སྤྱི་ལོ་2018ལོའི་ནོ་པེལ་ཞི་བདེའི་བྱ་དགའ་ཁོང་གཉིས་ལ་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 10-08


          པེ་ཅིང་གི་དུས་ཚོད་ཟླ་10པའི་ཚེས་5ཉིན་གྱི་ཕྱི་དྲོའི་ཆུ་ཚོད་5པའི་ཐོག ནོར་ཝེ་ནོ་པེལ་ཨུ་ཡོན་ལྷན་ཁང་གིས་ནོར་ཝེ་ཨོ་སི་ལུའུ་རུ་སྤྱི་ལོ་2018ལོའི་ནོ་པེལ་ཞི་བདེའི་བྱ་དགའ་ཏན་ནེ་སི་·སྨི་ཁེ་ཝེ་གུ་(Denis Mukwege)དང་ནཱ་ཏེ་ཡ·སྨི་ར་ཏི(Nadia Murad)་གཉིས་ལ་གནང་རྒྱུ་དང་། ཁོ་ཚོས་དམག་འཁྲུག་དང་གདོང་ཐུག་ཁྲོད་བཙན་གཡེམ་སོགས་འཐབ་ཇུས་སུ་བཟུང་བའི་བྱ་སྤྱོད་མཇུག་འགྲིལ་བའི་ཐད་འབད་བརྩོན་བྱས་པར་གཟེངས་བསྟོད་གནང་རྒྱུ་ཁྱབ་བསྒྲགས་བྱས་ཡོད།

          ཏན་ནེ་སི་·སྨི་ཁེ་ཝེ་གུ་ནི་ཁོན་ཀོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་མོ་ནད་ཚན་ཁག་གི་སྨན་པ་ཞིག་ཡིན། 1999ལོར་ཁོང་གིས་ཁོན་ཀོའི་ཤར་རྒྱུད་གྲོང་ཁྱེར་བྷི་ཁ་ཝུའུ་རུ་སྨན་ཁང་ཞིག་འཛུགས་རོགས་བྱས་ཏེ་བུད་མེད་སྟོང་ཕྲག་མང་པོར་སྲུང་སྐྱོབ་བྱས། དུས་མཚུངས་སུ་ལས་གྲོགས་དང་མཉམ་དུ་བཙན་གཡེམ་གནོད་འཚེ་ཐེབས་པའི་མི་སུམ་ཁྲི་ལྷག་ལ་སྨན་བཅོས་བྱས། ན་ནིང་སྨི་ཁེ་ཝེ་གུ་ལྐོག་གསོད་ཀྱི་ཉེན་ཁར་འཕྲད་པས། ཡོ་རོབ་ཏུ་ཡུལ་འཁྱར་མི་བྱེད་ཀ་མེད་བྱུང་།
          ནཱ་ཏེ་ཡ་·སྨི་ར་ཏི་ད་ལོ་ལོ་25ཡིན། 2014ལོར་དབྱི་རག་བྱང་རྒྱུད་ཀྱི་སིན་ཅཱ་(Sinjar)ནས་འཛིན་བཟུང་བྱས་པའི་ཡ་ཙི་ཏིའི་(Yazidi)བུད་མེད་4000ཁྲོད་ཀྱི་གཅིག་ཡིན། ཁོ་མོའི་ཁྱིམ་མི་མང་པོ་ISཡིས་བསད་ཟིན་པ་དང་། ལོ་དེའི་ཟླ་11པར་ཁོ་མོ་བདེ་བླགས་ངང་ISཡི་འདྲེ་ལག་ནས་ཐར་ཞིང་མཇུག་མཐར་འཇར་མན་དུ་བྲོས་བྱོལ་དུ་ཕྱིན། རྗེས་སུ་འགྲོ་བ་མིའི་ཐོབ་ཐང་བྱ་འགུལ་གྱི་མི་སྣ་ཞིག་ཏུ་གྱུར་བ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་འབོར་ཉོ་ཚོང་ལས་ཐར་བའི་མིའི་ལ་རྒྱ་མཚོན་པའི་མཛའ་བཤེས་ཕོ་ཉར་གྱུར།
          ད་ལོའི་ནོ་པེལ་ཞི་བདེ་བྱ་དགའ་གདམ་པའི་གོ་རིམ་ཁྲོད་མི་སྒེར་216དང་ཚོགས་པ་115འོས་འདེམས་པའི་གྲས་སུ་ཚུད་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1