རྩྭ་སར་སྲུང་སྐྱོབ་བྱས་ཏེ་གསེར་ཐར་མི་དམངས་ལ་བདེ་སྐྱིད་བསྐྲུན།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 10-22


        

        གསེར་ཁོག་གྲོང་རྡལ་གྱི་གོས་རྩ་སྡེ་བ་གཉིས་པའི་ས་རྒོད་ལེགས་བཅོས་ཁྱབ་ཁོངས་ཀྱི་འབྲོག་མི་བཀྲ་རྡོར་གྱིས་ལག་ཏུ་གསར་དུ་བྲེག་པའི་རྩྭ་ཕོན་ཞིག་བཟུང་སྟེ། རླབས་ཕྲེང་བཞིན་གཡོ་བའི་རྩྭ་ལ་ལྟ་བཞིན། གདོང་ན་འཛུམ་གྱིས་ཁེངས་འདུག  ཁོ་པས་གསར་འགོད་པར་བཤད་རྒྱུར། ཉེ་བའི་ལོ་འགའི་སྔོན་དུ། ཨ་བྲས་རྩྭ་ཐང་ལ་གནོད་འཚེ་ཚབས་ཆེན་བཟོས་ཤིང་། འབྲོག་མི་ཚོས་རྩྭ་འབྲེག་རྒྱུ་ཕར་ཞོག  ཕྱུགས་ཟོག་འཚོ་རྒྱུ་ཡང་ཁག་པོར་གྱུར། ད་ལོར་ཞིང་ཆེན་རྩྭའི་ཚན་རིག་ཁང་དང་རྫོང་ཚན་རྩལ་ཅུས་གཉིས་ཀྱིས་ས་ཁུལ་འདི་ལ་བཅོས་སྐྱོང་བྱས་ཤིང་། འབྲས་བུ་འདི་འདྲ་ལོན་པ་བློ་ཡིད་དུའང་མ་དྲན། སྔོན་མ་ཡིན་ན་ལོ་རེའི་དགུན་ཁར་ཕྱུགས་ཟོག་ལ་རྩྭ་བཟའ་རྒྱུ་མེད་པར་སེམས་ཁུར་བྱ་དགོས་པ་དང་། རྒྱང་ཐག་རིང་བོར་སོང་ནས་རྩྭ་འབྲེག་དགོས། ད་ལོར། རང་ཁྱིམ་གྱི་སྒོ་ཁ་ནས་རྩྭ་འདི་འདྲའི་མང་པོ་ཉར་ཐུབ་པས།  ཞིང་ཆེན་རྩྭའི་ཚན་རིག་ཁང་དང་རྫོང་ཞིང་ཕྱུགས་ཚན་རྩལ་ཅུས་སོགས་ཀྱིས་ང་ཚོར་སྤུས་ལེགས་ཀྱི་རྩྭ་མང་དུ་མཁོ་སྤྲོད་བྱས་ཤིང་། འདི་ལས་ང་ཚོས་ཤེས་བྱ་མང་པོ་སྦྱངས་ཐུབ་སོང་བས་ཁོང་ཅག་ལ་བཀའ་དྲིན་ཆེ་ཞེས་བཤད།    

        གསེར་ཐར་ནི་བོད་རིགས་གཞིས་སྡོད་བྱས་པའི་འབྲོག་ལས་རྐྱང་རྐྱང་གཉེར་བའི་རྫོང་ཁག་གི་གྲས་ཡིན་ཞིང་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ཆེན་པོ་ལྔའི་ནང་གསེས་ཤིག་ཡིན།  ཕྱུགས་ལས་ནི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་གཞི་རྟེན་དང་ཐོན་ལས་འཕེལ་རྒྱས་ཀྱི་ཀ་བ་ཡིན། དེ་ཡང་མི་ནི་ཕྱུགས་ལ་བརྟེན་ཞིང་། ཕྱུགས་ནི་རྩྭ་ལ་བརྟེན། སྒོ་ཕྱུགས་འཚོ་སྐྱོང་བྱེད་མི་ཤེས་པ་དང་ཨ་བྲས་རྩྭ་སར་གནོད་པ་བཏང་བས་རྩྭ་སའི་ཐོན་ཁུངས་ལ་གཏོར་བརླག་ཚབས་ཆེན་ཐེབས་སུ་བཅུག     ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རྒྱལ་ཁབ་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་འབད་དགོས་པར་བཏོན་པས། ཇི་ལྟར་བྱས་ན་འབྲོག་པ་ཚོའི་འཚོ་བ་ཇེ་བཟང་དང་དཔལ་འབྱོར་གོང་འཕེལ་དུ་གཏོང་བ། མི་དམངས་ལ་ཕན་བདེ་བསྐྲུན་པ། བདེ་སྐྱིད་ཀྱི་འཚོ་བ་རོལ་དུ་འཇུག་རྒྱུ་བཅས་ནི་རྫོང་ཨུ་དང་། རྫོང་སྲིད་གཞུང་གིས་མིག་སྔར་ཐག་གཅོད་དགོས་པའི་གནད་དོན་དུ་གྱུར། 
        གསེར་ཐར་རྫོང་གིས་ཕྱུགས་ལས་འཕེལ་རྒྱས་དང་རྩྭའི་ལས་ཀ་སྔོན་དུ་བསྒྲུབས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་ཏུ་ཕེབས་པའི་གསུང་བཤད་ཀྱི་དགོངས་དོན་ལ་གོ་བ་གཏིང་ཟབ་བླངས་ནས་ལག་ལེན་དོན་འཁྱོལ་བྱ་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཛིན་བྱ་བ། གོམ་གང་མདུན་སྤོས་ཀྱིས་ས་གནས་ཚན་རྩལ་བར་མཉམ་འབྲེལ་དང་བསམ་བློ་བརྗེ་རེས་བྱ་བ། ཚན་རྩལ་འཕེལ་རྒྱས་བཏང་སྟེ་གསེར་ཐར་རྫོང་གི་ཕྱུགས་ལས་དེང་རབས་ཅན་དུ་འགྱུར་བར་འབད་པ་བྱ་བ་བཅས་ཀྱི་འཕེལ་རྒྱས་བསམ་ཕྱོགས་གཏན་འཁེལ་བྱས་ནས། 2018ལོར། གསེར་ཐར་རྫོང་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་ཚན་རིག་ཞིབ་འཇུག་གླིང་གིས་ཕྱུགས་ལས་ཚན་རྩལ་གྱིས་གསེར་ཐར་རྫོང་གི་དེང་རབས་ཅན་གྱི་ཕྱུགས་ལས་འཕེལ་རྒྱས་ཀྱི་འཐབ་ཇུས་མཉམ་འབྲེལ་གྲོས་ཆིངས་སྟེང་མིང་རྟགས་བཀོད།     གསེར་ཐར་རྫོང་སི་ཁྲོན་ཞིང་ཆེན་རྩྭ་ཐང་ཚན་རིག་ཞིབ་འཇུག་གླིང་ནི་འབྲོག་པའི་རྩྭ་སའི་ལས་རིགས་ལག་རྩལ་གྱི་རྟེན་གཞིའི་ལས་ཁུངས་སུ་ངོས་བཟུང་སྟེ་སི་ཁྲོན་ཞིང་ཆེན་རྩྭ་ཐང་ཚན་རིག་ཞིབ་འཇུག་གླིང་གིས་གསེར་ཐར་ནི་ཚན་རྩལ་ཞིབ་འཇུག་གི་ཚོད་ལྟའི་གྲུབ་འབྲས་དང་དཔེ་སྟོན་ས་གནས་ཀྱི་ཁོངས་སུ་བསྡུས། དེའི་བྱེད་ལས་གཙོ་བོ་ཡང་སྐྱེ་ཁམས་དཔལ་ཡོན་སྲུང་སྐྱོབ་དང་ས་རྒོད་ལེགས་བཅོས། མཐོ་སྒང་གི་རྩྭའི་ཐོན་རྫས་ལེགས་འདེམས་དང་ལེགས་བཅོས་སོགས་ཀྱི་ཁྱབ་ཁོངས་ལ་ཚན་རྩལ་མཉམ་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཨ་བྲ་སྔོན་འགོག་དང་རྩྭ་སའི་བྱེ་མ་སྔོན་འགོག  སྐྱེ་ཁམས་ལེགས་བཅོས་སོགས་ལ་ཞིབ་འཇུག་དང་ཚོད་ལྟ་བྱས་ཏེ་གྲུབ་འབྲས་ལོངས་སུ་སྤྱོད་པ་དེ་རེད།
        ཆེད་ལས་པས་ཡུལ་དངོས་བརྟག་དཔྱད་ལྟར། ས་རྒོད་ལེགས་བཅོས་བྱེད་པའི་འཆར་གཞི་གཏན་ཁེལ་བྱས་པ་སྟེ། 2018ལོའི་ཟླ་བ5བར། སི་ཁྲོན་ཞིང་ཆེན་རྩྭ་ཐང་ཚན་རིག་ཞིབ་འཇུག་གླིང་། གསེར་ཐར་རྫོང་མི་དམངས་སྲིད་གཞུང་དང་གསེར་ཐར་རྫོང་ཞིང་འབྲོག་ཅུས། ཚན་རྩལ་ཅུས་བཅས་ཀྱིས་གསེར་ཁོག་ཡུལ་ཚོ། བདེ་སྐྱིད་གྲོང་གི་ཚབ་མཚོན་གྱི་གནོད་སྐྱོན་ས་ཁུལ་བཞི་རུ་ལས་གཞིའི་ཞིབ་འཇུག་གི་དཔེ་སྟོན་ལས་དོན་འགོ་བརྩམས། མི་མེད་འཕྲུལ་ཆས་དང་རྒྱང་བཤེར། ས་ཐོག་བརྟག་དཔྱད། འཚམས་འདྲི་སོགས་ལ་བརྟེན། རྨང་གཞིའི་གཞི་གྲངས་དང་ཡིག་ཚགས་སྣ་མང་བསྡུས་ཏེ། ཚོད་ལྟའི་རྟེན་གཞི་མུའུ100 ལྷག་བཙུགས་པ་དང་། པྲ་སའི་སྔོ་ཁེབས་བསྐྱར་གསོའི་ཚོད་ལྟའི་དཔེ་སྟོན་ཁུལ་མུའུ1500ལྷག་བཙུགས་ནས། ས་ཁུལ་འབྲོག་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་ལེགས་པོ་དང་། རྩྭ་ཐང་ལ་ཨ་བྲ་དང་འབུ་སྲིན་གྱིས་གནོད་པ་འགོག་པ། མཐོ་སྒང་གྲང་ཁུལ་ས་བབ་གྱི་རིག་ནུས་ཚད་ལེན་ལག་རྩལ་ཞིབ་འཇུག་སོགས་དར་སྤེལ་གཏོང་གོ་ཚུགས་ཡོད།
        འབྲོག་པའི་ནང་སེམས་ཀྱི་སྒུལ་ཤུགས་ཇེ་ཆེར་བཏང་སྟེ་ཅུང་བཟང་བའི་སློབ་སྦྱོང་གི་རྣམ་པ་ཞིག་གྲུབ་པར་བྱས་ཏེ། རྣམ་པ་གསར་བའི་ཚན་རྩལ་ཅན་གྱི་འབྲོག་པའི་མི་དམངས་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་ཀྱི་ལམ་བུར་ཕྱིན་ཏེ་དཔེ་སྟོན་གྲུབ་འབྲས་རྒྱལ་ཡོངས་ཀྱི་འབྲོག་ཁུལ་ནས་ཁྱབ་བརྡལ་དུ་གཏང་རྒྱུ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1