གསར་དུ་བཟོ་བཅོས་བརྒྱབ་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་སློབ་སྦྱོང་གཏིང་ཟབ་བྱ་དགོས།

མཁའ་འགྲོ་མཚོ། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 10-29



        ཟླ་10བའི་ཚེསམ25ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ལྟེ་བའི་ཚན་ཆུང་གིས་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་ནས། གཅིག་བསྡུས་སྒོས་གསར་དུ་བཟོ་བཅོས་བརྒྱབ་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་ལ་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་ཚོགས་འདུ་ལ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་།

        ཁོང་གིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་གསར་དུ་བཟོ་བཅོས་བརྒྱབ་པའི་སྲོལ་ཡིག་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། གོམ་གང་མདུན་སྤོས་སྒོས་འདུ་ཤེས་བཞི་བརྟན་པོར་འཛུགས་པ་དང་། སྒྲིག་ཁྲིམས་ཁྲིམས་སྲོལ་ནན་ཅིང་ཁ་གསལ་བྱས་ནས། དོན་དངོས་སྒོས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་བསྣན་ཏེ། མུ་མཐུད་དུ་རང་རེའི་ཞིང་ཆེན་གྱི་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དེ་གཏིང་ཇེ་ཟབ་དུ་གཏང་དགོས་ཞེས་བསྟན། 
        ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་དབྱིན་ལི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙིན་ཕིང་བཅས་སློབ་སྦྱོང་དུ་ཞུགས། སློབ་སྦྱོང་ཚོགས་འདུའི་ཐོག་ཏུ་འབྲེལ་ཡོད་ཆེད་མཁས་པས་ཆེད་དོན་འཆད་ཁྲིད་གནང་བ་དང་། ཞིང་ཆེན་ཏང་ཨུའི་ལྟེ་བའི་ཚན་ཆུང་གི་ཁོངས་མིས་གསར་དུ་བཟོ་བཅོས་བརྒྱབ་པའི་སྲོལ་ཡིག་ལ་དམིགས་ཏེ་བརྗེ་རེས་གཏམ་བཤད་བྱས་པ་རེད། ཚང་མས་སྲོལ་ཡིག་གིས་ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཏང་ནན་གྱིས་སྐྱོང་བ་དང་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་བཅས་ལ་ཡང་བསྐྱར་བཀོད་སྒྲིག་བྱས་པས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་གིས་ལྷོད་གཡེང་མེད་པར་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་གཏོང་བའི་འགྱུར་མེད་ཀྱི་སེམས་པ་དང་འགན་འཁྲི་ཁུར་སེམས་དེ་ལེགས་པར་མངོན་པས། ངེས་པར་དུ་སྔར་ལས་ལེགས་པའི་སྒོ་ནས་སྒྲིག་ཁྲིམས་འཛུགས་སྐྱོང་གི་རལ་གྲི་རྣོན་པོའི་ནུས་པ་འདོན་བྱས་ནས། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དེ་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་གཏོང་བར་སྐུལ་འདེད་གཏང་དགོས།
        ཕེང་ཆིང་ཧྭ་ཡིས་བསྟན་དོན། ངེས་པར་དུ་སྲོལ་ཡིག་གི་ཕུན་སུམ་ཚོགས་པའི་ནང་དོན་དང་ལྟེ་བའི་སྙིང་དོན་ལ་གོ་བ་ཡང་དག་ལེན་དགོས་པ་དང་། ནམ་ཡང་ལམ་ན་ཡོད་པའི་སེམས་འདུན་དང་འགོག་མེད་ཀྱི་སེམས་པ་ཡིས་ལག་བསྟར་དོན་འཁྱོལ་ཡོང་བར་འབབ་དགོས་པ་དང་། སྒྲིག་ཁྲིམས་འཛུགས་སྐྱོང་གི་ཆབ་སྲིད་རང་བཞིན་ལ་གོ་བ་ཟབ་མོ་ལེན་པ་དང་། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་འཛུགས་སྐྱོང་དེ་གོ་གནས་དང་པོར་བཞག་ནས། བློ་བརྟན་འགྱུར་མེད་སྒོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱ་དགོས་པ་དང་། སྒྲིག་ཁྲིམས་འཛུགས་སྐྱོང་གི་དུས་རབས་རང་བཞིན་ལ་གོ་བ་ཟབ་མོ་བླངས་ནས། ཁྱོན་ཡོངས་ནས་མི་དམངས་ལྟེ་བ་བྱས་པའི་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་མི་དམངས་མང་ཚོགས་ཀྱིས་བཏོན་པའི་གནས་དོན་འབུར་དུ་ཐོན་པ་དག་གཡོ་བསྲང་བྱེད་པ། སྒྲིག་ཁྲིམས་འཛུགས་སྐྱོང་གི་ཁ་གཏད་རང་བཞིན་ལ་གོ་བ་གཏིང་ཟབ་བླངས་ནས། རྒྱུན་མཐུད་དུ་སྲོལ་གཙང་རུལ་རྒོལ་སྐུལ་འདེད་གཏོང་བར་ཤུགས་བསྣན་ནས། ཏང་གི་སྒྲིག་ཁྲིམས་དག་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་དང་ལས་བྱེད་པ་དག་གི་ཁྲོད་དུ་དོན་ཐོག་ཏུ་འབབ་པ་དང་ནན་མོར་གྱུར་བར་སྐུལ་འདེད་གཏང་དགོས་ཞེས་གསུངས།
        ཕེང་ཆིང་ཧྭ་ཡིས། སྲོལ་ཡིག་གི་ཕན་ནུས་ལག་བསྟར་དོན་འཁྱོལ་བྱེད་པ་དེ་ཆེས་མཐའ་མཇུག་ཏུ་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པའི་སྡེ་འཛུགས་སྐྲུན་གྱི་ཁྲོད་དུ་མངོན་དགོས་པ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་ཆེན་མོ་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་གི་ཕན་ནུས་དངོས་ཀྱི་སྟེང་དུ་མངོན་དགོས། རླབས་ཆེན་གྱི་ལས་གྲྭ་དེ་རླབས་ཆེན་དུ་ལས་དོན་ཞབས་ཞུ་རུ་འཛིན་པ་དང་། དཔལ་འབྱོར་བརྟན་འཇགས་འཕེལ་རྒྱས་ཡོང་བ་དང་ཁུལ་ཆེན་པོ་ལྔ་མཐུན་སྦྱོར་འཕེལ་རྒྱས་འགྲོ་བ། རྨང་གཞིའི་སྒྲིག་གཞི་གལ་ཆེན་འཛུགས་སྐྲུན། དབུལ་བྲལ་འགག་སྒྲོལ། ཉེན་ཁ་སྔོན་འགོག འབག་བཙོག་འགོག་བཅོས། ལས་ཁུངས་བཅོས་སྒྱུར།ཞིང་བ་ལས་མའི་ཞབས་ཞུ་སོགས་ལས་ཀ་དམ་འཛིན་བཟང་བོ་བྱས་ནས། སྒྲིག་ལམ་ནན་མོས་ཏང་ཀྲུང་དབྱང་གི་འཐབ་ཇུས་ཆེན་མོ་དང་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས་ཞེས་ནན་གྱིས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1