དཀར་མཛེས་ཁུལ་གྱི་འབྲེལ་ཡོད་རྫོང་གིས་མང་ཚོགས་གནོད་གཡོལ་ལས་ཀ་ཧུར་ཐག་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-06


དཔལ་ཡུལ་རྫོང་གིས་ནུས་ཤུགས་ཡོད་རྒུས་འཕྲལ་སྒྲུབ་ཉེན་སེལ་ལས་ཀ་སྤེལ།

        སྤྱི་ཟླ11པའི་ཚེས3ཉིན་པད་དགེ་ཆུ་བསྐྱིལ་མཚེའུ་ཡི་ཉེན་ཁའི་གནས་ཚུལ་བྱུང་རྗེས། དཔལ་ཡུལ་རྫོང་གིས་མགྱོགས་མྱུར་དུ་འཕྲལ་སྒྲུབ་སྔོན་ཇུས་ལག་བསྟར་བྱས་ཡོད་ཅིང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་དང་དཔལ་ཡུལ་རྫོང་ཨུའི་ཧྲུའུ་ཅི་ཁང་ཀོང་ཡིའུ་ཡིས་བཀོད་འདོམས་དཔོན་གྱི་འགན་བཞེས་པའི་འཕྲལ་སྒྲུབ་བཀོད་འདོམས་པུའུ་བཙུགས་ཡོད།  བཀོད་འདོམས་དེ་ལས་ཡུལ་དངོས་ཐག་གཅོད་དང་ཕྱོགས་བསྡུས་མཐུན་སྦྱོར། སྟོབས་ཤུགས་འགན་སྲུང་། མཁོ་སྒྲུབ་འགན་ལེན། འཕྲིན་གཏོང་འགན་སྲུང་།  འགྲོ་ལམ་འགན་ལེན། དྲིལ་བསྒྲགས་འཕྲིན་སྤེལ་བཅས་ཀྱི་ཚོ་ཆུང་སྒྲིག་བཀོད་བྱས་ཡོད་པས་མ་ཚད་མང་ཚོགས་ཁ་བཀྲམ་ཚོ་ཆུང5བཙུགས་ཡོད་པས་ཚང་མས་ཡུལ་དངོས་བསླེབས་ཏེ་ཉེན་སེལ་ལས་ཀ་སྤེལ་བཞིན་ཡོད་པ་རེད། དཔལ་ཡུལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་ཏུང་གིས་ཆུ་དོན་ཅུས་དང་རྒྱལ་ས་ཐོན་ཁུངས་དོན་དམ་ཅུས། སྤྱི་བདེ་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་མི་སྣ་ཁྲིད་དེ་ལས་ཡུལ་དངོས་སུ་གནས་ཚུལ་ཞིབ་དཔྱད་བྱེད་པར་མངགས་ཡོད་ཅིང་། རྫོང་ཨུའི་ཧྲུའུ་ཅི་ཁང་ཀོང་ཡིའུ་དཔལ་ཡུལ་རྫོང་རོང་འགེབས་ཤང་དུ་བསྐྱོད་དེ་འཕྲལ་སྒྲུབ་ཉེན་སེལ་ལས་ཀར་བཀོད་འདོམས་བྱེད་བཞིན་ཡོད་པ་རེད།
