2018ལོའི་རྔ་བ་ཁུལ་ཚན་རྩལ་ཁང་སློབ་གྲྭར་བསྐྱོད་པའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཁྲོ་ཆུ་རྫོང་རྡོ་ཁ་ཆ་ཚང་སློབ་ཆུང་ནང་ནས་འཚོགས་པ་རེད། ཐེངས་འདིའི་བྱེད་སྒོས་སློབ་མ་ཚོར་ཚན་རིག་ཤེས་བྱ་ངོ་སྤྲོད་དང་ཚན་རིག་ཕུགས་འདུན་གྱི་བློ་སྒོ་བྱས།
བྱེད་སྒོའི་ཐོག་ཏུ་དགེ་རྒན་ཚོས་ཚན་རིག་ཚོད་ལྟ་བྱས་པ་དང་སློབ་མ་ཚོ་ལ་ཚན་རིག་སྣང་ཚུལ་འགྲེམས་སྟོན་མི་ཉུང་བ་བྱས་པར་མ་ཟད། ཚན་རིག་རིག་གནས་དང་ཚན་རིག་གི་རྩ་བའི་རིགས་པ་སོགས་གསལ་སྟོན་བྱས།