འོད་སྟོང་རབ་ཏུ་འཕྲོ་བའི་ནོར་བུ།

བྲག་འགོ་ཉི་མས་བྲིས། ཚུལ་ཁྲིམས་བཟང་པོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-06


        སྔར་ནས་བཟུང་སྐྱེ་བོ་དུ་མ་ཞིག་གིས་བོད་ཀྱི་གཙུག་ལག་ནོར་བུའི་བང་མཛོད་དུསྔར་ནས་བཟུང་སྐྱེ་བོ་དུ་མ་ཞིག་གིས་བོད་ཀྱི་གཙུག་ལག་ནོར་བུའི་བང་མཛོད་དུ་གྲགས་པའི་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་འདི་ཉིད་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་པར་འདེབས་བྱ་ཡུལ་ཙམ་དུ་ངོས་འཛིན་བཞིན་ཡོད། འབྲེལ་ཡོད་ཆེད་མཁས་པ་ཉུང་ཤས་ལས་སྡེ་དགེ་པར་ཁང་འདི་ཉིད་དོན་དངོས་སུ་དངོས་མང་དང་བཟོ་སྐྲུན། པར་འདེབས་དཔེ་སྐྲུན། གསོ་རིག་ཞིབ་འཇུག་དང་ སྒྱུ་རྩལ་གསར་གཏོད་སོགས་སྣ་མང་གཅིག་ཏུ་འདུས་པའི་གཙུག་ལག་ཁང་ཞིག་ཡིན་པ་རྟོགས་མཁན་ཤིན་ཏུ་ཉུང་། ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་བོད་རྒྱ་ཡིག་རིགས་གཉིས་བར་ལོ་ཙཱ་ཚུལ་མཐུན་མ་བྱས་པའི་དབང་གིས་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་འདི་ཉིད་སྔར་ནས་བཟུང་ཆོས་ལུགས་ཁོ་ནའི་རིགས་སུ་བསྡུས་པས། སྡེ་དགེ་པར་ཁང་གི་བྱེད་ནུས་གཞན་དག་ཀྱང་རང་བཞིན་གྱིས་སྣང་མེད་དང་སྦས་གསང་གི་ཡུལ་དུ་གྱུར། དེང་དུས། ང་ཚོས་ད་དུང་སྔར་བཞིན་རྒྱ་ཡིག་ཐོག་ཏུ་སྡེ་དགེ་ཆོས་དཔེ་པར་འདེབས་ཁང་ཞེས་པའི་མིང་འདི་སྤྱོད་བཞིན་ཡོད་པ་དེ། གཅིག་ནས་གཏན་ཕབ་རང་འགྲིག་གི་རྒྱུ་རྐྱེན་ཡིན་པ་དང་གཉིས་ནས་འདུ་ཤེས་ཀྱི་རྣམ་པ་དེ་ལྟར་ཆགས་ཟིན་པར་གུ་ཡངས་བྱས་པ་རེད།

        སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་འདི་ཉིད་དུས་རབས་18པར་བསྐྲུན་ཞིང་། བགྲང་བྱ་300ལ་ཉེ་བའི་འཕེལ་རྒྱས་བརྒྱུད་ནས་བོད་ཀྱི་རིག་གནས་ཡོངས་ཀྱི་ཁྲོད་ཆེས་ཆ་ཚང་ཞིང་ཚབ་མཚོན་རང་བཞིན་ཆེ་ཤོས་ཀྱི་རིག་གནས་ཀྱི་ལྟེ་གནས་སུ་གྲུབ་པ་དང་། འདི་ནི་མིང་དོན་མཚུངས་པའི་བོད་ཀྱི་རིག་གནས་བང་མཛོད་ཅིག་ཡིན། རིག་གནས་བང་མཛོད་དེ་རུ་ཉར་བའི་དཔེ་དཀོན་ཁ་ཤས་ནི་འཛམ་གླིང་ཡོངས་ལ་མེད་ཅིང་། དེ་ལས་ལེགས་སྦྱར་དང་བོད་ཡིག་ཤན་སྦྱར་ཅན་གྱི་པར་ཤིང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ། བོད་ཀྱི་ཐང་གའི་ལུགས་ཆེན་བཞིའི་མཁས་དབང་རྣམས་ཀྱིས་བྲིས་པའི་བརྩམས་ཆོས་ལྷ་པར་འདུས་ཡོད་ལ། ཀུན་ཀྱང་མིའི་རིགས་ཀྱི་རིག་གནས་ཤུལ་བཞག་ཁྲོད་ཀྱི་ནོར་བུ་ཞིག་རེད། དེའི་རྐྱེན་གྱིས་ད་གཟོད་འཛམ་གླིང་མིའི་རིགས་རིག་གནས་རྗེས་ཤུལ་རྩ་འཛུགས་ཨེ་ཤ་ཡ་ཞི་བདེ་རྒྱ་མཚོའི་ས་ཁུལ་གྱིས་སྡེ་དགེ་པར་ཁང་འདི་ཉིད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཛམ་གླིང་མིའི་རིགས་ཀྱི་རིག་གནས་དྲན་ཤེས་ཞེས་པའི་ལས་གཞི་རུ་ཐོག་མར་ཁྱབ་སྤེལ་གཏང་རྒྱུའི་གྲས་སུ་བཞག་ཡོད།