        མིག་སྔར། དཔལ་ཡུལ་རྫོང་ཟླ་བ11པའི་ཚེས3ཉིན་གྱི་ཆུ་བསྐྱིལ་མཚེའུ་འཕྲལ་སྒྲུབ་ཉེན་སེལ་བཀོད་འདོམས་པུའུ་ཡུལ་དངོས་ཐག་གཅོད་ཚོ་ཆུང་ཕྱི་དྲོའི་ཆུ་ཚོད་དྲུག་ཕྱེད་ཐོག་ཡུལ་དངོས་སུ་བསླེབས་ཡོད་པ་དང་། མང་ཚོགས་ཁ་བཀྲམ་ཚོ་ཆུང་ལྔ་པོ་ཡང་འབྲུ་ཆུའི་འབབ་རྒྱུད་ཀྱི་གྲོང་རྡལ་གཅིག་དང་ཤང་ཁག་བཞི་རུ་བསྐྱོད་ནས་གྲོང་མི་ཚོ་ཉེ་འཚོལ་གྲོགས་བརྟེན་གཙོ་བོར་བྱས་ཏེ་གནོད་གཡོལ་བྱེད་དུ་བཅུག་པ་རེད། རྫོང་དེའི་སྡེ་ཚན་ཁག་དང་ཤང(གྲོང་རྡལ)ཁག་གིས་ཆུ་ཚོད24ལས་རེས་བྱེད་ཀྱི་ཡོད་ལ་སྲིད་ཁྲིམས་དང་སྤྱི་བདེ། མེ་གསོད། དྲག་ཆས་ཉེན་རྟོག ནགས་ཚལ་འཕྲལ་སྒྲུབ་མེ་གསོད་རུ་ཁག་སོགས་ཆེད་ལས་འགན་སྲུང་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཁྱོན་མི270གཅིག་སྡུད་བྱས་ཏེ་བཀའ་བསྒུགས་ནས་བསྡད་ཡོད་པ་རེད།

 

འབའ་ཐང་རྫོང་གིས་འབྲི་ཆུའི་འགྲམ་རྒྱུད་དུ་ཡོད་པའི་མང་ཚོགས་ཉེན་མེད་ཡོང་བར་ཁག་ཐེག་བྱས།

        ཟླ་བ11པའི་ཚེས3ཉིན་གྱི་ཕྱི་དྲོར། འབའ་ཐང་རྫོང་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྲེལ་མྱུར་གྱི་བརྡ་ཡིག་འཕྲོད་རྗེས་རྫོང་ཨུའི་ཧྲུའུ་ཅི་ཝང་ཡུས་ཆང་གིས་བྲེལ་མྱུར་ངང་འཕྲལ་སྒྲུབ་འགོག་ཟོན་བཀོད་འདོམས་པུའུ་ཡི་གྲུབ་མི་གཅིག་བསྡུས་བྱས་ཏེ་ཆེད་དོན་གྲོས་ཚོགས་འཚོགས་ཤིང་། དབྱེ་ཞིབ་དང་ཤན་འབྱེད་ནན་ཏན་བྱས་ཏེ་མགྱོགས་མྱུར་ངང་པད་དགེ་ཆུ་བསྐྱིལ་མཚེའུ་ཡི་གནོད་སྐྱོན་གྱི་གནས་ཚུལ་འཕྲུལ་སྒྲུབ་འགོག་ཟོན་བྱེད་ཐབས་ཀྱི་འབྲེལ་ཡོད་ལས་ཀ་བཀོད་སྒྲིག་བྱས་པ་སྟེ། གཅིག་ནི་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་། ཁུལ་ཨུའི་རྒྱུན་ཨུ་དང་ཞིང་ལས་ཨུ་ལྷན་གྱི་ཀྲུའུ་རེན་སུའུ་ཏ་ཁྲུན་སོགས་འགོ་ཁྲིད་ཀྱི་འབྲེལ་ཡོད་མཛུབ་སྟོན་གྱི་སྙིང་དོན་བརྒྱུད་བསྒྲགས་བྱས་ཤིང་། རྫོང་ཡོངས་ཀྱིས་དེ་མ་ཐག་ཏུ་འཕྲལ་སྒྲུབ་དང་ལེན་བྱ་དགོས། གཉིས་ནི་སྔར་ལས་ལྷག་པར་པད་དགེ་ཆུ་བསྐྱིལ་མཚེའུ་ཡི་འཕྲུལ་སྒྲུབ་འགོག་ཟོན་བཀོད་འདོམས་མ་ལག་འཐུས་སྒོ་ཚང་དུ་བཏང་ཞིང་། ལས་ཡུལ་དང་པོའི་བཀོད་འདོམས་ཚོ་ཆུང་གི་ནུས་པ་འདང་ངེས་ལེགས་སྒྲིག་བྱས་པ་དང་། རྫོང་རིམ་པའི་ཤང་གི་འགན་གཙང་ལེན་བྱེད་མཁན་འགོ་ཁྲིད་ཀྱིས་དངོས་སུ་རུ་སྣེ་ཁྲིད་ནས་བཀོད་འདོམས་ཀྱི་ལས་ཀ་བསྒྲུབ་པ། གསུམ་ནི་ལས་ཡུལ་དང་པོར་བཀོད་འདོམས་བྱེད་མཁན་ཚོ་ཆུང་བདུན་གྱིས་དེ་མ་ཐག་ཏུ་གནོད་སྐྱོན་གྱི་གནས་ཚུལ་དེ་དག་འབྲེལ་འདྲིས་བྱ་ཡུལ་ཤང་དང་གྲོང་རྡལ་ལ་བརྡ་ཁྱབ་བཏང་ནས། མངོན་མེད་རྐྱེན་ངན་བྱུང་ཉེན་ཆེ་སའི་མང་ཚོགས་ཡོད་ཚད་དང་ཁེ་ལས་ཀྱི་ལས་བཟོ་མི་སྣ་ཚང་མས་གནོད་སྐྱོན་གྱི་གནས་ཚུལ་ཤེས་པར་ཁག་ཐེག་བྱེད་ཅིང་།  དུས་མཚུངས་སུ་གཉེན་ཉེ་དང་གྲོགས་པོར་བརྟེན་པའི་བྱེད་ཐབས་སྤྱད་ནས། མགྱོགས་མྱུར་ངང་མངོན་མེད་རྐྱེན་ངན་ཡོད་ཁུལ་གྱི་མང་ཚོགས་ཉེན་མེད་ས་ཁུལ་དུ་གནོད་གཡོལ་བྱས་ནས་མཐའ་གཅིག་ཏུ་མང་ཚོགས་མི་གཅིག་ཀྱང་ཤི་རྨས་མེད་པ་བྱ་དགོས། བཞི་ནི་རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཚོགས་པ་དང་ཚོ་ཆུང3ལ་བགོས་ནས་རྫོང་སྤྱི་བདེ་ཅུས་ཀྱི་གནོད་སྐྱོན་བྱུང་ཚུལ་བཀོད་འདོམས་ལྟེ་གནས་སུ་ཆུ་ཚོད24རིང་རེས་སྐོར་ལས་གནས་གཏན་སྲུང་བྱས་ཤིང་། གཅིག་གྱུར་གྱིས་རྫོང་ཡོངས་ཀྱི་གནོད་སྐྱོན་འགོག་ཟོན་བྱེད་པའི་ལས་དོན་བསྒྲུབས། ལྔ་ནི་རྒྱབ་ཕྱོགས་ཀྱི་ཞབས་འདེགས་ལས་སྒྲུབ་ཚོ་ཆུང་གིས་རྫོང་ཡོངས་ཀྱི་རླངས་འཁོར་དང་དངོས་ཟོག་ཁྱོན་ཡོངས་སུ་བསྡོམས་རྩིས་བྱས་ནས་ནམ་ཡང་རོགས་སྐྱོར་བྱེད་པར་བཀའ་བསྒུག་དགོས་པའི་རེ་བ་བཏོན། 

