རྒྱལ་ཁབ་མང་པོའི་མཁས་དབང་པེ་ཅིང་དུ་འཛོམས་ནས་ཧི་མ་ལ་ཡའི་ས་ཁོངས་ཞིབ་འཇུག་ལ་གྲོས་བསྡུར་གནང་བ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-26


ཚོགས་འདུའི་ཡུལ་དངོས།
            ཟླ་10ཚེས་23ཉིན་ནས་ཚེས་24ཉིན་བར། ཧི་མ་ལ་ཡའི་ས་ཁོངས་ཞིབ་འཇུག་གི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་པེ་ཅིང་དུ་འཚོགས་ཡོད་ཅིང་། ཀྲུང་གོ་དང་ཨ་རི། དབྱིན་ཇི། རྒྱ་གར། བལ་ཡུལ། ལྗར་པན། ནོར་ཝེ་སོགས་རྒྱལ་ཁབ་ལྔ་བཅུ་ལྷག་ཙམ་གྱི་མཁས་དབང་ད་ཐེངས་ཀྱི་ཚོགས་འདུར་ཞུགས་ཡོད།
         ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་ནི་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་བོད་ཀྱི་རིག་མཛོད་ཀྱིས་གཙོ་གཉེར་བྱས་པ་དང་།  “སྲོལ་རྒྱུན་དང་འཕོ་འགྱུར”ཞེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཚོགས་པ་འཛུགས་སྐྱོང་དང་ཧི་མ་ལ་ཡའི་ས་ཁོངས་འཕེལ་རྒྱས་གཏོང་རྒྱུ། ཧི་མ་ལ་ཡའི་ས་ཁོངས་ཀྱི་སྲོལ་རྒྱུན་སྤྱི་ཚོགས་དང་རིག་གནས། “ རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཨེ་ཤ་ཡ་ལྷོ་མའི་བགྲོད་ལམ་ཆེན་པོ་འཛུགས་སྐྲུན། ཀྲུང་གོའི་བོད་ཁུལ་གྱི་འཕེལ་རྒྱས་ལག་ལེན་དང་ཉམས་མྱོང་། རྒྱལ་སྤྱིའི་བོད་རིག་པ་ཞིབ་འཇུག་གི་མདུན་གྲས་གནད་དོན་དང་གནས་སྟངས་སོགས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་པ་རེད།
       ལོ་རྒྱུས། ཆབ་སྲིད། དམངས་སྲོལ། སྒྱུ་རྩལ། མིའི་རིགས་རིག་པ། མི་རིགས་རིག་པ་སོགས་ལྟ་ཚུལ་མི་འདྲ་བ་སྤེལ་རེས་བྱས་ནས། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་སོ་སོའི་ཞིབ་འཇུག་གི་དོན་དངོས་དང་ཟུང་འབྲེལ་སྒོས། དོན་ཟབ་ཅིང་གོ་སླ་ལ་དོན་དངོས་རྒྱས་བཤད། ཆོད་གཏམ་བཏོན་ཏེ་དོན་དངོས་ལ་མཛུབ་སྟོན་བཅས་བྱས་ཡོད་པ་དང་། གྲོགས་པོ་གསར་རྙིང་མཉམ་དུ་འཛོམས་ནས་མ་འོངས་པའི་སྐོར་ལྷུག་པོར་གླེང་ཡོད།
       ཧི་མ་ལ་ཡའི་ས་ཁོངས་ཞིབ་འཇུག་གི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་དེ་2017ལོར་སྤེལ་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཧི་མ་ལ་ཡའི་ས་ཁོངས་ཞིབ་འཇུག་སྔར་ལས་ལྷག་པ་ཞིག་ཡོང་བ་དང་། རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་དང་མཁས་དབང་བར་སྤེལ་རེས་ཀྱི་སྟེགས་བུ་ཞིག་སྐྲུན་ཆེད་ཡིན།
བལ་ཡུལ་གྱི་མཁས་དབང་Mrigendra Bahadur Karkiཡིས་བགྲོ་གླེང་ཚོགས་འདུའི་ཐོག་གཏམ་བཤད་པ།

ཚོགས་འདུའི་ཡུལ་དངོས།

ཚོགས་འདུའི་ཡུལ་དངོས།

གྲོས་ཚོགས་ཡུལ་དངོས་ཀྱི་དུས་མཉམ་སྐད་སྒྱུར།

ཚོགས་ཞུགས་སྐུ་མགྲོན་དང་མཉམ་དུ་དྲན་རྟེན་གྱི་ཚུལ་དུ་པར་ལེན་པ།

ཡུལ་དངོས་སུ་འབྲེལ་ཡོད་ཀྱི་དཔེ་སྐྲུན་དངོས་པོ་འགྲེམས་སྟོན་བྱས་པ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1