        ནུས་པ་སྣ་མང་འཛོམས་པའི་བོད་ཀྱི་རིག་གནས་བང་མཛོད་ཅིག་ཡིན་པའི་ཆ་ནས་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོའི་ལོ་རྒྱུས་རིན་ཐང་ནི་སྣང་མེད་བྱ་མི་རུང་བ་ཞིག་ཡིན། བགྲང་བྱ་300ཡི་ཡར་སྔོན་དུ་རང་བྱུང་ཁོར་ཡུག་ཧ་ཅང་ཉམ་ང་ཞིང་ཐོན་སྐྱེད་རྒྱུ་ཆ་ཤིན་ཏུ་རྗེས་ལུས་དབུལ་ཕོངས་ཡིན་པའི་གནས་ཚུལ་འོག །གཞི་ཁྱོན་ཆེ་ཞིང་ནུས་པ་ཆ་ཚང་ལྡན་པའི་གཙུག་ལག་ཁང་ཞིག་འཛུགས་སྐྲུན་བྱ་དགོས་ཚེ། དེ་ལ་བློ་གྲོས་ལྡན་དགོས་པས་མ་ཚད་མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱང་ལྟ་བྱེད་པའི་མིག་རྒྱང་དང་སྤྱི་ཚོགས་ལ་འགན་ཁུར་བའི་སེམས་པ་དྲག་པོ་ཞིག་ཀྱང་ལྡན་དགོས། དེ་བས་སྡེ་དགེ་པར་ཁང་དངོས་སུ་མ་བཞེངས་པའི་ཡར་སྔོན་དུ། སྡེ་དགེའི་མཁས་དབང་རྣམས་ཀྱིས་པར་ཤིང་རྐོ་བ་དང་ཤོག་བཟོ་པར་འདེབས་སོགས་ཀྱི་ཐད་ལ་འཚོལ་ཞིབ་གང་མང་གནང་ཟིན་པ་མ་ཟད། རིག་གནས་ཤེས་བྱ་རྣམས་གླེགས་བམ་རྣམ་པས་མུ་མཐུད་དུ་བོད་ཁུལ་ལ་སྤེལ་འགོ་བརྩམས། གཞི་ཁྱོན་ཆ་ཚང་གྲུབ་རྗེས། སྡེ་དགེ་པར་ཁང་གིས་ཡང་མཚན་ཉིད་རིག་པ་དང་ནང་དོན་རིག་པ། རྩོམ་རིག་སྒྱུ་རྩལ། གསོ་བ་རིག་པ། བརྡ་སྤྲོད་རིག་པ། ལོ་རྒྱུས་རིག་པ། ཟློས་གར་རིག་པ། རོལ་དབྱངས་ཀྱི་དབྱངས་རྟ་རིག་པ་སོགས་བསྟན་བཅོས་འབོར་ཆེན་པར་དུ་བཏབ། བོད་ཀྱི་རིག་གནས་རྒྱུད་འཛིན་དང་བོད་ཁུལ་དུ་རིག་གནས་ཤེས་བྱ་ཁྱབ་སྤེལ་ཐད་ནུས་པ་ཤིན་ཏུ་གལ་ཆེན་ཐོན་ཡོད་པར་བསྙོན་དུ་མེད། སྡེ་དགེ་པར་ཁང་དུ་བཞུགས་པའི་པར་ཤར་སུམ་འབུམ་ཁྲོད། པར་ཤིང་རེ་རེ་ལའང་མིའི་རིགས་ཀྱི་རིག་གནས་གྲུབ་ཆ་མཐུག་པོ་ལྡན་ཡོད་ཅེས་ལབ་ཆོག་ལ། རྩོམ་རིག་སྒྱུ་རྩལ་དང་ལག་རྩལ་བཟོ་བཀོད། བོད་ལུགས་གསོ་རིག་གི་སྨན་སྦྱོར་རིག་པའི་ལག་ལེན་སོགས་དང་འབྲེལ་ནས་མི་རྣམས་ཀྱི་བློ་རྒྱ་བསྐྱེད་ཅིང་། སྲོལ་རྒྱུན་གྱི་འདུ་ཤེས་འཛིན་སྟངས་ལ་འགྱུར་ལྡོག་བྱུང་བ་དང་མི་རྣམས་ཀྱི་མིག་རྒྱ་འབྱེད་པ། བོད་རིགས་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་མཐོར་འདེགས་ཐད་ཕན་ནུས་མངོན་གསལ་དོད་པོ་བཏོན་ཡོད། ཁྱད་པར་དུ་སྡེ་དགེ་པར་ཁང་དུ་བཞུགས་པའི་ཐང་ག་སྒྱུ་རྩལ་གྱི་ཚད་གཞི་མཐོ་ཤོས་ཀྱི་ཚབ་མཚོན་དུ་གྲུབ་པའི་ལྷ་པར་དེ་དག་གིས་བྱང་ཆ་ཤིན་ཏུ་ཆེ་བའི་སྒྱུ་རྩལ་གྱི་ཐབས་ལ་བརྟེན་ནས་རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་ཀྱི་རིག་གནས་མཚོན་ཡོད། དུས་རབས་ཁ་ཤས་བརྒྱུད་པའི་སྨན་རྙིང་ལུགས་དང་ཀརྨ་སྒར་བྲིས་ཀྱི་ལུགས། སྨན་གསར་ལུགས་སོགས་འབྲི་བཞེངས་ལག་རྩལ་གྱི་ཆུ་ཚད་ཁྱད་དུ་འཕགས་པ་ལྡན་ཞིང་། བཟོ་རྒྱུན་འདི་དག་ཁྲོད་ཀྱི་ལྷ་བཟོ་རྩེར་སོན་དག་གིས་སྡེ་དགེ་པར་ཁང་དུ་སྒྱུ་རྩལ་གྱི་བརྩམས་ཆོས་གྱ་ནོམ་པ་བཞག་ཡོད། ནང་ཆོས་དང་འབྲེལ་བའི་གཏམ་རྒྱུད་ཡིན་ནའང་འདྲ། མ་ཟད་བོད་ཀྱི་ལོ་རྒྱུས་རིག་གནས་དང་འབྲེལ་བ་ཞིག་ཡིན་ཀྱང་རུང་། དེ་ཚང་མ་ལ་འཛམ་གླིང་མཛེས་རྩལ་ལོ་རྒྱུས་ཐོག་གི་མཆོག་གྱུར་བརྩམས་ཆོས་ཞེས་བརྗོད་ཆོག །

