རི་ཆུ་ནགས་གསུམ་གྱིས་བསྐོར་བའི་ཁྲོ་ཆུར་དགའ་སྟོན་གྱི་ཡོ་ལང་རྒྱས།
བསོད་ནམས་འཚོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-23
ཉེ་ལམ། 2018ལོའི་སི་ཁྲོན་ལོ་དམར་སྐྱེ་ཁམས་ལྗོངས་སྐོར་དུས་སྟོན་ཏེ་ཁྲོ་ཆུ་རྫོང་གི་སྐབས་དྲུག་པའི་འཁྱག་རི་དང་ནགས་ཀློང• སྐྱེ་ཁམས་རིག་གནས་ལྗོངས་སྐོར་དུས་ཚིགས། སི་ཁྲོན་ཞིང་ཆེན་གྲོང་གསེབ་རིག་གནས་ལྗོངས་སྐོར་དུས་སྟོན་སྐབས་དགུ་བའི་མགོ་ཚུགས་མཛད་སྒོ་ཁྲོ་ཆུ་རྫོང་ནས་དངོས་སུ་སྤེལ་བ་རེད་ལ། སི་ཁྲོན་ཞིང་ཆེན་ནགས་ལས་ཐིང་དང་སི་ཁྲོན་ཞིང་ཆེན་ལྗོངས་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་། སི་ཁྲོན་ཞིང་ཨུའི་ཞིང་གྲོང་ལས་ཀའི་ཨུ་ཡོན་ལྷན་ཁང་། སི་ཁྲོན་ཞིང་ཆེན་ཞིང་ལས་ཐིང་། རྔ་བ་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གུང་ཁྲོ་ཆུ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་། ཏ་ཁོག་འཁྱག་རི་དོ་དམ་ཅུས། རྔ་བ་ཁུལ་གཟི་རྩ་ཆེན་མོའི་ལྗོངས་སྐོར་སྡེ་ཚོགས་ཀྱིས་སྒྲུབ་འགན་ཁུར་བའོ།།
མཛད་སྒོའི་སྟེང་རིམ་པ་བཞིན་དུ། རྔ་བ་ཁུལ་དམངས་འཐུས་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཧུང་ཡུང་གིས་དུས་སྟོན་གྱི་མགོ་བརྩམ་པ་ཁྱབ་བསྒྲགས་བྱས་ཤིང་། ཞིང་ཆེན་ནགས་ལས་ཐིང་གི་རིམ་པ་གཉིས་པའི་གཟིགས་ཞིབ་པ་ཝན་ཧུང་ཡུན་དང་ཞིང་ཆེན་ལྗོངས་སྐོར་འཕེལ་རྒྱས་ཨུའི་རིམ་པ་གཉིས་པའི་གཟིགས་ཞིབ་པ་ཞེ་ཧའེ་དབྱིན་གཉིས་ཀྱིས་སོ་སོར་གཏམ་བཤད་གནང་ལ། རྔ་བ་ཁུལ་གྱི་ཁུལ་དཔོན་གཞོན་པ་ཨོའུ་དབྱང་མེ་ཡིས་ཤིས་ཚིག་ཕུལ། ཀྲུང་གུང་ཁྲོ་ཆུ་རྫོང་ཨུའི་ཧྲུའུ་ཅི་ལིའུ་ཡུན་ཅན་གྱིས་ཁྲོ་ཆུ་རྫོང་གི་སྐྱེ་ཁམས་དང་ལྗོངས་སྐོར་ཐོན་ལས་འཕེལ་རྒྱས་གནས་ཚུལ་ངོ་སྤྲོད་བྱས།
མཛད་སྒོར་ཞིང་ཆེན་ནགས་ལས་ཐིང་དང་ལྗོངས་སྐོར་འཕེལ་རྒྱས་ཨུ་ལྷན་སོགས་ཞིང་ཆེན་རིམ་པའི་སྡེ་ཁག་དང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་21གི་ནགས་ལས་དང་ལྗོངས་སྐོར་འཕེལ་རྒྱས་ཁོངས་གཏོགས་ལས་ཁུངས་དང་། ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས། གསར་འགྱུར་འཕྲིན་སྦྱོར་ལས་ཁུངས། ལྗོངས་སྐོར་ལས་ཁུངས་ཀྱི་སྐུ་མགྲོན་400ལྷག་མགོ་ཚུགས་མཛད་སྒོར་ཞུགས་པ་དང་། ལྗོངས་སྐོར་བ་ཁྲི་ལྷག་མ་བོས་རང་མགྲོན་དུ་ཕེབས་ནས། འཁྱགས་རི་ནགས་ཀླུང་གི་མཛེས་པ་སྤྲོ་སྐྱིད་ལྡན་པའི་ངང་ཉམས་སུ་མྱོང་།
འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ལ་གསེར་མདོག་གི་གསོལ་སྨོན་དང་གྲོང་གསེབ་ཀྱི་དབྱངས་རྟ། དངོས་མིན་རིག་གནས་ཤུལ་བཞག་གི་སྟོན་ཚོགས། རྟག་བརྟན་འགྱུར་མེད་ཀྱི་བདེ་སྐྱིད་བཅས་ལེའུ་བཞི་ཡོད་དེ། གནའ་ཉམས་དོད་ཅིང་། གཟི་ཉམས་ཆེ་ལ། དུས་རབས་གསར་པའི་ཁྲོ་ཆུ་བའི་ཧུར་བརྩོན་ཡར་སྐྱེད་ཀྱི་སྙིང་སྟོབས་མངོན་ཡོད།
མཛད་སྒོའི་ཐོག་ད་དུང་ཞིང་ཆེན་ཡོངས་ཀྱི་སྐར་རིམ་བཞི་བའི་ནགས་ཚལ་ཁྱིམ་ཚང་གི་སྒོ་བྱང་འགེལ་བའི་མཛད་སྒོ་དང་སི་ཁྲོན་ཞིང་ཆེན་གྱི་གྲོང་གསེབ་རིག་གནས་ལྗོངས་སྐོར་དུས་ཆེན་སྐབས་དགུ་བའི་ཚོགས་དར་བརྒྱུད་སྤྲོད་ཀྱི་མཛད་སྒོ་སྤེལ་པ་རེད།
ཐེངས་འདིའི་ལྗོངས་སྐོར་དུས་ཚིགས་ཀྱི་བྱ་འགུལ་ཁག་ཟླ་བརྒྱད་པ་ནས་མགོ་བརྩམས་ཡོད་པ་དང་། 2019ལོའི་ཟླ་གཉིས་པའི་བར་སྤེལ་རྒྱུ་རེད་ལ། སྐོར་བྲོའི་འགྲན་སྡུར་དང་ཞིང་ཁ་རུ་ཤིང་ཏོག་འཐུ་བ། འཁྱགས་རོམ་དུས་སྟོན་སྐབས་དགུ་བ། བོད་ཁྱིམ་ནས་ལོ་སར་བྱེད་པ་སོགས་ཐུན་མིན་ཁྱད་ཆོས་ལྡན་པའི་བྱ་འགུལ་མང་པོ་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་དུ། ཁྲོ་ཆུ་རྫོང་གིས་ནུས་ཤུགས་གང་ཡོད་ཀྱིས་སྐྱེ་ཁམས་བདག་སྐྱོང་དང་འཛུགས་སྐྲུན་བྱས་ཏེ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱས་པ་རེད་དོ།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1