངོས་ནས་བརྗོད་ན། ཆབ་སྲིད་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱ་དགོས་པ་དང་། 
ངེས་པར་དུ་ཤུགས་སྣོན་བྱས་ནས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏང་དགོས་པར་མ་ཟད། ཆབ་སྲིད་ཀྱི་གོ་རྟོགས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཕུགས་བསམ་གྱི་དད་སེམས་དང་“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་རྒྱུན་འཁྱོངས་དང་འགན་སྲུང་བྱ་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བློ་རྩ་བརྟན་པོས་སྲུང་སྐྱོང་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འཕེལ་ལམ་སྟེང་ཏང་ཀྲུང་དབྱང་དང་ཚད་མཐོན་པོའི་གཅིག་གྱུར་དང་ནན་གྱིས་ཏང་ཀྲུང་དབྱང་གི་གྲོས་གཞི་མཐའ་གཅིག་ཏུ་དང་ལེན་བྱེད་པ་དང་། ཏང་ཀྲུང་དབྱང་གིས་ཐག་བཅད་པ་དག་ལག་བསྟར་དཔྱིས་ཕྱིན་པ་བྱེད་པ། ཏང་ཀྲུང་དབྱང་གིས་བཀག་འགོག་བྱེད་པ་དག་གཏན་ནས་འགོག་དགོས། བློ་བརྟན་འགྱུར་མེད་སྒོས་ཆབ་སྲིད་འཛུགས་སྐྲུན་གྱིས་སྣེ་ཁྲིད་དེ་ཁྱོན་ཡོངས་ནས་ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། སྤྱོད་ལམ་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏང་དགོས། 

ཕྱོགས་ཡོངས་ནས་ནན་གྱིས་ཏང་སྐྱོང་བར་ཤུགས་ཆེན་པོས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་ལེགས་པོ་ཞིག་བསྐྲུན་དགོས། ཆབ་སྲིད་སྐྱེ་ཁམས་ནི་ང་ཚོས་ཏང་དོ་དམ་དང་ཏང་བཅོས་སྐྱོང་ནུས་ལྡན་ཡིན་མིན་ཞིབ་བཤེར་བྱེད་པའི་ཚད་ཤིང་གལ་ཆེན་ཞིག་ཡིན། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་ན་མི་སེམས་མཐུན་པ་དང་སྤྱོད་བཟང་ལེགས་པོ་འབྱུང་སྲིད་ལ་ཆབ་སྲིད་ཀྱི་སྐྱེ་ཁམས་ངན་ན་མི་སེམས་མ་མཐུན་པར་སྐྱོན་ཆ་མང་པོ་འབྱུར་སྲིད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་བཟུང་། སི་ཁྲོན་ནས་གཅིག་བསྡུས་ཀྱིས་རུལ་སུངས་ལ་ཆད་གཅོད་དང་། སྤྱོད་བཟང་སྒྲིག་ནན། གསར་འདོན་ཀྱི་སྲིད་སྐྱོང་འགག་སྒྲོལ་བྱེད་པའི་རྒྱུན་སྲིང་དམག་འཐབ་ཅིག་བརྒྱབ་པ་དང་། 
ཞིང་ཆེན་ཡོངས་གྱི་ཆབ་སྲིད་ཀྱི་སྐྱེ་ཁམས་ལ་འགྱུར་ལྡོག་དགའ་འོས་པ་བྱུང་ཡོད། འོན་ཀྱང་སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་ནི་རྒྱུན་བསྲིང་གི་ལས་ཀ་ཞིག་ཡིན་པ་ངོས་འཛིན་གསལ་པོ་ཐུབ་པ་བྱ་དགོས་ལ། ཀྲོའུ་ཡུང་ཁང་གི་དུག་རྒྱུན་ཤུགས་རྐྱེན་གཙང་སེལ་བྱ་རྒྱུ་ནི་དེ་བས་དུས་ཡུན་རིང་ཞིང་དཀའ་ངལ་ཆེ་བ་ཞིག་ཡིན་པ་ངོས་འཛིན་གསལ་པོ་ཐུབ་པ་བྱ་དགོས། རྣམ་རིག་ལྷོད་གཡེང་མི་རུང་བར་དོགས་ཟོན་བྱ་དགོས། ང་ཚོས་ཆབ་སྲིད་སྐྱེ་ཁམས་ལ་ཤུགས་རྐྱེན་ཐེབས་པའི་གཏིང་ཟབ་པའི་རྒྱུ་རྐྱེན་ལ་རྟོག་ཞིབ་བྱས་ཏེ། ནད་ལ་བལྟས་ནས་སྨན་སྤྲོད་པ། རྩ་བ་ལ་བལྟས་ནས་ནད་བཅོས་བྱེད་པ། རྒྱུན་མཐུད་ཀྱིས་ཤུགས་འདོན་པ། སྙིང་རུས་གཏན་འཁྱོངས་བཅས་བྱ་དགོས། ཤུགས་ཆེན་པོས་གསོ་སྐྱོང་དང་། དགེ་མཚན་ལྡན་ཞིང་སྐྱོན་བྲལ་གྱིས་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་འཛུགས་སྐྱོང་བྱེད་པ་དང་། ཁེངས་སྐྱུང་གིས་སྔོན་ཐོན་རིག་གནས་ལ་བརྟེན་ནས་རུལ་སུངས་རྗེས་ལུས་ཀྱི་རིག་གནས་ཀྱི་བསླད་སྐྱོན་བཀག་འགོག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ང་ཚོའི་ཏང་ཡོན་ལས་བྱེད་པས་རང་འགུལ་གྱིས་ཚོགས་པ་སྒྲིག་པ་དང་རི་མགོ་རིང་ལུགས། ཤོག་ཁག་རིང་ལུགས་སོགས་དང་རྒྱང་བཀྱེད་དགོས། དར་ཆ་གསལ་བསྒྲེང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱས་ཏེ། བཀག་སྡོམ་ཁུལ་མེད་པ་དང་ཁྱོན་ཡོངས་ལ་ཁེབས་པ། བཟོད་སྒོམ་སྤུ་ཙམ་ཡང་མི་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་རུལ་སུངས་སུ་འགྱུར་བར་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟིལ་གནོན་རྣམ་པ་དེ་རྒྱལ་བར་བསྒྱུར་འགོད་བྱ་དགོས། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་དང་འགོ་ཁྲིད་ཀྱིས་ཁྲིད་སྟོན། ཤུགས་ཆེན་པོས་རྒྱུན་མཐུད་སྤྱོད་ལམ་ལ་བསྒྱུར་འགོད་བྱེད་པ། སྲོལ་བཟང་འཛུགས་པ་བཅས་རྒྱུན་འཁྱོངས་བྱེད་པ་དང་། ལྷག་དོན་ཕྱི་རྣམ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་གསར་པར་ཁ་གཏད་དེ་དངོས་སྒྲུབ་སྲ་གཏོར་དང་དམ་འཛིན་མཐའ་འཁྱོལ་བྱ་ཕོད་དགོས། གོང་དུ་བརྗོད་པའི་དོན་དངོས་དང་མཐུན་པའི་བྱེད་ཐབས་བརྒྱུད་དེ་ཏང་ཡོན་ལས་བྱེད་པ་ཡོངས་ཀྱིས་“ཕྱོགས་བསྒྱུར་”གྱི་དབང་སྤྱོད་ལེགས་པོར་སྤྱོད་པ་དང་སྤྱོད་གཙང་གི“སྐྱོབ་ཐག”ཡག་པོར་བཅིངས་དགོས། 

ཕྱོགས་ཡོངས་ནས་ནན་གྱིས་ཏང་སྐྱོང་བར་མི་འདེམས་མི་སྤྱོད་ཀྱི་ཁ་ཕྱོགས་ཡང་དག་འཛུགས་དགོས། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་ཆགས་པར་བྱེད་པའི་གནད་འགག་ནི་རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པ་དང་འབྲེལ། མི་ཅི་འདྲ་ཞིག་འདེམས་སྤྱོད་བྱེད་པ་ནི་སྒྲ་མེད་ཀྱི་ཕྱོགས་སྟོན་དང་། མངོན་མེད་ཀྱི་བཀའ་བྱང་ལྟ་བུ་