        རིགས་མཐུན་པར་ཁང་ཁག་ལས་སྡེ་དགེ་པར་ཁང་ཆོས་མཛོད་ཆེན་མོ་རུ་ཐུན་མོང་མ་ཡིན་པའི་རྩ་ཆེན་པར་ཤིང་ཡོད་པའི་རྒྱུ་མཚན་ནི། གཅིག་ནས་སྡེ་དགེ་པར་ཁང་གི་པར་ཤིང་ཡོད་དོ་ཅོག་བོད་ཀྱི་སྔོན་བྱོན་མཁས་དབང་དག་གིས་སྐུ་དངོས་སུ་ཞུ་དག་ནན་མོ་བྱས་ཏེ་གཏན་ལ་ཕབ་པས། སྤུས་དག་ནང་གི་རྩེ་གྲས་སུ་གྲགས། གཉིས་ནས་སྡེ་དགེ་པར་ཁང་གི་པར་བརྐོས་བཟོ་པ་རྣམས་མིང་དུ་གྲགས་པར་མ་ཟད། མི་རབས་ནས་མི་རབས་བར་དུ་རྒྱུད་འཛིན་བྱས་པ་ཤ་སྟག་ཡིན་པས། བཟོ་པ་རེ་རེའི་རྒྱུད་དུ་སྲོལ་རྒྱུན་གྱི་མན་ངག་ལྡན། རྒྱུ་མཚན་དེའི་དབང་གིས་ད་གཟོད་སྡེ་དགེ་པར་ཁང་ནི་བོད་ཀྱི་པར་ཁང་ཆེན་མོ་གསུམ་ལས་མིང་གྲགས་ཆེ་ཤོས་ཆགས། སྡེ་དགེ་པར་ཁང་གིས་བོད་ཀྱི་རིག་གནས་འཕེལ་འགྱུར་དང་སྤྱི་ཚོགས་ཡར་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པར་མ་ཟད། དེ་དང་དུས་མཚུངས་སུ་འཛམ་གླིང་མིའི་རིགས་ཀྱི་ཕུལ་བྱུང་རིག་གནས་རྒྱུན་མཐུད་ཐད་ལའང་གཞལ་དུ་མེད་པའི་མཛད་རྗེས་བཞག་ཡོད་ཅེས་བརྗོད་ཆོག །མིའི་རིགས་ཀྱི་རིག་གནས་ཤུལ་བཞག་རྒྱུན་མི་ཆད་པར་ཡལ་བཞིན་པའི་དེ་རིང་གི་དུས་སུ། སྡེ་དགེ་པར་ཁང་གིས་རང་གི་ལོ་རྒྱུས་ཀྱི་ཕན་ནུས་སྔར་ལས་མངོན་པར་བྱས། ལོ་རྒྱུས་ཀྱི་ཕན་ནུས་འདིའི་རིགས་ཀྱིས་ཀྲུང་གོའི་བོད་རིགས་ཀྱི་གནའ་བོའི་རིག་གནས་ཀྱི་སྟོབས་དང་ལྡན་པའི་གསོན་ཤུགས་མཚོན་པར་མ་ཟད། དུས་མཚུངས་སུ་བོད་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དེ་མུ་མཐུད་དུ་སྔོག་འདོན་དང་རྒྱུད་འཛིན་ཁྲོད་ཀྱི་རང་ཉིད་ལེགས་སྒྲིག་གི་ནུས་པ་མངོན། འདིའི་རིགས་ཀྱི་རིག་གནས་ནུས་པས་འགྲོ་བ་མིའི་རིགས་ཀྱི་དཔལ་ཡོན་ལ་རང་གི་བྱས་རྗེས་འཇོག་པ་གདོན་མི་ཟ་ཞིང་། རྒྱུ་མཚན་ནི་མིའི་རིགས་ཀྱི་རིག་གནས་ཁྲོད་ཀྱི་གཙུག་ལག་ནོར་བུ་ལས་ཀུན་གྱི་སེམས་ཁམས་གསལ་བའི་གཟི་བྱིན་འཕྲོ་ངེས། །  



དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པར་སྲིད་གཞུང་གིས་སྒོར་ཁྲི་ཉིས་བརྒྱ་ལྷག་བཏང་ནས་ཉམས་གསོ་བྱས་པའི་པར་ཁང་གི་གྱང་ངོས།

上世纪80年代政府投入200多万资金维修的印经院墙体


        一直以来很多人都误以为,被誉为藏族文化宝库的德格印经院只是一个印刷佛教经文的地方。除了相关专家,很少人知道其实“德格印经院”是一座集博物、制造、印刷出版、医药学研究、画廊为一体的多种功能书博院。由于历史的原因和藏汉两种文字之间翻译的缺陷,德格印经院长期以来被归类于宗教类别,而书博院的其它功能也就自然而然被忽略和掩盖了。今天,我们依然沿用“德格印经院”这个名字,一是因为约定俗成的原因,其次也是对那些因文化差异而形成一种观念的谅解。

        始建于18世纪的德格印经院,经过近 300年的发展和积累,已经成为整个藏族文化中最完备最具代表性的文化中心,是一座名副其实的藏族文化宝库。该印经院珍藏的一些孤本在全世界都绝无仅有,其中藏梵文对照刻版《般若八千颂》和汇集了藏族唐卡四大画派大师画作的版画,都是人类文化遗产中的瑰宝。正因为如此,世界人类文化遗产组织亚太地区才将“德格印经院”列为联合国“世界人类文化记忆”首推项目。

        作为集多种功能为一体的藏族文化宝库,德格印经院的历史价值是不容忽视的。在300年前,尤其是在当时自然环境非常恶劣、生产资料非常落后匮乏的状况下,建立起一座规模宏大、功能齐备的书博院,不仅需要智慧,而且需要拥有前瞻人类社会发展的深邃洞察力和强烈社会责任心。为此,在德格印经院正式创建前,德格的智者们就已经在书版雕刻和造纸印刷方面做了很多探索,并且将文化知识以书本形式不断向藏区进行传播。在其形成配套规模后,德格印经院又大量地把哲学、因明学、文学艺术、医药学、语言学、历史学、戏剧学、音乐乐谱学等典籍进行刊印。这无疑对藏族文化传承和文化知识在藏区传播起到了非常重要的作用。在德格印经院所珍藏的30万书版中,可以说每一个书版都包含着厚重的人类文化成分,有关文学艺术和工艺制造、藏医药理学运用等等,在启发人们思想、改变传统思维方式以及开阔人们视野和增强藏区民众健康体质方面发挥出显著效用。特别是德格印经院珍藏的代表唐卡艺术最高水准的版画作品,用极其精湛的艺术手法展示出博大精深的藏族文化;历经几个世纪的旧勉唐画派、噶玛嘎孜画派和新勉唐画派的绘画技法已经达到出神入化的程度,这些画派中最顶级的画家留给德格印经院的艺术作品,不管是有关佛教故事,还是涉及藏族历史文化的,都堪称为世界美术史上的经典之作。

        德格印经院之所以拥有同类中独一无二的珍贵书版,一是德格印经院所有书版都是经过藏族著名学者和先贤亲自精心编校定稿而成,被誉为书版精品中的精品;二是德格印经院的雕刻工匠都师出名门并代代相传,每个工匠都藏有祖传秘诀。正因为如此,德格印经院才能在藏区三大“印经院”中名列头魁。可以说,德格印经院不仅对藏族文化的发展变化和社会进步起到了积极作用,同时也为世界人类优秀文化的延续做出了不可估量的贡献。在人类文化遗产不断流失的今天,德格印经院更加彰显出了自己的历史作用。而这种历史作用不仅显示出中国藏族古老文化的强大生命力,同时也表现出藏族优秀传统文化在不断发掘与传承中自我调整的能力。这种文化的能力必将继续为人类文明做出自己的贡献,因为人类文化中的瑰宝一定会闪耀出照亮人们心灵的光芒。


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1