རྔ་བ་ཁུལ་གྱིས་ཕར་ཆིན་རྒྱག་པའི་སྙིང་སྟོབས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དོན་ཆེན་ཨང་དང་པོར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-09



     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མི་དམངས་དྲ་བའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དལོ་ཚུན་དུ་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་གྱིས་སྔ་བར་ཕྱི་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་དེ་དོན་ཆེན་ཨང་དང་པོར་བརྩིས་ནས“འགོ་འཛུགས་པ་དེ་རང་རྒྱལ་ཕམ་ཐག་གཅོད་ཀྱི་དམག་འཐབ་དང་གོམ་པ་དང་པོ་དེ་རང་མཐའ་མའི་གདོང་མཆོང་ཡིན་པའི”འདུ་ཤེས་ཟབ་ཏུ་བཏང་སྟེ། “འབར་ཁམས་དང་། ཝུན་ཁྲོན། ལི་རྫོང་། མའོ་རྫོང་། གཟི་ཚ་སྡེ་དགུ་བཅས་ཀྱི་རྫོང་དབུལ་པོ(གྲོང་ཁྱེར)5ཡི་དབུལ་ཞྭ་འབུད་པ་དང་། གྲོང་ཚོ་དབུལ་པོ་239དབུལ་པོའི་གནས་ལས་ཕྱིར་འཐེན་བྱེད་པ། མི་འབོར་དབུལ་པོ་30811དབུལ་སྒྲོལ་ཐུབ་པ་བཅས་ཀྱི་ལོ་འཁོར་གྱི་དམིགས་ཚད་དང་ལས་འགན་ལ་གཞིགས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི“དཔྱིད་དུས་འགག་སྒྲོལ”ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་དང་དུས་མཚུངས། ཕྱོགས་ལྔ་ནས་སྔ་སྣུར་དུ་ཇུས་འགོད་དང་། དེ་བསྟུན་མདུན་བསྐྱོད་ཀྱིས་རྒྱལ་ཁ་ཡང་ཡང་ལེན་པ་དང་དབུལ་སྒྲོལ་བརྟན་པོ་ཐུབ་པའི་བརྩོན་ལེན་བྱས་ཡོད་པ་རེད།
     རྔ་བ་ཁུལ་གྱིས་སྤྱི་ཡོངས་ནས་འཆར་འགོད་དང་གོམ་སྟབས་ཕྱེ་ནས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ཏེ། ལོར་མ་དངུལ་སྒོར་དུང་ཕྱུར་55བཏང་ནས་འགྲིམ་འགྲུལ་དང་གློག་ཤུགས་སོགས་ཀྱི་དབུལ་སྐྱོར་ཆེད་དོན་རྣམ་གྲངས་22དང་ཞིབ་ཕྲའི་ལས་དོན་ཁག་73སྒྲིག་འཛུགས་བྱས་ཏེ་བསྒྲུབ་རྩིས་ཡོད་པ་རེད། དེའི་ནང་། ཁྲེང་ལན་ལྕགས་ལམ་དང་། དབུན་འབར་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། “ཇ་རྟ། བོད་ཆའང་གི་ཡུལ་ལྗོངས་ལམ་ཆེན”དང“དོམ་ཁྲའི་ལམ་ཆེན”སོགས་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གཞུང་ལམ་འཛུགས་སྐྲུན་ཕྱོགས་ཡོངས་ནས་འཆར་འགོད་བྱེད་པ། གློག་སྐུད་སྤྱི་ལེ་53གསར་སྣོན་དང་སྒྱུར་བཀོད་བྱེད་པ། གྲོང་གསེབ་ཀྱི་བདེ་འཇགས་འཐུང་ཆུའི་སྤུས་ཚད་མཐོར་གཏོང་གི་འདུ་འགོད་ལག་བསྟར་བྱས་ནས་གྲོང་ཚོ་147གྱི་བདེ་འཇགས་འཐུང་ཆུའི་གནད་དོན་ཐག་གཅོད་བྱེད་པ་བཅས་རེད། ལོ་བཅོ་ལྔའི་རིན་མེད་སློབ་གསོ་ལག་ལེན་ཤུགས་ཆེན་བསྟར་ནས་མ་དངུལ་སྒོར་ཁྲི་342ཐེངས་གཅིག་ཏུ་ཐག་གཅོད་བྱས་ཏེ་སློབ་མ་དབུལ་པོར་མ་དངུལ་ཐད་ནས་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད། སྨན་བཅོས་རོགས་སྐྱོབ་དང་འདེགས་སྐྱོར་གྱི“བྱ་སྤྱོད་ཆེན་པོ་ལྔར”སྐུལ་འདེད་ཤུགས་ཆེན་བཏང་ནས་མི་འབོར་དབུལ་པོའི“ཆག་ཡང་བཅུ་དང་ཁ་གསབ་བཞིའི”སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཤང་གྲོང་འཕྲོད་བསྟེན་ཁང་79དང་། གྲོང་ཚོ་དབུལ་པོའི་འཕྲོད་བསྟེན་ཁང་239ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ཉེན་ཆེའི་སྐྱོ་ཁུལ་3576སྒྱུར་བཀོད་ལས་འགོ་བཙུགས་པ་དང་། མི་2956གི་ཡུལ་གཞན་དུ་གནས་སྤོས་དང་བོད་རིགས་ས་ཁུལ་གྱི་དུད་ཚང་4773ལ་སྡོད་ཁང་གསར་པ་བསྐྲུན་ནས་མང་ཚོགས་དུས་བཀག་བཞིན་སྡོད་ཁང་གསར་པའི་ནང་སྤོ་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།
     གྲོང་ཚོ་གཅིག་ལ་སྤུས་རྟགས་གཅིག་དང་། གྲོང་ཚོ་གཅིག་ལ་ཐབས་ཇུས་རེ་ཡོད་པའི་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། མཉམ་སྡེབ་རྒྱུ་ནོར་དང་། མཉམ་སྡེབ་ས་ཞིང་། མཉམ་སྡེབ་འབྲོག་ར། མཉམ་སྡེབ་ནགས་ར་སོགས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་ཡུལ་བབ་དང་བསྟུན་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་བཏང་ཡོད་པ་རེད། རྒྱལ་ཁབ་ཀྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས་དབུན་ཁྲོན་དང་། མའོ་རྫོང་། ལི་རྫོང་བཅས་ས་ཆ་གསུམ་མཐུན་སྦྱོར་གྱི་ལུས་གསོའི་ལས་རྣམ་ནུས་ལྡན་བཏོད་ཡོད་པ་རེད། “རྔ་བའི་འབྲི་གཡག་ཐོན་ལས་ཀྱི་གནད་སྨིན་དབུལ་སྒྲོལ་འདུ་འགོད”ལག་ལེན་མགྱོགས་མྱུར་བསྟར་ནས་ཕྱོགས་མང་ཁེ་ཕན་གྱི་མཉམ་མཐུད་ལམ་སྲོལ་ཧུར་ཐག་བཙུགས་པས་དུད་ཚང་དབུལ་པོར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ཡན་ཟིན་པ་དང་སྦྲགས་མུ་མཐུད་དབུལ་སྒྲོལ་དང་ཡུན་རིང་དབུལ་སྒྲོལ་ཐུབ་པའི་བརྩོན་ལེན་བྱས་པ་རེད།
     སྣོད་བཅུད་ཕན་འབྲས་ལ་དམིགས་ནས་གདོང་སྣ་གཙང་པོ་དང་རྒྱལ་རོལ་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་སྣོད་བཅུད་ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་ཏེ“ཐན་སྐྱོན་ལུང་གཞུང་ལེ་དབར་སྟོང་གི་ལྗང་མདོག་བར་ཁྱམས”སུ་འཛུགས་རྒྱུར་མུ་མཐུད་སྐུལ་འདེད་གཏོང་བ་དང་། དོམ་ཁྲའི་རྒྱལ་ཁབ་སྤྱི་གླིང་དང་། མཛོད་དགེ་རྒྱལ་ཁབ་འདམ་རའི་སྤྱི་གླིང་སོགས་སྣོད་བཅུད་འཛུགས་སྐྲུན་རྣམ་གྲངས་ལ་བརྟེན་པ། མང་ཚོགས་དབུལ་པོ་ས་ཆ་དེ་རང་དང་ཐག་ཉེ་ཁུལ་དུ་ནགས་སྲུང་མཁན་དང་། འདམ་ར་སྲུང་སྐྱོང་མཁན། རྩྭ་ར་གསོ་མཁན་ལ་འདེམས་པ་བཅས་བྱས་པ་དང་སྦྲགས། མང་ཚོགས་དབུལ་པོ་སྣོད་བཅུད་སྲུང་སྐྱོང་ནང་ཞུགས་པའི་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ཡོད་པ་རེད། ད་དུང་མཛོད་དགེའི་འོད་ཤུགས་བྱེ་བཅོས་ཚོད་ལྟའི་དཔེ་སྟོན་ལས་གྲྭར་སྐུལ་འདེད་ཧུར་ཐག་བཏང་ནས་བྱེ་བཅོས་ཧུར་ཐག་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་ཐབས་གསར་པར་སྐུལ་འདེད་ཧུར་ཐག་བཏང་ཡོད་པ་རེད།
    རྔ་བ་ཁུལ་གྱིས“ཡག་པོ་བཞིའི་གྲོང་ཚོ”གཏོད་པའི་དམིགས་ཚད་ལ་དམ་པོར་དམིགས་ཏེ“ཞིང་འབྲོག་པའི་མཚན་སློབ”དང“ལག་གདང་སྦྲེལ་བ” སོགས་ཀྱི་བྱ་ཐབས་གང་ལེགས་སྤྱོད་པ་དང་། “བདུན་ལྔའི་ཁྲིམས་ལུགས་ཁྱབ་གདལ”ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། གཞི་རིམ་གྱི་ཁྲིམས་སྐྱོང་ནན་ཏན་བཅས་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་གྱི་སློབ་གསོ་དང་དྲིན་ཚོར་གྱི་སློབ་གསོ་གཏིང་ཟབ་སྤེལ་ཡོད་པ་རེད། རིག་གནས་དམངས་ཕན་གྱི་དབུལ་སྐྱོར་ཆེད་དོན་ལས་དོན་བརྟན་པོ་སྤེལ་བ་དང་། སྟོབས་ཤུགས་གཅིག་སྒྲིལ་གྱིས་བརྙན་འཕྲིན་དུད་ཚང་ཚང་མར་ཁྱབ་པ་དང་། རླུང་འཕྲིན་གྲོང་ཚོ་ཚང་མར་གྲགས་པ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ། བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་གྱི་ཆུ་ཚད་དུས་གཅིག་ཏུ་མཐོ་རུ་བཏང་ཡོད་པ་རེད། བསྙེན་བཀུར་ཀུན་སྤྱོད་ཀྱི་རིག་གནས་འཛུགས་སྐྱོང་རྒྱ་ཁྱབ་ཏུ་སྤེལ་ནས“ཡ་རབས་དུད་ཚང”འདེམས་པའི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། གྲོང་སྲོལ་དམངས་ཆིངས་འཐུས་སྒོ་ཚང་དུ་གཏོང་བ། བཀྲ་ཤིས་བྱ་བ་གཉེར་སྟངས་གསར་པ་སྤྱོད་པ་དང་འདས་མཆོད་ཀྱི་གོ་རིམ་སྟབས་བདེར་གཏོང་བ། ལུགས་རྙིང་སྲོལ་ངན་འདོར་བ། གོམས་སྲོལ་སྒྱུར་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་བདེ་ཐང་དང་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་ལ་རང་རྟོགས་ངང་དང་ལེན་ཐུབ་རྒྱུར་ཁྲིད་སྟོན་བྱས་ཏེ་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བ་དང་འབྲེལ་ཕྱུག་འགྱུར་གྱི་སྙིང་སྟོབས་འཕེལ་བ་བྱས་པ་རེད།
     “འཐབ་ས་དང་པོའི་ལས་ཀའི་བྱ་ཐབས”ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། གཞི་རིམ་དུ་བརྟག་དཔྱད་ཞིབ་འཇུག་དང་གནས་སྡོད་འབྲེལ་གཏུག་དང་ལྟ་སྐུལ་མཛུབ་ཁྲིད་བརྒྱུད། གནད་དོན་འཐབ་ས་དང་པོར་ཤེས་རྟོགས་དང་། འགལ་ཟླ་འཐབ་ས་དང་པོར་ཐག་གཅོད། འགན་འཁྲི་འཐབ་ས་དང་པོར་དོན་འཁྱོལ། གཟུགས་བརྙན་འཐབ་ས་དང་པོར་གཏོད་པ་བཅས་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད། དབུལ་པོའི་གནས་ལས་ཕྱིར་འཐེན་ཐུབ་པའི་གྲོང་ཚོ་དབུལ་སྒྲོལ་ཐུབ་པའི་མི་འབོར་གྱི“ཕྱིར་ལྟ་བྱེད་པའི”ལས་དོན་ཧུར་ཐག་སྤེལ་ནས་དབུལ་སྒྲོལ་བྱ་ཡུལ“དབུལ་སྒྲོལ་ཐུབ་རུང་རོགས་སྐྱོར་བྱེད་པ་དང་། དབུལ་སྒྲོལ་ཐུབ་རུང་སྲིད་ཇུས་མི་འགྱུར་བ། དབུལ་སྒྲོལ་ཐུབ་རུང་རྣམ་གྲངས་མི་བརྗེ་བ”བཅས་ཀྱི་བྱ་ཐབས་ལག་ལེན་བསྟར་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1