ཡིན། མི་འདེམས་སྤྱོད་ཀྱི་གོམས་སྲོལ་ཅི་འདྲ་ཞིག་ཡོད་ན་ལས་བྱེད་པའི་དཔུང་ཁག་གི་དར་སྲོལ་ཡང་དེ་འདྲ་ཞིག་ཆགས་སྲིད། གསལ་པོར་བཤད་ན། མི་སྣ་འདེམས་བསྐོ་དང་བཀོལ་སྤྱོད་ཀྱི་དར་སྲོལ་བཟང་ན་ཆབ་སྲིད་ཀྱི་སྐྱེ་ཁམས་ནི“དག་གཙང་རྫས”ཡིན་པ་དང་། མི་སྣ་འདེམས་བསྐོ་དང་བཀོལ་སྤྱོད་ཀྱི་དར་སྲོལ་ངན་ན་ཆབ་སྲིད་སྐྱེ་ཁམས་ནི“བཙོག་སྐྱོན་འབྱུང་གཞི”ཡིན་པ་རེད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་བཏོན་པའི་ལས་བྱེད་པ་ལེགས་པོའི་ཚད་གཞི་ལྟར། ལས་བྱེད་འདེམས་སྒྲིག་བསྐོ་སྤྱོད་ལམ་ལུགས་ནན་གྱིས་དམ་འཛིན་བྱེད་པ་དང་སྤྱོད་ཡོན་གཉིས་ལྡན་དང་། ཀུན་སྤྱོད་གཙོ་བོར་འཛིན་པ། ཕྱོགས་བཞི་མཚམས་བརྒྱད་མཐའ་འཁྱོངས་བྱེད་པ་དང་། འཇོན་ཐང་ཅན་བསྐོ་འཇོག་བྱ་དགོས། གཞུང་དྲང་ཚུལ་མཐུན་དང་སྒེར་གྱི་འབྲེལ་བར་མི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། བསམ་བློའི་ཀུན་སྤྱོད་ཐད་ཉམས་སད་ཐེག་ཐུབ་པ། ལས་ཀར་འཇོན་ཞིང་གནད་དོན་ཐག་གཅོད་བྱེད་མཁས་པོ་ཡོད་པའི་ལས་བྱེད་པ་སྟེ་མང་ཚོགས་ཀྱིས་ཁས་བླངས་པའི་ལས་བྱེད་པ་བཟང་པོ་འདེམས་བསྐོ་བྱེད་པ་ལས། གཞུང་རྒྱུད་མི་དྲང་ཞིང་སྐབས་འཚོལ་ཕུགས་ཐུང་། འབྲེལ་བ་དང་རྒྱབ་རྟེན་ལ་བརྟེན་པའི་ལས་བྱེད་པ་དག་ལ་དོགས་ཟོན་དང་བགྲོད་ལམ་ཕྱེ་མི་རུང་། དེ་ལྟར་ལགས་ན། མི་འདེམས་སྤྱོད་ཀྱི་དར་སྲོལ་བཟང་པོ་དེས་ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་དར་སྲོལ་སྣེ་ཁྲིད་དང་། ཏང་གི་གཅིག་སྡུད་ཀྱི་སྟོབས་ཤུགས་དང་འཐབ་རྩོད་ཀྱི་སྟོབས་ཤུགས་གོང་དུ་འཕེལ་ཐུབ། 

དུས་རབས་གསར་པ་དང་ལས་འགན་གསར་པ། དམིགས་ཚད་གསར་པ། རྒྱང་སྐྱོད་གསར་པ། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ཀྱིས་ཏང་འཛུགས་སྐྲུན་གྱི་ལས་དོན་ཁག་ལེགས་པོར་བསྒྲུབ་པ་དང་ཏང་གི་འཛུགས་སྐྲུན་གྱི་ཚན་རིག་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བ་དང་། ཕྱོགས་ཡོངས་ནས་ནན་གྱིས་ཏང་སྐྱོང་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་འཕེལ་བར་བརྩོན་ན། ད་གཟོད་ཆབ་སྲིད་ཀྱི་སྐྱེ་ཁམས་ལེགས་པོ་སྔར་ལས་ལྷག་པར་སྲ་བརྟན་དང་གོང་འཕེལ་དུ་གཏོང་ཐུབ་པ་དང་། སི་ཁྲོན་བཅོས་སྐྱོང་དང་དར་སྤེལ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་བརྟན་བརླིང་གི་ཆབ་སྲིད་འགན་སྲུང་མཁོ་འདོན་བྱ་དགོས་སོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1