        མིག་སྔར། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཅིག་གྱུར་གྱི་བཀོད་སྒྲིག་ལྟར། རྫོང་དེའི་འཕྲུལ་སྒྲུབ་འགོག་ཟོན་བཀོད་འདོམས་མ་ལག་ཁྱོན་ཡོངས་སུ་འཁོར་སྐྱོད་བྱེད་འགོ་བཙུགས་ཤིང་། འཕྲལ་སྒྲུབ་ལས་སྒྲུབ་ཚོ་ཆུང་གིས་ཉེན་འགོག་ལས་ཀ་སྒྲུབ་གྲབས་ཡོད་པ་དང་།  རྫོང་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ2300 ཡུལ་དམག130   ཆེད་ལས་རོགས་སྐྱོར་མི་སྣ་སོགས་གཅིག་བསྡུས་བྱས་ཏེ་བཀའ་སྒུག་བཞིན་པ་རེད། རྫོང་རིམ་པའི་འགོ་ཁྲིད8ཀྱིས་རུ་སྣེ་ཁྲིད་ནས་འབྲེལ་འདྲིས་བྱ་ཡུལ་གྱི་ཤང་དང་གྲོང་རྡལ་དུ་ཕྱིན་ནས། ལས་ཡུལ་དང་པོའི་མང་ཚོགས་ཕྱིར་འཐེན་དང་གནས་སྤོ་བཀོད་སྒྲིག་བྱེད་པ་དང་འཕྲལ་སྒྲུབ་འགོག་ཟོན་གྱི་ལས་ཀ་བསྒྲུབས་པ་རེད། ཚེས4ཉིན་གྱི་ཆུ་ཚོད10པའི་བར་ཐོག་མའི་བསྡོམས་རྩིས་བྱས་པར་གཞིགས་ན། རྫོང་དེའི་མཚེའུ་ཟུར་དུ་གནས་པའི་ཤང་དང་གྲོང་རྡལ8དང་འབྲེལ་བའི་སྡེ་བ15ཡི་དུད་ཚང244ཡི་མི་གྲངས3441ལ་འཇིགས་སྣང་ཐེབས་ནས། (ཨར་ལས་རྒྱག་མཁན་ཁེ་ལས་ལས་བཟོ་པ་དང་། ལས་བྱེད་པ། སློབ་མ་འདུས་པ)དུད་ཚང109ཡི་མི་གྲངས1039ཚང་མ་གནས་སྤོ་བྱས་ཟིན། གཞན་པའི་མི་སྣ་དང་འཕྲུལ་འཁོར་གནད་ཆེན་དེ་དག་ཚང་མ་གོ་རིམ་ལྡན་པའི་སྒོས་ཕྱིར་འཐེན་བྱེད་བཞིན་པའི་སྒང་ཡིན་པ་རེད།།


སྡེ་རོང་རྫོང་གིས་གནོད་འཇིགས་ཐེབས་ཉེན་ཡོད་པའི་མང་ཚོགས་གནོད་གཡོལ་བཀོད་སྒྲིག་བྱས།
        ཟླ་བ11ཚེས3ཉིན་གྱི་ཕྱི་དྲོར་སྡེ་རོང་རྫོང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་པད་དགེ་རུ་སླར་ཡང་རི་ཉུལ་ཏེ་ཆུ་བསྐྱིལ་མཚེའུ་ཆགས་པའི་སྐོར་གྱི་ཁ་པར་བརྡ་ཐོ་འབྱོར་རྗེས། དེ་མ་ཐག་ཏུ་འཕྲལ་སྒྲུབ་སྔོན་ཇུས་བཀོད་དེ། རྫོང་ཨུའི་ཧྲུའུ་ཅི་ལུའེ་ཅན་ཞིན་དང་རྫོང་དཔོན་ཕུར་དགས་མྱུར་མགྱོགས་ཀྱིས་འབྲི་ཆུའི་རྒྱུད་ཀྱི་སྒོང་པོ་དང་ཞོལ་ལུང་། རི་ལུང་། ཆུ་གཡར་སྒང་། ཝ་ཁ་བཅས་ཤང་དང་གྲོང་རྡལ་ལྔ་ཡི་མང་ཚོགས་གནོད་གཡོལ་བཀོད་སྒྲིག་དང་ཆུ་གནས་ལྟ་ཞིབ་ཚད་ལེན་སོགས་ཀྱི་ལས་ཀ་སྤེལ་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་ཉེན་མེད་བདེ་འཇགས་ཡོང་བར་འགན་ལེན་བྱས། མིག་སྔར། ཤང་དང་གྲོང་རྡལ་ལྔ་ཡི་ལས་བྱེད་པ་དང་ཤང་གྲོང་མངགས་གཏོང་ཁང་གི་ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་གནོད་གཡོལ་བཀོད་སྒྲིག་གི་ལས་ཀ་ཞུགས་པ་དང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་གཞུང་ལས་ཁང་དང་རྫོང་ཆུ་དོན་ཅུས། རྫོང་དམངས་སྲིད་ཅུས། རྫོང་རྒྱལ་ཁབ་ས་ཁོངས་ཅུས། རྫོང་བདེ་བཤེར་ཅུས། རྫོང་སྤྱི་བདེ་ཅུས་བཅས་སྡེ་ཚན་ཁག་གིས་ཆུ་ཚོད24ཡི་རིང་ལ་འཕྲལ་སྒྲུབ་ལས་རེས་ཀྱི་ལམ་སྲོལ་སྤེལ་འགོ་ཚུགས།རྫོང་ཡུལ་དམག་འཕྲལ་སྒྲུབ་ཡན་ལག་རུ་ཁག་གི་མི60ལྷག་གིས་བཀའ་སྒུག་བྱས་ཏེ་འཕྲལ་སྒྲུབ་དངོས་ཟོག་དང་ཉེན་ཁ་མྱུར་སེལ་འཕྲུལ་ཆས་དང་ཡོ་བྱད་སོགས་གྲ་སྒྲིག་བྱས།
        ཚེས3ཉིན་གྱི་དགོང་མོའི་ཆུ་ཚོད22:00པར། རྫོང་རིམ་པའི་འགོ་ཁྲིད་བརྒྱད་ཀྱིས་རྫོང་རིམ་པའི་འབྲེལ་གཏུག་སྡེ་ཁག་གི་འགན་ཁུར་པ་རྣམས་སྣེ་ཁྲིད་དེ་ཤང་གྲོང་ལྔ་རུ་སོང་ནས་འཕྲལ་སྒྲུབ་མཛུབ་ཁྲིད་བྱས་པ་དང་། ལས་བྱེད་དང་ལས་བཟོ་པ150 ཡུལ་དམག60 སྤྱི་བདེའི་ལས་བྱེད་ཉེན་རྟོག་པ23བཅས་ཧུར་ཐག་གིས་མང་ཚོགས་གནོད་གཡོལ་ལས་ཀར་ཞུགས་པ་རེད། ཚེས4 ཉིན་གྱི་སྔ་དྲོའི་ཆུ་ཚོད་དགུ་ཕྱེད་སྟེང་། དུད་ཚང196གི་མི་གྲངས1086ཉེ་འཚོལ་གྲོགས་བརྟེན་གྱི་བྱ་ཐབས་སྤྱད་ནས་ཚང་མ་འོས་འཚམ་བཀོད་སྒྲིག་བྱས་པ་རེད། ཡུལ་དམག120དང་། སྤྱི་བདེའི་ལས་བྱེད་ཉེན་རྟོག་པ30ཡིས་འཕྲལ་སྒྲུབ་བཀའ་སྒུག་བྱས་ནས་ཉལ་གོས་དང་གཏེར་ཆུ། མགྱོགས་ཐུག་སོགས་འཕྲལ་སྒྲུབ་དངོས་ཟོག་སྔ་རྗེས་སུ་གནོད་འཇིགས་ཐེབས་པའི་ཤང་གྲོང་དུ་དབོར་འདྲེན་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1